ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་དེབ་ཁང་སྟོད་ལུང་བདེ་ཆེན་ཆུས་དཔེ་དེབ་ཁང་དབུ་བརྙེས་པ།

2016-04-11

        སྤྱི་ཟླ4པའི་ཚེས 8ཉིན་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་དེབ་ཁང་སྟོད་ལུང་བདེ་ཆེན་ཆུས་དཔེ་དེབ་ཁང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་དབུ་བརྙེས་པ་དང་། དཔེ་དེབ་ཁང་དེའི་ནང་བོད་ཡིག་དཔེ་དེབ་དང་སློབ་མར་མཁོ་བའི་དཔྱད་གཞི། རིག་གཞུང་དཔེ་དེབ་སོགས་རིགས་ཁག་གི་དཔེ་དེབ་ཕུན་སུམ་ཚོགས་པོ་སྒྲིག་བཤོམས་བྱས་ཡོད་པས། ས་ཆ་དེ་གའི་དགེ་སློབ་དང་མང་ཚོགས་ཚོས་དཔེ་དེབ་ཉོ་སྒྲུབ་དང་དཔེ་དེབ་བལྟ་ཀློག་བྱ་རྒྱུར་སྟབས་བདེ་ཆེན་པོ་སྐྲུན་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག