ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་སུ“ས་ག་ཟླ་བའི”དུས་ཆེན་བསུས་པ།

2016-05-09 བྱུ་རུ།

        ཟླ5པའི་ཚེས7ཉིན་ནི་བོད་ལུགས་ཀྱི་ཟླ་བཞི་པའི་ཚེས་གཅིག་ཡིན་ལ། ཉིན་དེ་ནི་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་དུས་ཆེན་ཞིག་སྟེ“ས་ག་ཟླ་བའི ”ཉིན་དང་པོ་ཡིན། བོད་ཀྱི་ངག་རྒྱུན་དུ་ཟླ་བཞི་པར་ས་ག་ཟླ་བ་དང་ས་ག་ཞེས་འབོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་དངོས་གྲུབ་ཐོབ་པ། དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཟླ་བ་ཞིག་ཡིན། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོས་ཟླ་འདི་ནི་བསོད་ནམས་འཕེལ་ཞིང་བཀྲ་ཤིས་པའི་ཟླ་ཞིག་ལ་བརྩི་ཞིང་། ཟླ་འདིའི་ནང་དུ་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ནང་སྔ་ལངས་ཀྱིས་ཆོས་སྐོར་དང་གནས་མཇལ། དགེ་བ་སྒྲུབ་པའི་ལས་སོགས་བྱེད་ཅིང་། ས་གནས་ཁག་གི་དགོན་སྡེ་ནས་ཀྱང་སྨོན་ལམ་དང་དྲན་གསོའི་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། འདི་ནི་དད་ལྡན་མས་ཚོགས་ཀྱིས་གཙུག་ལག་ཁང་གི་མདུན་དུ་ཕྱག་འབུལ་བྱེད་པའི་གནས་ཚུལ་ཡིན་པ།

འབྲེལ་ཡོད་རྩོམ་ཡིག