ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐེབས་རྩ་ཚོགས་པ་ཆེ་ཁག་གཉིས་ཀྱིས་བོད་ལྗོངས་ཀྱི་སློབ་གསོར་རོགས་སྐྱོར་གནང་བ།

2016-04-15 མིང་མེད།

སུང་ཆིང་ལིང་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཧུའུ་ཆི་ལི(དཀྱིལ)དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ(གཡས་ཀྱི་གསུམ་པ)སོགས་སྐུ་མགྲོན་ཐུན་མོང་གིས་ཞལ་འདེབས་རྣམ་གྲངས་སྤེལ་མགོ་ཚུགས་པ། ཀྲུང་གོ་ཞིན་ཧྭ་གསར་འགྱུར་ཁང་གི་ཧིག་ཡོས་ཀྱིས་པར་བླངས།

ཚེས12ཉིན། ཀྲུང་གོའོ་སུང་ཆིང་ལིང་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་གོང་འཕེལ་རོགས་སྐྱོར་ཐེབས་རྩ་ཚོགས་པ་གཉིས་མཉམ་འབྲེལ་སྒོས། མ་རྩ་ཀྲུང་སྒོར་ཁྲི6000ཅན་གྱི“སྤྲིན་སློབ”ཤེས་རིག་སློབ་གསོ་སྟེགས་བུ་ཞེས་པ་པེ་ཅིན་དུ་གཉེར་མགོ་ཚུགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང200ཡི་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་ཐད་དུ་བེད་སྤྱོད་གཏོང་རྒྱུ་རེད།

སྟེགས་བུ་དེར་སློབ་གྲྭའི་ཕྱོགས་བསྡུས་དོ་དམ་མ་ལག་དང་སློབ་ཁྲིད་ཐོན་ཁུངས་ཕྱོགས་བསྡུས་དོ་དམ་མ་ལག ཤེས་རབ་ཀྱི་བསླབ་པ་མ་ལག་བཅས་འདུ་ཞིང་། བུ་བཅོལ་ཁང་དང་སློབ་ཆུང་། སློབ་འབྲིང་བཅས་པར་མཁོ་བའི་སློབ་གསོ་ཆ་འཕྲིན་ཅན་གྱི་མ་ལག་བྱེད་ནུས་འཛོམས་པ་རེད། ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཧུའུ་ཆི་ལི་དང་། བོད་ལྗོངས་གོང་འཕེལ་ཐེབས་རྩ་ཚོགས་པའི་ལས་འཛིན་མགོ་གཙོ་སྟེ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་གཉིས་ཉིན་དེའི་མཛད་སྒོར་ཞུགས།

ཉིན་དེའི་ཞལ་འདེབས་མཛད་སྒོའི་སྟེང་། ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆི་མེན་ཆིག་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའམ། བོད་ལྗོངས་གོང་འཕེལ་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་སྐལ་བཟང་ཚེ་རིང་གཉིས་ཀྱིས།“སྤྲིན་སློབ”ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱི་(པེ་ཅིན)གཉེར་པ་ཆེན་པོ་ཁྲིན་ཀྲིན་པའེ་ཡི་ལག་ནས་ཞལ་འདེབས་ཀྱི་མིང་རྟགས་ཚུར་བླངས།

ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཅིན་ཏུང་ཆོན་གྱིས་གཏམ་བཤད་སྤེལ་དོན།

རེ་བ་ཡིན་ན། རྨང་གཞི་སློབ་གསོའི་ཆ་འཕྲིན་ཅན་འཛུགས་སྐྲུན་བྱས་པ་བརྒྱུད། ས་གནས་དང་ཁོར་ཡུག་གི་བཀག་རྒྱ་སེལ་ཏེ། རིམ་པ་བཞིན་དུ་ས་ཁོངས་དང་། གྲོང་གསེབ་དང་གྲོང་བརྡལ་བར་གྱི་གྲངས་གཞིའི་ཧེ་བག་ཇེ་ཆུང་དུ་བཏང་ཐོག བྱིས་པ་མང་བོས་སྤུས་ལེགས་སློབ་གསོ་མྱོང་ཐུབ་པ་དང་། རིག་གནས་ཤེས་བྱར་བརྟེན་ནས་ཁོ་ཚོའི་ལས་དབང་བསྒྱུར་པར་རོགས་རིམ་རྒྱུ་བྱ་རྒྱུ་ཡིན།

བོད་ལྗོངས་གོང་འཕེལ་རོགས་སྐྱོར་ཐེབས་རྩ་ཚོགས་པའི་དྲུང་ཆེ་སྐལ་བཟང་ཚེ་རིང་གིས་གཏམ་བཤད་སྤེལ་དོན། དེང་ཕྱིན་བོད་ལྗོངས་གོང་འཕེལ་རོགས་སྐྱོར་ཐེབས་རྩ་ཚོགས་པས་རིགས་སོ་སོ་དང་མཉམ་འབྲེལ་སྒོས། ཕྱོགས་དུ་མ་ནས་མ་དངུལ་སྡུད་ལེན་གནང་ཐོག བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས། སློབ་གསོ། འཕྲོད་བསྟེན། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དུ་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།

སྤྱི་ལོ2015ལོའི་ཟླ12པར། ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པ་དང་བོད་ལྗོངས་གོང་འཕེལ་རོགས་སྐྱོར་ཐེབས་རྩ་ཚོགས་པ་གཉིས་སྤྱི་ཕན་མཉམ་འབྲེལ་ལས་གྲོགས་སུ་གྱུར་པ་དང་། དེ་སྔོན། ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པས་དུས་ཡུན་རིང་བོར་བོད་ལྗོངས་གསར་བའི་འཛུགས་སྐྲུན་བྱ་བཞག་ཆེད་དགེ་ཕན་མ་དངུལ་དང་དངོས་པོ་གང་མང་གྲབས་གསོག་བགྱིས་པ་རེད། དེའི་ཁྲོད་དུ། བོད་ལྗོངས་མཐའ་འཁོབས་སུ་གནས་པའི་ཞིང་འབྲོག་མང་ཚོགས་ཀྱི་གྲངས་ཉུང་མི་རིགས་སློབ་ཆུང་དགེ་རྒན་གསོ་སྦྱོང་དང་། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཁྱིམ་ཚང་དཀའ་ངལ་ཅན་གྱི་སློབ་མར་རོགས་དངུལ་སྤྲད་པ་སོགས་འདུས་པ་རེད།

འབྲེལ་ཡོད་རྩོམ་ཡིག