ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྤྱི་ལོ་༢༠༡༦ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་དུ་ཚོགས་པ།

2016-05-03

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྤྱི་ཚེས་༢༩ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལིའི་ཅན་གོ་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུངས་བཤད་ཀྱང་གནང་ཡོད་པ་རེད། ཏང་ཀྲུང་དབྱང་གི་བཀའ་མངགས་ལྟར། ལིའི་ཅན་གོས་རྒྱལ་ཡོངས་མི་རིགས་ཁག་གི་བཟོ་པ་དང་། ཞིང་པ། ཤེས་ཡོན་ཅན་དང་དེ་མིན་རིམ་ཁག་ངལ་རྩོལ་མང་ཚོགས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་མ་ཟད། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་མཉམ་སྡེབ་དང་མི་སྒེར་ལ་བཀྲིས་བདེ་ལེགས་ཞུས་ཡོད་པ་རེད། ལིའི་ཅན་གོས། ལོ་ལྔ་ཚན་འཆར་བཀོད་བཅོ་གསུམ་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི། བཟོ་པའི་གྲལ་རིམ་གྱི་རང་འགན་གཞན་ལ་དཀྲི་ཐབས་མེད་པའི་ལས་འགན་ཡིན། སྙིང་སྟོབས་འཕེལ་བ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་སྟོབས་ཆེའི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས་པ་དང་། རྣམ་པ་གསར་པ་མངོན་པར་བྱས་ཏེ། ལོ་ལྔ་ཚན་འཆར་བཀོད་བཅུ་གསུམ་པའི་ཆེད་བྱས་རྗེས་ཧུར་ཐག་འཇོག་དགོས། བློ་སྟོབས་ཆེན་པོས་བསྒྱུར་བཅོས་པ་ཞིག་བྱས་ནས་མཁོ་སྤྲོད་ཀྱི་གྲུབ་ཆའིརང་བཞིན་གྱི་བསྒྱུར་བཅོས་ནང་ཞུགས་རྒྱུར་རྒྱབ་བསྐྱོར་ཧུར་ཐག་བྱེད་དགོས། རྒྱུན་རྣམ་གསར་པར་གོམས་པ་བྱས་ནས། ཧུར་བརྩོན་ཆེན་པོས་ཤེས་ཡོན་ཅན་དང་ལག་རྩལ་ཅན་གསར་གཏོད་ཅན་གྱི་བྱང་ཚད་མཐོ་བའི་ངལ་རྩོལ་པ་ཞིག་དགོས་ཞེས་བསྟན་ཡོད་པ་རེད། ལིའི་ཅན་གོས། རིམ་ཁག་བཟོ་ཚོགས་ཀྱིས་ཁྲིམས་ལྟར་ལས་བཟོ་པའི་ཁེ་དབང་སྲུང་སྐྱོང་བྱས་ནས། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་གཏོད་དེ།གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོ་པའི་དཀའ་ངལ་སེལ་རོགས་དང་འགན་སྲུང་བྱེད་ཤུགས་ཆེ་ཏུ་གཏོང་དགོས་པ་མ་ཟད།ཞིང་པ་ལས་མི་བཟོ་ཚོགས་ནང་ཞུགས་པ་དང་ཞབས་ཞུ་བྱེད་པའི་ལས་དོན་ཟམ་མི་ཆད་པར་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད། འདི་ལོ་སྔོན་ཐོན་མཉམ་སྡེབ་༡༩༢ལ་གཟི་བརྙིད་ལྡན་པའི་ངང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་རགས་པ་དང་སྔོན་ཐོན་མི་སྒེར་༨༩༨ལ་གཟིག་བརྗིད་ལྡན་པའི་ངང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས་ཐོབ་པ། སྔོན་ཐོན་མཉམ་སྡེབ་༨༩༦ལ་རྒྱལ་ཡོངས་བཟོ་པའི་གདོང་ལེན་རྟགས་ཅན་གྱི་མཚན་སྙན་ཐོབ་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག