ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧྲན་ཞིའི་དགུང་ལོ ༨༣ ཅན་གྱི“སྤྱིལ་བུའི་རི་ཁྲོད་པས“ཀྲུང་ནན་རི་བོར་ལོ ༣༦ ལ་སྒོམ་སྒྲུབ་བྱས།

2015-02-03 ཀླུ་རྒྱལ།
རྒྱའི་ཁ་དཔེར། “སྒྲུབ་གནས་ཀུན་ལས་ཀྲུང་ནན་བླ་ན་མེད”ཟེར། ཀྲུང་ནན་རི་བོ་ནི་ནུབ་ཧྲན་ཞི་ཞིང་ཆེན་གྱི་པའོ་ཅིའི་གྲོང་ཁྱེར་མེ་རྫོང་ནས། ཤར་ཞི་ཨན་གྲོང་ཁྱེར་གྱི་ལན་ཐན་རྫོང་ལ་ཐུག་གི་བར་ཡིན། རི་གཉན་འཕྲང་ཆེ་ལ་ལམ་ཀ་རྩུབ། རགས་རྩིས་ལྟར་ན། ད་ལྟ་ཀྲུང་ནན་རི་བོར་སྒོམ་རྒྱག་བཞིན་པའི་རི་ཁྲོད་པ ༥༠༠༠ ལྷག་ཡོད། སྤྱིལ་བུ་ཆུང་ཆུང་ཞིག་ལ་བརྟེན་ནས་རི་ཁྲོད་དུ་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་འཚོ་བ་རོལ་སྟངས་ལྟར་བཞུགས་ཡོད། ཉེ་འདབས་ཀྱི་མིས་ཀྱང་རི་ཁྲོད་པ་དག་ལ་བཀུར་བསྟི་དང་ཞབས་ཏོག་བྱེད། གོང་གི་པར་ནང་གི་ཝང་ཀྲི་ཞ་ནི་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་ཁྲང་ཨན་རྫོང་ཞི་ལུའུ་ཤང་གི་མི་ཡིན། ལོ ༤༣ སྟེང་དྲི་འདུས་དགོན་པར་ཆོས་སྒོར་ཞུགས། ཀྲུང་ནན་རི་བོའི་རི་བོ་རྩེ་ལྔ་ཆུང་བའི་རི་སྐེད་དུ་ལྷ་ཁང་ཆུང་ངུ་ཞིག་ཕུབ་ཅིང་མིང་ལ“འཕགས་གསུམ་ལྷ་ཁང”ཞེས་བཏགས་ཡོད། 
དགུང་ལོ ༨༣ ཅན་གྱི་ཝང་ཀྲུ་ཞ་ནི་རི་ཁྲོད་པ་མང་བོའི་གྲས་ཀྱི་གཅིག་ཡིན། ༡༩༣༢ ལོའི་ལུགས་རྙིང་གི་ཟླ ༨ པའི་ཚེས ༦ ལ་སྐྱེས་ཤིང་ཀྲུང་ནན་རི་བོ་ནས་སྒོམ་ལོ ༣༦ ལ་བརྒྱབ། མོས་རྟག་པར་གད་མོ་ཚུལ་གྱིས་མོ་ནི་ཀྲུང་ནན་རི་བོའི་སྟེང་གི“རྒན་མོ་སྨྱོན་མ”ཡིན་ཟེར། པར་འདི་ནི་མོ་རང་སྒོམ་རྒྱག་བཞིན་པ་རེད།
ཁ་བའི་གོས་ལྭ་བཀླུབས་པའི་ཀྲུང་ནན་རི་བོ།
 
དགུང་ལོ ༨༣ ལ་སོན་པའི་ཝང་ཀྲུ་ཞན་གྱི་སྤྱིལ་བུ། གློག་འཐེན་མེད་ལ་དྲོད་བཟོའི་སྒྲིག་ཆས་གཞན་དག་ཀྱང་མེད། མོ་རང་སྤྱིལ་བུ་ཐབས་ཆག་འདིའི་ནང་ལོ ༣༦ བཞུགས།
 
རི་ཁྲོད་པས་དགུན་བསྐྱལ་རྒྱུར་གྲ་སྒྲིག་བྱས་པའི་བུད་ཤིང་།
 
ལྗོངས་རྒྱུ་བ་དག་སྒོ་འགྲམ་རྒྱུད་སྐབས་རེ་རེར་སྒོམ་མཁན་དག་གིས་ཆུ་དང་སྐུབ་སྟེགས་མཁོ་སྤྲོད་གནང་ལ། དེ་ཚབ་ཏུ་ལྗོངས་རྒྱུ་བ་མི་ཉུང་ཞིག་གིས་ཁོང་ཚོར་པར་བརྒྱབ་ནས་འབུལ་གྱི་ཡོད།
 
ཝང་ཀྲི་ཞ་ནི་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་ཁྲང་ཨན་རྫོང་ཞི་ལུའུ་ཤང་གི་མི་ཡིན། དགུང་ལོ ༤༣ སྟེང་དྲི་འདུས་དགོན་པར་ནང་བར་ཞུགས། ཀྲུང་ནན་རི་བོའི་རི་བོ་རྩེ་ལྔ་ཆུང་བའི་རི་སྐེད་དུ་ལྷ་ཁང་ཆུང་ཆུང་ཞིག་ཕུབ་ནས་མིང་ལ“འཕགས་གསུམ་ལྷ་ཁང”ཞེས་བཏགས་ཡོད།
 
ཁ་ཟས་སྟབས་བདེ།
 
མག་མོག་གི་སྒྲོན་མེ་འོག་ཆོས་དཔེ་ཀློག་བཞིན་པ།
 
ཕྲེང་བ་བགྲང་རྒྱུ་དང་། ཁ་ཏོན་འདོན་པ། སྤོས་ཀྱིས་མཆོད་པ་འབུལ་རྒྱུ་བཅས་ནི་ཉིན་རྒྱུན་ཆག་མེད་ཡིན།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག