ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མང་ཚོགས་དབུལ་ཐར་ལ་རོགས་བྱས་པ།

2016-05-31

འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་དཔེ་སྟོན་སྡེ་བའི་རྣམ་པ་རེད།

འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་སྐྱེད་པ་ཤང་སྟར་ཤིང་སྡེ་བའི་ཤིང་བཟོ་མང་པོ་ཞིག་གིས་ལས་རིགས་སྒྱུར་ནས་རྡོ་བཟོ་བྱེད་བཞིན་པའི་རྣམ་པ་རེད།

འདི་ནི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་གྱིས་ས་གནས་གཞན་ལ་སྤོར་ནས་ཁང་བ་ལས་བཞིན་པའི་ཚུལ།

འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྗོངས་ཡུལ་ནས་རྟ་ཁྲིད་པའི་ལས་ཀ་ལ་བརྟེན་ནས་ཁྱིམ་གྱི་ཡོང་སྒོ་འཕར་སྣོན་བྱེད་པའི་ཚུལ།

འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་བུ་མོ་ཆོས་སྐྱིད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་སྡེ་བ་རུ་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ཡོད་པའི་ཚུལ་རེད།

འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ནས་པར་རྒྱབ་པའི་སྤྲོ་སྐྱིད་གླིང་ཞིག་ཡིན།

ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ས་གནས་གཞན་ལ་གནས་སྤོར་བ་དང་། ཐོན་ལས་ལ་རོགས་འདེགས། སྤོ་བསྒྱུར་ལས་ཞུགས། ནུས་རྩལ་གསོ་སྦྱོང་། སྐྱེ་ཁམས་ཁ་གསབ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་སོགས་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་དེ་རོང་འབྲོག་མང་ཚོགས་དབུལ་ཐར་འབྱུང་བར་རོགས་བྱས་ཞིང་། བསྡོམས་པས་དབུལ་ཕོངས་མི་ཁྲི7.9ཇེ་ཉུང་དུ་བཏང་བ་དང་། མི་ཁྲི1.07གྱི་ལས་ཞུགས་ཐག་གཅོད་བྱས།

ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གི་དཔལ་འབྱོར་ཞིབ་འཇུག་ཁང་གི་སྙན་ཞུ་ལས་མངོན་པ་ལྟར་ན། 2015ལོའི་ལོ་མཇུག་གི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྲོང་རྡལ་སྡོད་དམངས་དང་རོང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བཏང་ཆོག་པའི་ཡོང་སྒོ་སོ་སོར་སྒོར་ཁྲི2.4དང་སྒོར8990ལ་བསླེབས་ཡོད་པ་དང་། དེ2010ལོའི་ལྡབ1.7དང་ལྡབ2.1ཡིན་ལ། ལོ་རེར་ཆ་སྙོམས་ཀྱི11%དང16%འཕར་སྣོན་བྱུང་ཡོད།“ལོ་ལྔའི་ཚན་བཅུ་གསུམ་པའི”སྐབས་སུ། རོང་འབྲོག་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བཏང་ཆོག་པའི་ཡོང་སྒོ13%ཡན་འཕར་སྣོན་འབྱུང་རྒྱུར་ཁག་ཐེག་ཏན་ཏིག་བྱས་ནས། ཚོད་དཔག་བྱས་ན་གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་ལས་འགན2018ལོར་མངོན་འགྱུར་འབྱུང་རྒྱུ་རེད།།

འབྲེལ་ཡོད་རྩོམ་ཡིག