ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་སྤོ་བོ་རྫོང་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལམ་བུར་སྐྱོད།

2016-05-24

        རྒྱལ་ལམ318དེ་སྤོ་བོ་རྫོང་གི་ས་ཁོངས་སུ་སྤྱི་ལེ220ཙམ་བརྒྱུད་ཀྱི་ཡོད་པ་དང་ལམ་བརྒྱུད་དུ་གངས་རི་དང་། ནགས་ཚལ། སྤང་ལྗོངས། ཞིང་ཐང་། གྲོང་ཁྱིམ་སོགས་ཡུལ་ལྗོངས་བཀོད་པ་མཚར་དུ་དངར།

སྤོ་བོ་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་སྒྲོལ་མ་ལགས་ཀྱིས།ད་ཆ་རྫོང་དེ་ཡོངས་སུ་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང201ཟིན་པ་དང་།སྤྱི་ལོ2015ལོར་ཤང་གྲོང་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་དང་སུམ་འབུམ་དྲུག་ཁྲི་ཟིན་ཡོད་པ་དང་།རྒུ་ཤང་སྦ་ཁ་གྲོང་ཚོར་ཡོད་པའི་རིན་ཆེན་ཁྱིམ་ཚང་མགྲོན་ཁང་ནི་ངེད་རྫོང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཁྱིམ་ཚང་མགྲོན་ཁང་ཞིག་ཡིན་པ་དང་།དེ་ཁར་བོད་བཟོའི་མགྲོན་ཁང41དང་ཉལ་ཁྲི126ཟིན་གྱི་ཡོད་ཅེས་ངོ་སྤྲོད་གནང་།

ཀོང་པོའི་ཞིང་ཁྱིམ་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རིན་ཆེན་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་ཚེ་རིང་སྒྲོལ་མས་བོད་རྒྱ་སྐད་རིགས་གཉིས་ཆུ་རྒྱུགས་རྒྱུགས་ཀྱིས་བཅར་འདྲི་དང་ལེན་གནང་བཞིན་པ།

རྒྱལ་ཁབ་ཕྱི་ནང་གི་འགྲུལ་པ་མི་ཉུང་བ་ཞིག་རིན་ཆེན་ཁྱིམ་ཚང་མགྲོན་ཁང་གི་ཞབས་ཞུའི་མཚན་སྙན་གོ་ཐོས་བྱུང་ནས་ཞག་སྡོད་དུ་ཡོང་བ་ཡིན་ཞིང་།སྤྱི་ལོ2008ལོར་ལས་གཉེར་བྱེད་འགོ་བཙུགས་པའི་མགྲོན་ཁང་དེར་ཁྱིམ་ཚང་གི་ཕ་མ་དང་བུ་མོ་ཚུད་པའི་ལས་བཟོ་པ13ཡོད།བོད་པའི་ལྷག་བསམ་དཀར་པོར་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལ་གཉེན་ཉེ་ལྟ་བུའི་ཞབས་ཞུ་བྱེད་རྒྱུ་ནི་མགྲོན་ཁང་དེའི་རྩ་དོན་ཡིན།མགྲོན་ཁང་དེས་ལོ་རེར་མི་ཐེངས་ཉིས་ཁྲི་ལྷག་ལ་སྣེ་ལེན་བྱེད་ཀྱི་ཡོད་པས།སྔོན་དཔག་བྱས་ན་ད་ལོ་ཡོང་འབབ་སྒོར་ཁྲི120ནས130བར་ཡོང་བཟོ་ཡོད་པ་རེད།།

ཞིང་ཁྱིམ་མགྲོན་ཁང་ནང་གི་ཀོང་པོའི་ཁྱད་ཆོས་ལྡན་པའི་ཐོན་རྫས།

ཀོང་པོའི་ཁྱད་ཆོས་ལྡན་པའི་ཞིང་ཁྱིམ་མགྲོན་ཁང་།

འབྲེལ་ཡོད་རྩོམ་ཡིག