ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

རྒྱལ་ཡོངས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་ཡིག་ཚད་དེ་རིང་མགོ་ཚུཊ། མི་གྲངས་ལོ་གཉིས་པར་ཆག

2014-12-27 ཟླ་བ།
  དེ་རིང་། 2015 ལོའི་རྒྱལ་ཡོངས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་ཡིག་ཚད་དངོས་སུ་ལེན་མགོ་བརྩམས། ཁ་སང་སློབ་གསོ་པུའུ་ནས་དན་གྲངས་བསྒྲགས་གསལ་ལྟར་ན། 2015 ལོའི་རྒྱལ་ཡོངས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་ཡིག་ཚད་ལ་མིང་ཐོ་འགོད་མཁན་མི་གྲངས་ཁྲི 164.9 ཡོད་ཅིང་ན་ནིང་ལས་ཁྲི 6.5 ཡིས་མར་ཆག་འདུག་ལ། འདི་ཉེ་བའི་ལོ 6 རིང་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་བའི་མི་གྲངས་མར་ཆག་ཐེངས་གཉིས་པ་རེད་འདུག
  སློབ་གསོ་པུས་བསྒྲགས་དོན་ལ། 2015 ལོའི་རྒྱལ་ཡོངས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་ཡིག་ཚད་ལ་མིང་ཐོ་འགོད་མཁན་ཁྲི 164.9 ཡོད་པ་ལས། དེའི་གྲས་སུ་ཆེད་ལས་བསླབ་གནས་ལ་མིང་ཐོ་འགོད་མཁན་ཁྲི 72.6 ཡོད་ཅིང་ན་ནིང་ལས་ཁྲི 5 ཡིས་མང་དུ་ཕྱིན་འདུག་ལ། མིང་ཐོ་འགོད་མཁན་གྱི 44% ཟིན་ཞིང་ན་ནིང་ལས་བརྒྱ་ཆའི་ཚེག 4 འཕར་འདུག
  དེ་སྔོན་ལོ་མང་རིང་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་མཁན་མང་པོ་བྱུང་བ་རེད། 2014 ལོར་མིང་ཐོ་འགོད་མཁན་ཁྲི 172 བྱུང་ཞིང 2013 ལོ་ལས་ཁྲི 4 ཡིས་ཇེ་ཉུང་དུ་སོང་སྟེ། སྐབས་དེར་བསྟུད་མར་ལོ 5 ཡི་རིང་མིང་ཐོ་འགོད་མཁན་མར་ཆག་པ་ཐོག་མ་ཡིན་པ་དང་། ཉེ་བའི་ལོ 20 རིང་། 2008 ལོར་ཞིབ་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་ཐོག་མར་ཆག་པའི་རྗེས་ནས་མར་ཆག་པ་ཐེངས་གཉིས་པ་དེ་ཡིན། 2015 ལོར་ཉེ་བའི་ལོ 6 རིང་ཞིབ་རྒྱུགས་ལ་མིང་ཐོ་འགོད་མཁན་གྱི་མི་གྲངས་བསྟུད་མར་ལོ་གཉིས་པར་མར་ཆག་པ་རེད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག