ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

《གཏེར་ལེན་ཁའི་མཚན་མོར》ཨ་རིའི“ཆེས་ཕུལ་བྱུང་གློག་བརྙན་རོལ་མོའི་བྱ་དགའ”ཐོབ།

2016-04-13 རླུང་གཞོན།
        མཚོ་སྔོན་ལ་ཨ་རིའི་ལུང་པ་ནས་སྙན་གྲགས་རྒྱས་འདུག་སྟེ། མཚོ་སྔོན་ནས་ཡིན་པའི་དཔུང་སྡེ་ཞིག་ལ་ཧོ་ལའེ་བུའུ་བརྙན་སྟེགས་སུ་མཚན་སྙན་རྒྱས་ཡོད་ཅིང་། ཧོ་ལའེ་བུའུ་མི་སྣ་གྲགས་ཆོད་དག་གིས་གདན་འདྲེན་བྱས་ངོར་དྲན་རྟེན་མཉམ་པར་ཡང་བསྐྱོན་འདུག   
  ཡང་སྙིང་མི་གང་ཞིག་གི་ངོས་ནས་མཚོ་སྔོན་ལ་ཨ་རི་ནས་དགའ་བསུ་དེ་འདྲ་ཐོབ་པ་རེད་ཅེ་ན། 
  ཨ་རིའི་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༤པའི་ཚེས་༣་ཉིན། སྐབས༡༣པའི་འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་གྱི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་མཚོ་སྔོན་རང་ས་ནས་ཐོན་པའི་ཚྭ་འདམ་མི་རིགས་རོལ་དབྱངས་ཚོགས་པས་ལོ་ཧྲན་ཅིའི་ས་ཁུལ་ལ་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་ཤིང་། མཚོ་སྔོན་རང་སའི་གློག་བརྙན《གཏེར་ལེན་ཁའི་མཚན་མོ》ཞེས་པར་སྐབས༡༣པའི་འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་སྟེང《ཆེས་ཕུལ་བྱུང་གློག་བརྙན་རོལ་མོའི་བྱ་དགའ》ཐོབ་པ་དང་།འདི་ནི་རང་ཞིང་ལ་འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ་པ་ཐོག་མ་རེད།
དགོང་མོ་དེར་འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་གྱི་བྱ་དགའ་སྟེར་བའི་མཛད་སྒོ་མཇུག་རྫོགས་རྗེས་ཚོགས་ཞུགས་འཁྲབ་སྟོན་མི་སྣ་ཚང་མ་རང་རང་སར་ཕྱིན་འདུག་མོད། 《གཏེར་ལེན་ཁའི་མཚན་མོའི》པར་སྐྲུན་ཕྱོགས་ནི་སྔར་བཞིན་ཟང་ཟིང་འཁྲུག་ཆ་དོད་པར་གྱུར་ཡོད་པ་རེད།
  འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་གྱི་ཀྲུའུ་ཞི་སྐུ་དངོས་ཀྱིས《གཏེར་ལེན་ཁའི་མཚན་མོའི》པར་སྐྲུན་མཁན་ཨོ་རུ་རྒུ་དང་མཉམ་དུ་སྔར་བས་མཉམ་ལས་ཐད་གྲོས་མོལ་བྱས་ཡོད་དེ།ཧོ་ལའེ་བུའུ་ཡི་མི་སྣ་སྐད་གྲགས་ཅན་མང་པོས་ཚྭ་འདམ་མི་རིགས་རོལ་དབྱངས་ཚོགས་པ་ལྷན་དུ་མཉམ་པར་བསྐྱོན་པ་མ་ཟད། ཧོ་ལའེ་བུའུ་ཡི་འཁྲབ་ཁྲིད་པ་དང་།ངོས་སྦྱོར་པ་བཅས་སྐོར་དང་སྐོར་བྱས་ནས་ཚྭ་འདམ་མི་རིགས་རོལ་དབྱངས་ཚོགས་པ་འཁྲབ་སྟོན་དུ་གདན་འདྲེན་བྱེད་ཐད་ཀྱི་འབྲེལ་ཡོད་ལས་རིམ་ཐད་གྲོས་མོལ་གནང་ཡོད་འདུག
  ཆེས་ལེགས་པའི་གློག་བརྙན་རོལ་མོའི་བྱ་དགའ་ཐོབ། 
  གློག་བརྙན《གཏེར་ལེན་ཁའི་མཚན་མོ》ཞེས་པར་གཞོན་ནུ་འགས་རོལ་དབྱངས་ལ་འཚོལ་སྙེགས་བྱེད་པའི་བགྲོད་ལམ་སྟེང་བྱུང་བའི་ལང་ཚོའི་གཏམ་རྒྱུད་དང་དེ་བཞིན་འཚོ་བ་དང་སློབ་སྦྱོང་། བརྩེ་དུང་སོགས་ཐད་ཀྱི་འཚར་ལོངས་གོ་རིམ་བརྗོད་ཡོད་ལ།གཏེར་ལེན་ཁའི་སོག་པོ་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་དང་རོལ་དབྱངས་རིག་གནས་ཀྱི་ནང་དོན་ངོམས་ཡོད་པ་རེད།
  གློག་བརྙན་པར་སྐྲུན་ཕྱོགས་ཀྱི་ཨོ་རུ་རྒུ་ལྟར་ན《གཏེར་ལེན་ཁའི་མཚན་མོར》ཨ་རི་ནས་དགའ་བསུ་ཚད་མེད་ཐོབ་པ་མ་ཟད་འཛམ་གླིང་གི་མི་རིགས་གློག་བརྙན་དུས་ཆེན་གྱི《ཆེས་ཕུལ་བྱུང་གློག་བརྙན་རོལ་མོའི་བྱ་དགའ》ཐོབ་ཡོད་ལ། དེ་ལས་ཆེས་བཀྲག་མདངས་འཚེར་ས་ནི། གློག་བརྙན་དང་ཞིང་ཆེན་རིམ་པའི་མངོན་མིན་་ཤུལ་བཞག་རིག་གནས“གཏེར་ལེན་ཁ་གྲོང་ཁྱེར་གྱི་སོག་པོའི་སྒྲ་རིང་དམངས་གཞས”བརྗོད་བྱར་བཟུང་ནས་ཀྲུང་གོའི་གཙོ་རྒྱུགས་རྒྱུ་ཆ་དང་ཨ་རིའི་གྲོང་གསེབ་རོལ་མོར་མཉམ་འདྲེས་བྱས་ཐོག་གནའ་བོའི་སྲོལ་རྒྱུན་གྱི་དམངས་གཞས་ནུབ་ཕྱོགས་གྲོང་གསེབ་གླུ་དབྱངས་ཁྲོད“མཉམ་བསྲེས”བྱས་ཡོད་ཅིང་། དེས་ནི་འཛམ་གླིང་མི་རིགས་རོལ་དབྱངས་སྤེལ་རེས་ལ་སྐུལ་འདེད་བྱས་ཡོད་པ་མ་ཟད་དམངས་སྲོལ་རིག་གནས་དང་ནུབ་ཕྱོགས་རོལ་མོ་ལ་མཉམ་འདྲེས་གང་ལེགས་བྱས་ཡོད་པ་རེད། 
  ན་ནིང་ཟླ12པར་མཚོ་སྔོན་རང་ཡུལ་གྱི་གློག་བརྙན《གཏེར་ལེན་ཁའི་མཚན་མོ》ནི་གྱི་ལིང་རྟ་མཆོག་ཅིག་བཞིན། “2015ལོར་རྒྱལ་ཁབ་ཀྱི་གློག་བརྙན་རྩེ་གྲའི་ལས་གཞིའི་བྱ་དགའ”ཐོབ་རྗེས་སུ་ཡང་བསྐྱར2016ལོའི་སྐབས13པའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུ་ཚུད་པ་མ་ཟད་ཨ་རི་ནས་ཐོག་མའི་འཁྲབ་སྟོན་གནང་ཞིང་། སྔོན་དཔག་ལྟར་ན་འདི་ལོའི་ཟླ5པར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་བརྙན་ལམ་དྲུག་པ་དང་མཚོ་སྔོན་ས་གནས་ཀྱི་གློག་བརྙན་ཁང་དག་ཏུ་སྟོན་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག