ཞིན་ཧྭ་གསར་འགྱུར་ཁང་གི་ཟླ4པའི་ཚེས19ཉིན་པེ་ཅིང་ནས་བསྒྲགས་པའི་གནས་ཚུལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་དྲ་བའི་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་སྐུལ་འདེད་གཏོང་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱ་དགོས།
ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པས།
འདུ་ཤེས་གསར་བས་འཕེལ་རྒྱས་གསར་བར་སྣེ་འཁྲིད་པ་དང་། དུས་རབས་གསར་བས་གོ་སྐབས་གསར་བ་གསོ་སྐྱོང་བྱེད་པ། གསར་བཏོད་དང་མཐུན་སྦྱོར། ལྗང་མདོག། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་རང་རྒྱལ་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་གཅིག་གི་སྤྱིའི་ཆ་རྐྱེན་དང་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པ་མ་ཟད། དྲ་བའི་ལས་དོན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་ཐབས་ལམ་གཅིག་པུའང་ཡིན་པ་རེད།
དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་ཁྲོད་མདུན་དུ་བསྐྱོད་པ་དང་། དྲ་བའི་རྒྱལ་ཁབ་སྟོབས་ལྡན་འཛུགས་པ་དང་པར་སྐུལ་སྤེལ་དང་། རང་རྒྱལ་གྱི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དྲ་འབྲེལ་གྱིས་སྔར་ལས་བཟང་བའི་སྒོ་ནས་རྒྱལ་ཁབ་དང་མི་དམངས་ལ་ཕན་བདེ་བསྐྲུན་དགོས་ཞེས་གསུངས་ཤིང་། རྒྱལ་སྤྱི་དང་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་པོ་ནས་འགོ་བཙུགས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔས་སྣེ་ཁྲིད་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་དུས་བབས་གསར་བའི་དྲ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་ལག་ལེན་གྱི་ལམ་བུར་འགྲེལ་བརྗོད་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་རྒྱལ་གྱི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་གཞི་འཛིན་ས་གཙོ་བོ་ཞིག་འདོན་སྤྲོད་བྱས་ཡོད།
ཀུན་ལ་ཕན་པའི་ལམ་བུ་ནི། དུས་དང་བསྟུན་ནས་མཉམ་དུ་དར་ཞེས་པ་བཞིན། ལོ་ངོ20ཡི་དུས་ཚོད་ཐུང་ངུའི་ནང་། དྲ་བའི་མྱུར་ཚད་སྐར་ཆ་རེར་པེ་ཐི་སྟོང64ལས་མེད་པའི་དྲ་ལམ་སྐུད་པ་ནས་འགོ་ཚུགས་སྟེ། དེང་སྐབས་རང་རྒྱལ་ལ་དྲ་དམངས་དུང་ཕྱུར7དང་དྲ་ཚུགས་ཁྲི400ཡོད་པ་དང་། འཛམ་གླིང་གི་ཆེས་ཆེ་བའི4G ཡི་དྲ་བ་འཛུགས་སྐྲུན་གྲུབ་ནས། དྲ་བའི་སྟེང་གི་སིལ་ཚོང་གཞི་ཁྱོན་ནི་འཛམ་གླིང་གི་ཨང་དང་པོའི་གོ་གནས་བཟུང་ཡོད། འདི་ལྟ་བུའི་གྲངས་ཀ་ཁག་གཅིག་གིས་རང་རྒྱལ་གྱི་དྲ་བའི་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པར་འགྲེལ་བརྗོད་གསོན་ཉམས་ལྡན་པ་བྱས་ཡོད། དེ་དང་མཉམ་དུ་ང་ཚོ་ནི་རང་བདག་དང་གསར་བཏོད་ཀྱི་ཕྱོགས་སུ་ལྟོས་བཅས་སུ་རྗེས་ལུས་ཡིན་པ་དང་། ས་ཁོངས་དང་། གྲོང་ཁྱེར་དང་གྲོང་བརྡལ་བར་གྱི་བར་ཁྱད་ཅུང་མངོན་གསལ་ཡིན་པ། དྲ་བ་དང་ཆ་འཕྲིན་ཅན་གྱི་བྱ་བའི་འཕེལ་རྒྱས་ཀྱི་འགག་རྩ་ཅུང་མངོན་གསལ་དོད་པོ་ཡིན་པ་སོགས་ཀྱི་གནད་དོན་མཐོང་འོས་པ་རེད།
དེང་སྐབས་འཛམ་གླིང་གི་ཆ་འཕྲིན་ལག་རྩལ་གྱི་གསར་བརྗེ་ལ་སྔར་མེད་ཀྱི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་པ་དང་། དེང་སྐབས་ཀྱི་ཀྲུང་གོ་རུའང་བསྒྱུར་བཅོས་ཡོངས་ཁྱབ་དང་གཏིང་ཟབ་པ་བརྒྱུད་བཞིན་ཡོད་པས། དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་འཕེལ་རྒྱས་ལ་དུས་རབས་ཀྱི་གནད་དོན་གསར་བར་འཕྲད་ཡོད་དེ། དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་བར་སླེབས་པའི་གནས་ཚུལ་འོག་ཏུ། ཇི་ལྟར་དྲ་འབྲེལ་དང་དཔལ་འབྱོར་དངོས་གཏིང་ཟབ་ཀྱི་སྒོ་ནས་མཉམ་འདྲེས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། ཆ་འཕྲིན་གྱི་རྒྱུན་གྱིས་ལག་རྩལ་གྱི་རྒྱུན་དང་མ་དངུལ་གྱི་རྒྱུན།ཤེས་ལྡན་མི་སྣའི་རྒྱུན། དངོས་རྫས་ཀྱི་རྒྱུན་བཅས་ལ་སྐུལ་ཁྲིད་བྱས་ནས་གསར་བཏོད་འཕེལ་རྒྱས་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་རྣམ་པ་སྒྱུར་བར་སྐུལ་ཁྲིད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་པ་དང་། ཇི་ལྟར་སྤྱི་ཚོགས་ཀྱི་ཁེ་ཕན་སྣ་མང་ཅན་དང་སྤྱི་ཚོགས་ཀྱི་བསམ་བློ་རྙོག་འཛིང་དང་འགྱུར་ལྡོག་མང་བའི་གནས་ཚུལ་འོག་བདེ་ཐང་གི་དྲ་བའི་ཁོར་ཡུག་ཞིག་བསྐྲུན་ནས། དྲ་བའི་མཁའ་དབུགས་གཙང་ཤིང་ཁམས་དྭངས་ཡོང་བ་དང་། ཏང་དང་སྲིད་གཞུང་གི་རིམ་པ་སོ་སོའི་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་མི་སྣས་དྲ་བ་བརྒྱུད་ནས་མང་ཚོགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པ་དང་། དྲ་འབྲེལ་ནི་མི་དམངས་དམངས་གཙོ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ལམ་བུ་གསར་བ་ཞིག་ལ་འགྱུར་ཏུ་བཅུག་ནས། དྲ་བའི་གཏམ་བརྗོད་ལ་སྣེ་ཁྲིད་དང་། མི་དམངས་ཀྱི་འདོད་བློ་མངོན་པ། སེམས་ཤུགས་གཅིག་སྒྲིལ་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། ཇི་ལྟར་ཕན་ཚུན་མཉམ་འབྲེལ་དང་མཉམ་སྤྱོད་མཉམ་བཅོས་བྱེད་པའི་ཆ་རྐྱེན་འོག་ཏུ། ཡང་དག་པའི་སྒོ་ནས་དྲ་བའི་བདེ་འཇགས་ལྟ་བ་ཞིག་འཛུགས་པ་དང་། ཁྲིམས་དང་མཐུན་པའི་སྒོ་ནས་དྲ་བའི་བར་སྟོང་དོ་དམ་དང་། མཉམ་དུ་དྲ་བའི་བདེ་འཇགས་ཀྱི་འགོག་སྲུང་ཞིག་བསྐྲུན་པ་སོགས་ཡིན། གནད་དོན་ནི་དུས་རབས་ཀྱི་འབོད་བརྡ་ཡིན་ལ། འདུ་ཤེས་ནི་ལག་ལེན་གྱི་ལྡེ་མིག་ལྟ་བུ་ཡིན་པ་རེད། དྲ་འབྲེལ་གྱིས་བཏོན་པའི་གསར་བཏོད་དང་སྒོ་འབྱེད། མཉམ་སྒྲུབ། མཉམ་སྤྱོད་བཅས་ཀྱི་བསམ་བློ་དང་འཕེལ་རྒྱས་འདུ་ཤེས་ཆེན་པོ་ལྔ་ཕན་ཚུན་མཚུངས་པས། དུས་རབས་ཀྱི་གནད་དོན་སྒྲོལ་བའི་ཆེས་རྩ་བ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་རྒྱུ་ཡིན་པ་དང་། གསར་བཏོད་ལ་བརྩི་བཀུར་དང་། མཐུན་སྦྱོར་ལ་གཙིགས་མཐོང་། ལྗང་མདོག་དར་སྤེལ། གཤིན་ས་སྒོ་འབྱེད། མཉམ་སྤྱོད་སྐུལ་སྤེལ་བཅས་བྱས་ནས། དྲ་བའི་དུས་རབས་ཀུན་ནས་གསར་བ་ཞིག་གསར་བསྐྲུན་བྱ་དགོས།
དྲ་བའི་བདེ་འཇགས་དང་ཆ་འཕྲིན་བྱ་བའི་འཕེལ་རྒྱས་ཁྲོད། གསར་བཏོད་ཀྱི་སྒུལ་ཤུགས་ནི་འགུལ་ཤུགས་ཀྱི་འབྱུང་ཁུངས་ཡིན། གསར་བཏོད་ཀྱི་ཞན་སར་འཕྲད་དུས་གཙོ་བོ་ནི་ཆོད་སེམས་དང་སྙིངརུས། གནད་སེམས་བཅས་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ་དང་འགག་གནད་ལས་སྒྲོལ་བའི་ཞུམ་མེད་ཀྱི་བློ་སྟོབས་བཅས་འཛུགས་དགོས་ལ། མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་སོགས་རྩ་བའི་ལག་རྩལ་ཞིབ་འཇུག་གི་ཕྱོགས་སུ་གཏོང་དགོས་ལ། ནུས་པ་སྟོབས་དང་ལྡན་པ་གཅིག་ཏུ་བསྡུས་ནས་དོན་ཆེན་བསྒྲུབ་པ་དང་། ཐོན་ལས་དང་སློབ་སྦྱོང་། ཞིབ་འཇུག བེད་སྤྱོད་བཅས་མཉམ་འབྲེལ་བྱེད་པར་འཚོལ་སྙེག་དང་། སུས་འཇོན་དེ་སྤྱོད་བྱས་ནས། ཕྱོགས་སོ་སོའི་གསར་བསྐྲུན་ནུས་པ་འགྲན་རེས་དང་མཉམ་རྡོལ་བྱས་ན། གཞི་ནས་རྩ་བའི་ལག་རྩལ་ལ་མགྱོགས་མྱུར་ངང་ཐོད་བརྒལ་གསར་བ་ཞིག་ལེན་ཐུབ་ཅིང་། དྲ་བའི་འཕེལ་རྒྱས་ཀྱི་རང་དབང་གི་ནུས་པ་བརྟན་པོིའི་ངང་དམ་པོར་འཛིན་ཐུབ། གསར་བཏོད་ཀྱི་ཁོར་ཡུག་གསོ་སྐྱོང་བྱེད་པར། ཆེས་གཞི་རྩ་ནི་དྲ་འབྲེལ་ཁེ་ལས་ཞིབ་འཇུག་གསར་སྤེལ་གྱི་སྲོག་ཤིང་དང་། གསར་བཏོད་ཀྱི་སྲོག་ཤིང་།ཐོན་ལས་ཀྱི་སྲོག་ཤིང་བཅས་སུ་འགྱུར་བར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཤིང་། རྩ་བའི་ལག་རྩལ་རང་བདག་གསར་བཏོད་བྱེད་པར་སྐུལ་འདེད་བྱས་ནས། འཛམ་གླིང་ལ་བསྐྱོད་དེ། རྒྱལ་སྤྱིའི་འགྲན་རྩོད་ལ་ཞུགས་ནས་མཚམས་མི་ཆད་པར་གཞི་རྒྱ་ཆེ་ཞིང་སྟོབས་དང་ལྡན་པར་བྱས་ཤིང་། གསར་བཏོད་སྒུལ་ཤུགས་ཀྱི་སྟོབས་ཤུགས་གསར་བ་ཞིག་ཏུ་འགྱུར་དགོས།
དྲ་བའི་བདེ་འཇགས་དང་ཆ་འཕྲིན་བྱ་བའི་འཕེལ་རྒྱས་ཁྲོད། མི་དམངས་ལ་ཞབས་འདེགས་ཞུ་བ་ནི་རྩ་བ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་བསམ་བློའི་སྙིང་དོན་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་རེད། དྲ་འབྲེལ་གྱི་འཕེལ་རྒྱས་ལ་མི་གཙོ་བོར་འཛིན་པ་དང་མི་དམངས་ལ་ཕན་བདེ་བསྐྲུན་པ རྒྱུན་འཁྱོངས་བྱེད་ཐུབ་ཚེ། གཞི་ནས་གོམ་པ་བརྟན་པས་རིང་དུ་བསླེབས་ཤིང་། ཡུན་དུ་བརྩོན་པས་བརྟན་པར་འགྱུར་ཞེས་པ་ལྟར་ཡོང་ངེས། འཛམ་གླིང་ནི་དྲ་འབྲེལ་ཡོད་པས་སྔར་ལས་བཀྲགས་མདངས་དང་ལྡན་ལ། འཚོ་བ་ནི་དྲ་འབྲེལ་ཡོད་པས་སྔར་ལས་ཕན་སུན་ཚོགས། མི་དམངས་ཀྱི་རེ་འདུན་དང་དགོས་མཁོར་འཚམས་པའི་ཆེད་དུ། མགྱོགས་མྱུར་ངང་ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་བརྡལ་གཏོང་བ་དང་ཉེར་སྤྱོད་མ་རྩ་ཆུང་དུ་གཏོང་བ། མི་སེར་ལ་བཀོལ་ཐུབ་པ་དང་། བཀོལ་ཆོག་པ། བཀོལ་བཟང་བའི་ཆ་འཕྲིན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ན། མི་དམངས་དུང་ཕྱུར་ལ་དྲ་འབྲེལ་མཉམ་སྤྱོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་སྣང་བ་སྐྲུན་ཐུབ་ལ། དྲ་བའི་བདེ་འཇགས་དང་ཆ་འཕྲིན་གྱི་བྱ་བའི་འཕེལ་རྒྱས་སྟོབས་ཤུགས་འཛད་མེད་གཅིག་ཏུ་སྡུད་ཆོག་པ་རེད།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་རྩ་གནད་དུ་དྲ་བའི་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དྲ་འབྲེལ་འཕེལ་རྒྱས་གྱི་ཐོན་ལས་མ་ལག་འཛུགས་པ་སོགས་ཀྱི་གནད་ཆེའི་འགན་ཁུར་བཀོད་ཡོད་པ་དེས་རང་རྒྱལ་གྱི་དྲ་འབྲེལ་འཕེལ་རྒྱས་ལ་མདུན་ལྗོངས་གསར་བ་ཞིག་བསྐྲུན་ཡོད་པ་རེད། དྲ་བའི་བདེ་འཇགས་དང་ཆ་འཕྲིན་ལས་དོན་གྱི་འཕེལ་རྒྱས་ནི་མཐར་གཏུགས་ན་འཇོན་མི་བརྟེན་དགོས། ཤེས་ཡོན་ལ་བརྩི་མཐོང་བྱེད་པ་དང་། འཇོན་མིའི་རང་སྐུལ་ལ་བརྩི་མཐོང་བྱེད་པ། སྲོལ་ལུགས་གཅིག་གིས་འཆིང་རྒྱ་ལས་གྲོལ་བར་བྱས་ཏེ། ཁོག་རྒྱ་ཆེན་པོ་དང་མིག་མདངས་རྣོན་པོས་འཇོན་མིར་གཅེས་སྐྱོང་གིས་བྱེད་ཐབས་སྤྱོད་པ་དང་། གང་ལ་ཅི་འོས་དང་དངོས་གཉེར་གྱི་འཇོན་མིར་སྐུལ་སློང་བྱ་བའི་ནང་རྐྱེན་སྤེལ་ན་ས་སྟེང་གི་འཇོན་མི་འདུས་ཤིང་བཀོལ་བར་འགྱུར་ལ། འཇོན་མིའི་ཐོན་ཁུངས་ལེགས་པོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་དྲ་བའི་སྟོབས་ལྡན་རྒྱལ་ཁབ་འཛུགས་པ་ལག་ལེན་འདེབས་ཐུབ་པ་དང་། དྲ་འབྲེལ་གྱི་འོད་སྣང་གིས་མི་དམངས་ཀྱི་འཚོ་བ་གསལ་ཞིང་། རྒྱལ་ཁབ་ཀྱི་མ་འོངས་པ་མཐོང་བར་འགྱུར་ངེས།