མི་དམངས་དྲ་བའི་ལྷ་ས་ནས་ཟླ4ཚེས13ཉིན་གློག་འཕྲིན་འབྱོར་གསལ། ཟླ4པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད16དང་སྐར་མ30ཡས་མས་སུ། བོད་ལྗོངས་སྐྱིད་གྲོང་འགག་སྒོས་སྒོ་ཕྱེས་པའི་ཚུན་དུ་ཐོག་དང་པོར་འགག་སྒོ་འདི་བརྒྱུད་ནས་ས་མཚམས་ནང་ཁུལ་དུ་བསྐྱོད་པའི་ཚོགས་པའི་ལག་ཁྱེར་འཁྱེར་བའི་ནེ་པ་ལའི་འགྲུལ་པ་བསུས་ཤིང་། སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཞིབ་བཤེར་པས་རྒྱུན་ལྡན་གྱི་ལས་རིམ་ལྟར། མྱུར་དུ་ཚོགས་པ་དེར་ས་མཚམས་ནང་ཁུལ་དུ་ཡོང་བའི་འགྲོ་ལུགས་བསྒྲུབས་པས། ཡུལ་སྐོར་ཚོགས་པས་གདེང་འཇོག་ཚད་མཐོན་པོ་བྱས།
ས་ཚིགས་དེའི་སྐོར་གཡེང་ལས་རེས་བྱེད་སྒོ་ཁའོ་ཡི་ཁའོ་ཀྲང་ཨ་བསྟན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་ནེ་པ་ལའི་འགྲུལ་པ་ནི་བོད་ལྗོངས་རི་འཛེགས་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ནས་ཐོན་པའི་ཆེད་ལས་རི་འཛེགས་རུ་ཁག་གི་རུ་མི་ཁག་གཅིག་ཡིན་ལ། ཁྱོན་བསྡོམས་མི30 ཡོད་པ་དང་། ཁོ་ཚོ་བོད་ལྗོངས་གཞིས་རྩེ་སོགས་ས་གནས་སུ་རི་འཛེགས་བྱེད་སྒོ་སྤེལ་བའི་ནང་ཞུགས་རྒྱུ་རེད།