ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དམངས་གཉེར་ཁེ་ལས་ཀྱིས་ལས་བསྡུའི་གཟའ་འཁོར་ནང་ལས་གནས་ཆིག་སྟོང་ཙམ་མཁོ་འདོན་བྱས་པ།

2016-04-14

        ཟླ་4ཚེས་8ཉིན་རང་ལྗོངས་ཀྱི་2016ལོའི“དཔྱིད་རླུང་བྱ་སྤྱོད་དམངས་གཉེར་ཁེ་ལས་ཀྱི་ལས་བསྡུའི་གཟའ་འཁོར”གྱི་ཆེད་དོན་ལས་བསྡུའི་ཚོགས་འདུ་དེ་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་དོ་དམ་ཞབས་ཞུའི་ལྟེ་གནས་སུ་གཉེར་བ་རེད། ད་ཐེངས་ཀྱི་ལས་བསྡུའི་ཚོགས་འདུར་ཁེ་ལས་107ཞུགས་ཡོད་པ་དང་ལས་གནས་ཆ་འཕྲིན་1959ཡོད་པ་དེའི་ནང་དམངས་གཉེར་ཁེ་ལས་87གྱིས་ལས་ཞུགས་ལས་གནས་1581མཁོ་འདོན་བྱས་པའི་ནང་གཞུང་ལས་ཁང་གི་དྲུང་ཡིག་དང་། རྩིས་པ། མི་ཤུགས་ཐོན་ཁུངས་དོ་དམ། གད་པ། ཟ་ཁང་གི་ཞབས་ཞུ་བ་སོགས་ཡོད་པ་དང་། ལས་བསྡུའི་ནང་ལས་ཀ་འཚོལ་མཁན་4300ལྷག་ཙམ་ཡོད་ཅིང་། འདི་ནི་ལས་ཀ་འཚོལ་མཁན་གྱིས་ལས་ཞུགས་ཆ་འཕྲིན་གྱི་རེའུ་མིག་འབྲི་བའི་གནས་ཚུལ་ཡིན་པ།

འབྲེལ་ཡོད་རྩོམ་ཡིག