ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྔ་བ་རྫོང་གིས་དགོན་པའི་ཁྲིམས་ལུགས་བློ་འདྲི་བ་གདན་འདྲེན་ཞུ་བའི་ཆིངས་ཡིག་བཀོད་པའི་མཛད་སྒོ་འཚོགས།

2016-07-21

སྔར་ལས་ཁྲིམས་ལྟར་རྫོང་སྐྱོང་བ་དང་ཁྲིམས་ལྟར་དགོན་སྡེ་སྐྱོང་བ། ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ལས་བཏོན་པའི་ཕྱོགས་ཡོངས་ནས་ཁྲིམས་ལུགས་བློ་འདྲིའི་ལམ་ལུགས་འཛུགས་དགོས་པའི་བསླབ་བྱ་ལྟར། ཟླ་༧པའི་ཚེས་༡༦ཉིན། རྔ་བ་རྫོང་གིས་དགོན་པའི་ཁྲིམས་ལུགས་བློ་འདྲི་བ་གདན་འདྲེན་ཞུ་བའི་ཆིངས་ཡིག་བཀོད་པའི་མཛད་སྒོ་དང་ཆོས་ལུགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་རྔ་བ་རྫོང་དུ་འཚོགས་ལ། ཁུལ་དང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་། རྫོང་གི་དགོན་པ་སོ་སོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་སོགས་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ་དགོན་པའི་འཐུས་ཚབ་དང་ཁྲེང་ཏུའུ་མིང་ཀུའེ་ཁྲིམས་རྩོད་དོན་གཉེར་ཁང་གཉིས་ཀྱིས་ཁྲིམས་ལུགས་བློ་འདྲི་བ་གདན་འདྲེན་ཞུ་བའི་ཆིངས་ཡིག་བཀོད་པ་མ་ཟད། གདན་ཞུའི་ཡི་གེ་གནང་བ་རེད།།

འབྲེལ་ཡོད་རྩོམ་ཡིག