ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་གིས་དྲ་སྦྲེལ་ཚན་རྩལ་ཁེ་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་བཏང་བ།

2016-04-27 ཁྲི་སེམས་དཔའ།
        “ང་ཚོ་སྔར་ནས‘དྲ་སྦྲེལ་ཀྱི་དུས་རབས’སུ་སླེབས་ཡོད་པ་དང་། རླབས་རྒྱུན་དེའི་རྗེས་མ་ཟིན་ཚེ་གཏན་དུ་རྗེས་སུ་བསྐྱུར་སྲིད་པ་རེད། ”ཟླ4པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཙུང་ལི་ལི་ཁེ་ཆང་གིས་གསུང་རྒྱུར།“སྤྱི་དམངས་ཀྱི་ལས་སྐྲུན་དང་ཀུན་གྱི་གསར་གཏོད་ཐད་ཚད་ངེས་ཅན་ཞིག་ནས་དྲ་སྦྲེལ་ལ་བརྟེན་དགོས། དེ་བས་དྲ་སྦྲེལ་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས།”ཙུང་ལིའི་རེབ་འདིའི་གསུང་བཤད་ནི་ཟླ་གཅིག་གི་སྔོན་དུ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཐོག་ཁེ་ལས་པ་དང་བགྲོ་གླེང་བྱས་པ་ལས་བྱུང་བ་རེད། སྐབས་དེར། དྲ་སྦྲེལ་ཁེ་ལས་ཀྱི་སྲོལ་གཏོད་པ་ཞིག་གིས་ཙུང་ལིར་ཚན་རྩལ་གསར་གཏོད་ཁེ་ལས་ཀྱི་དུས་དབང་ཁྲལ་བསྡུའི་ལམ་ལུགས་སྔར་བས་བབ་བསྟུན་ཡོང་བའི་རེ་བ་བཏོན་པ་རེད།
        “ང་ཚོས་སྲིད་ཇུས་བཏོན་ཟིན་པ་དང་། ཀྲུང་ཀོན་ཚུང་རྒྱལ་ཁབ་རང་བདག་གསར་སྐྲུན་དཔེ་སྟོན་ཁུལ་དུ་རྐང་དབང་གིས་སྒེར་གྱི་ཐོབ་ཁྲལ་ལ་བྱ་དགའ་སྟེར་བའི་ཚོད་ལྟའི་སྲིད་ཇུས་སྤེལ།འོན་ཀྱང་ཆ་ལག་ཚང་བའི་སྲིད་ཇུས་ཡིག་ཆ་བཏོན་པ་ཅུང་ཟད་འགོར་སོང་བས།ཁེ་ལས་ཉུང་ཤས་ཤིག་གིས་མ་གཏོགས་སྲིད་ཇུས་དེ་ལོངས་སུ་སྤྱོད་མ་ཐུབ། 
        ཟླ4པའི་ཚེས20ཉིན་གྱི་རྒྱུན་ལས་ཚོགས་འདུའི་ཐོག་ལི་ཁེ་ཆང་གིས་དོན་དེ་གླེང་སྐབས་ནན་གྱིས་གསུང་དོན།“འདིས་གསར་སྐྲུན་ལས་གཏོད་ཁེ་ལས་ཀྱི་བརྩོན་སེམས་སྐུལ་སློང་བྱེད་ག་ལ་ཐུབ། ” 
        ཙུང་ལིས་གསུང་དོན། དྲ་སྦྲེལ་གསར་སྐྲུན་ཁེ་ལས་འཕེལ་རྒྱས་སུ་འགྲོ་དགོས་ན་འཇོན་མི་འགུག་དགོས་པ་དང་། དེའི་བྱེད་ཐབས་གཙོ་བོ་ཞིག་ནི་རྐང་དབང་དང་དུས་དབང་ལ་སྐུལ་ལྕག་བྱེད་པ་དེ་རེད། ཡིན་ནའང་ཆ་ལག་ཚང་བའི་སྲིད་ཇུས་ཡིག་ཆ་བཏོན་པ་ཅུང་འཕྱིས་པ་མ་ཟད།“ཚན་རྩལ་མཐོ་བའི་ཁེ་ལས”ངོས་འཛིན་པའི་གོ་རིམ་ཁྲོད་ད་དུང “བྱ་དེས་སྒོ་ང་གཏོང་བ་དང་། སྒོ་ངས་བྱ་དེ་བསྐྱེད་པའི”འཁོར་རྒྱུག་གི་བདེན་དཔང་བྱེད་པ་དང་། ཁེ་ལས་ཀྱིས་གང་ནས་འགོ་རྩོམ་དགོས་པའང་མི་ཤེས་པར་བཟོ། 
        ལི་ཁེ་ཆང་གིས་གསུང་དོན།“དྲ་སྦྲེལ་ཁེ་ལས་འབོར་ཆེན་གྱིས ‘དྲ་སྦྲེལ+’བརྒྱུད་དེ། གདོས་བཅས་ལས་རིགས་ཀྱི་ལས་ཆོད་དང་ཕན་འབྲས་མཐོ་རུ་བཏང་བ་རེད ”ཁོང་གིས་དེ་མུར་འབྲེལ་ཡོད་སྡེ་ཁག་གིས་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ཏེ། དྲ་སྦྲེལ་གྱི་མཉེན་ཆས་སོགས་ལས་རིགས་ཁེ་ལས་ཀྱིས་རྐང་དབང་དང་དུས་དབང་ལ་སྐུལ་ལྕག་གཏོང་བའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱ་དགོས་པ་ནན་གྱིས་བསྟན། དུས་ཡུན་རིང་པོར། ལི་ཁེ་ཆང་གིས་ཐོག་མཐའ་བར་གསུམ་དུ་དྲ་སྦྲེལ་ཁེ་ལས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་གནང་བ་རེད། ཁོང་གིས་ཐེངས་མང་པོར“དྲ་སྦྲེལ+”ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་དཔལ་འབྱོར་གཞན་སྒྱུར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན། དེས་སྲོལ་རྒྱུན་གྱི་ཐོན་ལས་ལས་རིགས་ཀྱི་རྣམ་པ་ཆགས་པར་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་ཡིན།
        དེའི་སྔོན་གྱི“དྲ་སྦྲེལ+”ཡི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཞིག་གི་སྟེང་དུ་ཙུང་ལིས“ང་ཚོས་སྔོན་ཆད་རྒྱུན་དུ་བཤད་བཞིན་པ་ནི། ཆ་འཕྲིན་དང་ལྷག་པར་དུ་དྲ་སྦྲེལ་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་གཉིས་མཉམ་གནས་བྱེད་པ་རེད། ད་ཆ་ང་ཚོ་ཡང་ཕལ་ཆེར་དེ་འདྲ་ཞིག་ཏུ་ཡོད་པ་རེད།”ཅེས་གསུང་།
        འདི་ལོ་ནི་ཀྲུང་གོ་དྲ་སྦྲེལ་དང་མཐུད་ནས་ལོ་ངོ22འགོར་བའི་ལོ་ཡིན་ལ། དྲ་སྦྲེལ་གྱིས་ཀྲུང་གོ་དང་འཛམ་གླིང་གཅིག་ཏུ་སྦྲེལ་བཞིན་པའི་སྒང་ཡིན། ཙུང་ལིས་དྲ་སྦྲེལ་གྱིས“ཀྲུང་གོའི་དཔལ་འབྱོར་གྱི་འགུལ་ནུས་གསར་པ་གསོ་སྐྱོང་བྱེད་པའི”ཐད་ལ་རེ་བ་ཆེན་པོ་བཅངས་ཡོད། 
        ཟླ4པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ལི་ཁེ་ཆང་གིས་བླང་བྱ་ཁ་གསལ་བཏོན་ནས་འབྲེལ་ཡོད་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློར་བཅིངས་འགྲོལ་བསྟང་སྟེ།དྲ་སྦྲེལ་དང་གཞི་གྲངས་ཆེན་པོ། ཟོང་སྦྲེལ་དྲ་བ་སོགས་འབྲེལ་ཡོད་ཚན་རྩལ་ཁེ་ལས་གོང་འཕེལ་གཏོང་རྒྱུ་བཅས་ལ་སྔར་བས་ནུས་ལྡན་གྱི་སྲིད་ཇུས་རྒྱབ་སྐྱོར་བྱེད་པའི་བླང་བྱ་བཏོན། མཇུག་ཏུ་ཙུང་ལིས་གསུང་དོན།“ཚན་རྩལ་མི་སྣའི་སྤྱི་དམངས་ཀྱི་ལས་སྐྲུན་དང་ཀུན་གྱི་གསར་གཏོད་བྱེད་པའི་སྤྲོ་སེམས་ལ་སྔར་བས་སྐུལ་ལྕག་གཏོང་བ་དང་། དཔལ་འབྱོར་གསར་པ་གོང་དུ་སྤེལ་བར་བརྟེན་ནས། ལག་རྩལ་གསར་པ་དང་ཐོན་ལས་གསར་པ། དཔེ་རྣམ་གསར་པ་བསྐྱེད་དགོས།
་བ།
འབྲེལ་ཡོད་རྩོམ་ཡིག