ས་གནས་དེ་གའི་དུས་ཚོད་དེ་སྤྱི་ལོ ༢༠༡༦ ལོའི་ཟླ ༡ པའི་ཚེས ༡༦ ཉིན། ཨུ་རུ་སུས་ངོ་རྒོལ་ཕྱོགས་ཁག་གིས་དབང་སྒྱུར་བྱས་པའི་སི་རི་ཡའི་ཨ་ལེ་ཕོར་གྲོང་ཁྱེར་དུ་མཁའ་རྒོལ་དྲག་པོ་བྱས་ཏེ། སྡོད་གནས་མང་པོ་ཐལ་བའི་རྡུལ་དུ་བརླགས། འདིའི་ཡར་སྔོན་གྱི་ཟླ་༡པའི་ཚེས ༡༢ ཉིན་ཨུ་རུ་སུས་ངོ་རྒོལ་ཕྱོགས་ཁག་གིས་དབང་སྒྱུར་བྱས་པའི་ས་གནས་ལ་མཁའ་རྒོལ་བྱས་ཏེ་མི་སེར་མང་པོ་ཤི་རྨས་བྱུང་པའི་གསར་འགྱུར་ཡང་ཐོན་ཡོད་པ་རེད།
མི་མང་གིས་རྨས་ཕོག་པའི་བུད་མེད་ཅིག་གས་ཆག་གི་ཁྲོད་ནས་ཕྱིར་བཀྱགས་ནས་ཡོང་བཞིན་པ།
སྡུག་གི་མཆི་མ་དབང་མེད་ཐོར་བའི་སྐྱེས་པ་ཞིག
མཁའ་རྒོལ་བྱས་ཟིན་པའི་ཡུལ་དངོས།
ཛ་དྲག་ཆེ་བའི་ཡུལ་དངོས་ཀྱི་རྣམ་པ།
པར་འདི་ནི་ཕྱི་ཟླ ༡ པའི་ཚེས ༡༢ ཉིན་ཨུ་རུ་སུས་སི་རི་ཡའི་ཨ་ལེ་ཕོར་གྲོང་ཁྱེར་དུ་མཁའ་རྒོལ་བྱེད་དུས། སློབ་གྲྭ་ཞིག་ཐལ་བའི་རྡུལ་དུ་བཏང་བར་མ་ཟད་ཆེས་ཉུང་ཡང་སློབ་མ ༡༢ བརླགས་པ་རེད།
ཡུལ་དངོས་ཀྱི་འདྲ་པར།