ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་ལ་རིམ་པ་བཞིའི་མིང་ཐོའི་མ་ལག་གྲུབ་པ།

2016-04-13
        མིག་སྔར། བོད་ལྗོངས་ཡོངས་སུ་ཁྱོན་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་89དང་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་68ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་323དང་རང་སྐྱོང་ལྗོངས་རིམ་པའི་རྒྱུད་འཛིན་པ་350ཡོད་པ། ས་ཁུལ་གྲོང་ཁྱེར་རིམ་པའི་རྣམ་གྲངས་109དང་རྫོང་རིམ་པའི་རྣམ་གྲངས་940ཡོད་པས། ཅུང་འཐུས་སྒོ་ཚང་བའི་རིམ་པ་བཞིའི་མིང་ཐོའི་མ་ལག་གྲུབ་ཡོད་པ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུད་འཛིན་ལེགས་པོ་ཐུབ་ཆེད། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ལྗོངས་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་མི་སྣའི་གསོ་སྐྱོང་སྦྱོང་བརྡར་དང་། དམངས་ཁྲོད་ལྷ་མོ་འཁྲབ་མཁན་མི་སྣའི་གསོ་སྐྱོང་སྦྱོང་བརྡར། ལྷ་སའི་ནང་མ་སྟོད་གཞས་ཀྱི་ཟུར་ཁྲིད་འཛིན་གྲྭ། བླ་མ་མ་ཎིའི་རྒྱུད་འཛིན་དཔུང་ཁག་སོགས་རིགས་ཁག་གི་ཆེད་དོན་ལས་སྒོའི་སྦྱོང་བརྡར་གཉེར་ཡོད་པ་རེད།
        གཞན་ཡང་། བོད་རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་དཔེ་རིས་དང་། གར། བླ་མ་མ་ཎི་སོགས་རྩོམ་སྒྲིག་བྱས་ནས་དཔེ་དེབ་དང་འོད་སྡེར་བཏོན་ནས། ལྗོངས་ཡོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག