ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཚལ་དང་ཤིང་འབྲས་འབེལ་པོ། དྲོད་ཁང་བསྐྲུན་པའི་བཀའ་དྲིན།

2016-07-25
ཀ +
        ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་དུ་སྔོ་ཚལ་དྲོད་ཁང་ཆེ་མོ་སྐྲུན་པ་དང་སྦྲགས། མངའ་རིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་ཤིང་ཏོག་དང་སྔོ་ཚལ་སོས་པ་སྣ་ཚོགས་བཟའ་རྒྱུ་བྱུང་ནས་སྔོ་ཚལ་དཀོན་པའི་གནད་དོན་དེ་རིམ་བཞིན་ལོ་རྒྱུས་སུ་གྱུར་ཡོད།
        2013ལོ་ནས་བཟུང་དྲོད་ཁང་ཆེ་མོ་སྟར་པ་དང་སྟར་པ་བྱས་ནས་སྤུ་ཧྲེང་རྫོང་དང་རྩྭ་མདའ་རྫོང་དུ་སྐྲུན་ཟིན་པ་དེའི་ནང་སུར་པན་དང་། ཀྲོ་མ་ཀྲུ། ཧོང་ཀྭ་སོགས་སྔོ་ཚལ་དང་ད་དུང་ཁམ་བུ་དང་ཤིས་ཀྭ་སོགས་ཤིང་ཏོག་བཏབ་པ་དེས་ས་ཁུལ་དེ་གའི་མང་ཚོགས་ཀྱི་སྔོ་ཚལ་གྱི་དགོས་མཁོ་བསྐངས་ཡོད་པ་མ་ཟད། ད་དུང་སེང་གེ་ཁ་འབབ་གྲོང་རྡལ་དུ་སྔོ་ཚལ་མཁོ་འདོན་ཡང་ཐུབ་ཡོད་ཅིང་། འདི་ནི་རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་དུ་སྤྱི་གནོད་མེད་པའི་སྔོ་ཚལ་རྟེན་གཞིའི་ཞིང་འབྲོག་པའི་མཉམ་ལས་ཁང་དུ་ལས་དོན་མི་སྣས་དྲོད་ཁང་ཆེ་མོའི་ནང་གི་ཤིས་ཀྭ་སྐྱེ་ཚུལ་ལ་ལྟ་བའི་གནས་ཚུལ་ཡིན་པ།
འབྲེལ་ཡོད་རྩོམ་ཡིག