ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་2016ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་དེ་ཟླ་4ཚེས་10ཉིན་གྱི་སྔ་དྲོ་གཙུག་ལག་ཁང་དུ་གཉེར་བ་རེད། དགེ་ལུགས་པའི་གདན་ས་སེ་ར་དགོན་དང་། འབྲས་སྤུངས་དགོན། དགའ་ལྡན་དགོན་སོགས་དགོན་སྡེའི་དགེ་འདུན་པ་11དམ་བཅའ་འཇོག་པའི་རྩོད་རྒྱུགས་ནང་ཞུགས་པ་རེད། འདི་ནི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་གཉེར་ཡུལ་ཡིན་པ།