ཉེ་ཆར། གསར་འགོད་པར་བོད་ལྗོངས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཐང་སྨད་འགག་འཕྲང་སྒྱུར་བཀོད་རྣམ་གྲངས་མཇུག་འགྲིལ་ལ་ཉེ། ལས་གྲྭ་མཇུག་འགྲིལ་རྗེས་སྐབས་དེར་ཁྲོན་བོད་གཞུང་ལམ་ཤར་གཏོང་ལ་བཀག་རྒྱ་བཟོ་བའི་ཐང་སྨད་འགག་འཕྲང་ནམ་ཡང་མེད་པར་འགྱུར་རྒྱུ་ཡིན་ཞིང་། འདི་ནི་ཟླ་4ཚེས་2ཉིན་བཟོ་པས་རྒྱལ་ལམ་318ཀྱི་འཕྲེད་ལུང་རོང་དུ་ཡོད་པའི་ཟམ་ཆེན་ཐོག་ལས་ཀ་བྱེད་བཞིན་ཡོད་པ།
ཤེས་རྟོགས་བྱུང་བར། 2012ལོ་ནས་བཟུང་། ཐང་སྨད་འགག་འཕྲང་དེ་ཁྲོན་བོད་གཞུང་ལམ་གྱི་སྒྱུར་བཀོད་ནང་བཅུག་ནས་ཕུག་ལམ་དང་ཟམ་པ་འཛུགས་སྐྲུན་གྱི་ལས་གྲྭ་འགོ་བཙུགས་ཤིང་། འདི་ནི་ཟླ་4ཚེས་2ཉིན་གསར་དུ་བསྐྲུན་པའི་རྒྱལ་ལམ་318གྱི་ཕུག་ལམ་102ནང་རླངས་འཁོར་འགྲོ་བའི་གནས་ཚུལ་ཡིན་པ།