ཟླ་7པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལགས་ཉིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས། པེ་ཅིང་ནས་ཐད་ཀར་ཀུའུ་ཡོན་ལ་འཕུར་རྗེས། སྤྱི་ལེ70ལྷག་རིང་རླངས་འཁོར་ལ་བསྡད་རྗེས་ད་གཟོད་ཅང་ཐའེ་པའོ་ལ་སླེབས་ཤིང་། དམར་དམག་རྒྱང་བསྐྱོད་མཉམ་འཛོམས་རྡོ་རིང་གི་མདུན་དུ་ཕེབས་ནས་མེ་ཏོག་ཕུལ་ཏེ་དྲན་གསོ་ཞུས་པའི་ཁར། དམག་གསུམ་མཉམ་འཛོམས་དྲན་གསོ་ཁང་ལའང་གཟིགས་ཞིབ་གནང་ངོ་།།