ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་ལ་གྲུབ་འབྲས་བླངས། སྐར་ཆ་རེར་ཐ་སྙད ༡༠༠༠ དབྱེ་ཐུབ།

2015-03-09 ཟླ་བ།
  གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་སློབ་ཆེན་གྱི་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་ཀྱིས་འགན་ཕྲག་ཏུ་བླངས་པའི ༢༠༡༢ ལོའི་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཏེ། ཚིག་ཐུང་གཞི་བྱས་པའི་བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གིས་བོད་ཡིག་གི་ཐ་སྙད་རང་དབྱེ་དང་ངོ་བོ་བཀར་བ། སྐད་ཆའི་མཛོད་བཟོ་བ། ཚིག་ཐུང་གཞིར་བྱས་པའི་བོད་རྒྱའི་སྡོམ་རྩིས་འཕྲུལ་ཆས་ཡིག་སྒྱུར་སོགས་ཁྱབ་ཁོངས་ལ་ཞིབ་འཇུག་གཏིང་ཟབ་བྱས་ལ། ཉེ་ཆར“ཉི་འོད་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་མ་ལག”ལ་བེད་སྤྱོད་ཁྲོད་འབྲས་བུ་ཡག་པོ་ཐོན་པ་དང་། མཚོན་བྱེད་རང་བཞིན་གྱི་ཞིབ་འཇུག་འབྲས་བུ་ཐོབ་པ་རེད།
   རྒྱུས་ལོན་པ་ལྟར་ན། ཞིབ་འཇུག་རྣམ་གྲངས་འདིར“ཉི་འོད་བོད་ཡིག་ཐ་སྙད་རང་དབྱེའི་མ་ལག”གིས་བོད་ཡིག་གི་ཐ་སྙད་དབྱེ་བའི་མགྱོགས་ཚད་སྐར་ཆ་རེར་ཐ་སྙད ༡༠༠༠ རེ་དབྱེ་ཐུབ་ཅིང་། བོད་ཡིག་དེང་རབས་གཞུང་ཡིག་ཁྱབ་ཁོངས་ཀྱི་ཐ་སྙད་དབྱེ་བ་དག་ཚད ༩༥% ལ་སླེབས། དེ་དང་མཉམ་དུ་བོད་ཡིག་གི་ཐ་སྙད་རང་དབྱེ་དང་ངོ་བོ་ངོས་འཛིན་ཐུབ་པར་གཞོགས་འདེགས་བྱ་ཆེད། ཞིབ་འཇུག་འདིས《བརྡ་འཕྲིན་ལག་རྩལ་ཁྲོད་བོད་ཡིག་ཐ་སྙད་ཀྱི་རིགས་དབྱེའི་ཚད་གཞི》བཟོ་བཅོས་འཐུས་ཚང་དུ་བཏང་བས། བོད་ཡིག་གི་ཐ་སྙད་རང་དབྱེ་དང་བོད་རྒྱའི་འཕྲུལ་ཆས་ཡིག་སྒྱུར་གྱི་དགོས་མཁོ་དངོས་དང་ཡང་ཇེ་མཐུན་དུ་བཏང་ཡོད། ཞིབ་འཇུག་ཚོགས་པ་འདིས་ད་དུང་བོད་ཡིག་གི་ཐ་སྙད་རང་དབྱེ་དང་ངོ་བོ་ངོས་འཛིན་པའི་བོད་ཡིག་གློག་རྡུལ་མིང་མཛོད་ཀྱང་བཟོས་ལ། དེར་ཐ་སྙད་འབུམ ༡ འདུས་པའི《འཕྲུལ་ཀློག་མིང་མཛོད》དང《མིས་ཀློག་མིང་མཛོད》འདུས། བོད་ཡིག་གི་སྐད་ཆའི་མཛོད་དུ་ཆེ་ཆུངMB༣༠༠ མཆིས་པ་བཟོས་ཤིང་། དེར་བོད་ཡིག་གི་སྦྱོང་བརྡར་རྒྱུ་ཆ་དང་། རྒྱ་བོད་སྐད་གཉིས་ཀྱི་ཚིག་ཤན་སྦྱར་འབུམ ༣ ལྷག་འདུས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག