ཡང་བསྐྱར་ལོ་གཅིག་གི་ཁྲོད་ཀྱི“ལྔ་གཅིག་ངལ་རྩོལ་དུས་ཆེན”ལ་སླེབས་སོང་། ད་ལོ་ནི“ལོ་ཚན་བཅུ་གསུམ་པའི”ལོ་གལ་ཆེན་ཞིག་ཡིན་ལ། བཅོས་བསྒྱུར་བྱ་བ་གཏིང་ཟབ་པོའི་སྒོ་ནས་སྤེལ་བའི་ལོ་ཡིན། འབྱོར་འབྲིང་སྤྱི་ཚོགས་ནི་ཕྱོགས་ཡོངས་ནས་ངལ་རྩོལ་བའི་ལག་ཟུང་ལ་བསྟེན་ནས་གསར་བསྐྲུན་བྱེད་དགོས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“འཇིག་རྟེན་གྱི་ཆེས་མཛེས་སྡུག་གི་རེ་འདུན་ནི། བློ་དཀར་གཞུང་དྲང་གི་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ཁྲོད་ཀྱི་གནད་དོན་མང་བོ་ཞིག་ནི་ངལ་རྩོལ་ལ་བརྟེན་ན། ད་གཟོད་འགྲེལ་བཤད་བྱ་བཏུབ་ལ། ཚེ་སྲོག་གི་ཁྲོད་ཀྱི་འོད་སྟོང་ལྡན་པའི་བྱ་བཞག་ཡོད་ཚད་ནི། བློ་དཀར་གཞུང་ དྲང་གི་ངལ་རྩོལ་ལ་བརྟེན་ནས་གསར་བསྐྲུན་བྱེད་དགོས་པ་རེད”ཞེས་ནན་གྱིས་བསྟན་པ་དང་། ངལ་རྩོལ་གྱིས་མ་འོངས་པ་དང་བརྩོན་འགྲུས་ཀྱིས་རེ་འདུན་མངོན་པར་བསྐྲུན་ཐུབ་ལ། བློ་དཀར་གཞུང་དྲང་གི་ངལ་རྩོལ་བ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན་ནོ། །