ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

གཟི་རྩ་སྡེ་དགུ་རྟགས་ཅན་གྱི་ཡིག་གཟུགས་འགྲན་བསྡུར་བྱ་དགའི་གསལ་བརྡ།

2015-04-16

ཐེངས་དང་པོའི་གཟི་རྩ་སྡེ་དགུ་རྟགས་ཅན་བྱ་དགའ་ཞེས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་མཉམ་འབྲེལ་གྲོས་ཚོགས་བསྡུས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གནང་བའི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བོད་རྒྱ་རིག་གནས་གོང་འཕེལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡར་ཐོན་ཡོང་བར་སྐུལ་སྤེལ་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། སློབ་ཆེན་སློབ་འབྲིང་སློབ་ཆུང་བཅས་ཀྱི་ཡི་གེ་འབྲི་བའི་ཆུ་ཚད་དང་ནུས་པ་སྔར་ལས་ལྷག་པར་ཁྱབ་སྤེལ་དང་མཐོ་རུ་གཏོང་བ། ནུབ་རྒྱུད་ས་ཁུལ་གྱི་རིག་གནས་གོང་འཕེལ་ཕུན་སུམ་ཚོགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཟླ4བའི་ཚེས7ནས་ཚེས8བཅས་ཉིན་གཉིས་ཀྱི་རིང་ལ། ཐེངས་དང་པོའི་གཟི་རྩ་སྡེ་དགུ་རྟགས་ཅན་བྱ་དགའ་ཞེས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་མཉམ་འབྲེལ་གྲོས་ཚོགས་དེ་སི་ཁྲོན་ཁྲིན་ཏུའུ་མན་ཧྲམ་གྲོང་ཁྱེར་ཆན་ཧྲན་རྫོང་དུ་ཚོགས་པ་རེད།

ཐེངས་དང་པོའི་གཟི་རྩ་སྡེ་དགུ་རྟགས་ཅན་བྱ་དགའ་ཞེས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་མཉམ་འབྲེལ་གྲོས་ཚོགས

གྲོས་ཚོགས་ཀྱི་ཟུར་ཞིག

ད་ལྟ་འབྲེལ་ཡོད་དོན་ཚན་གྱི་བརྡ་ཐོ་གཤམ་གསལ་ལྟར།

གཅིག སྒྱུ་རྩལ་སློབ་སྟོན་སྡེ་ཚན། ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་འབྲི་རྩལ་མཐུན་ཚོགས།

གཉིས། གཙོ་སྒྲུབ་སྡེ་ཚན། སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲོ་མོའི་ཡིག་གཟུགས་འབྲི་རྩལ་མཐུན་ཚོགས་དང་གཟི་རྩ་སྡེ་དགུ་ཆེན་མོའི་ལྗོངས་སྐོར་ཚོགས་ཁག

གསུམ། ལས་སྒྲུབ་འགན་འཁུར་བའི་སྡེ་ཚན། གཟི་རྩ་སྡེ་དགུ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས།

བཞི། སྒྲུབ་འགན་འཁུར་རོགས་སྡེ་ཚན།

ཀྲུང་གུང་གཟི་རྩ་སྡེ་དགུ་རྫོང་ཨུ་དང་གཟི་རྩ་སྡེ་དགུ་རྫོང་སྲིད་གཞུང་།

ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་སྒྱུ་རྩལ་ཞིབ་འཇུག་པུའུ།

གཟི་རྩ་སྡེ་དགུ་མཛེས་ལྗོངས་གྲགས་ཅན་དོ་དམ་ཅུས།

ཧྲན་ཞི་ཁྲང་ཅ་རིག་གནས་རྒྱུད་འཛིན་ཁེ་ལས་ཚད་ཡོད་ཀུང་སི།

སི་ཁྲོན་ཏ་ཆིན་བྱ་བཞག་རླབས་ཆེན་རིག་གནས་སྨྱན་བྱེད་ཚད་ཡོད་ཀུང་སི།

ལྔ། རྒྱབ་སྐྱོར་བྱེད་པའི་སྡེ་ཚན།

ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་འབྲི་རྩལ་མཐུན་ཚོགས་ཀྱི་མི་རིགས་ཡི་གེ་ལས་སྒྲུབ་ཨུ་ཡོན་ལྷན་ཁང་།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གནས་གསར་གཏོད་དཔལ་འབྱོར་ཞིབ་འཇུག་ཁང་།

ཁྲེང་ཏུའུ་གྲོང་ཁྱེར་གསར་གཏོད་རིག་གནས་ཐོན་ལས་བཟོ་ཚོགས།

ཁྲེང་ཏུའུ་སྐར་འོད་གསར་གཏོད་རིག་གནས་ཁྱབ་སྤེལ་ཀུང་སིའི་ཚེ་སྲོག་མེ་ཏོག་ལས་སྒྲུབ་ཁང་།

དྲུག འགྲན་བསྡུར་ཆེན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་།

བློ་འདྲི་ས།

ཀྲང་ཧྭ་ཆིན།༼ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི།༽

ལི་པིན།༼ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞོར་དུ་དྲུང་ཡིག་ཆེན་མོའི་ལས་འགན་འཁུར།༽

ཞུང་ཅེ་ཡིང་།༼ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཨུ་ཡོན་དང་། ཞོར་དུ་ལག་བསྟར་དྲུང་ཡིག་ཆེན་མོའི་ལས་འགན་འཁུར།༽

ལི་ཅིང་ཧང་།༼ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞོར་དུ་མི་རིགས་ཡི་གེ་ལས་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལས་འགན་འཁུར།༽

བསོད་ནམས་ཕུན་ཚོགས། ༼བོད་ལྗོངས་དགའ་ལྡན་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྡོ་རམས་པ་དགེ་བཤེས།༽

སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ།༼རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།༽

མཁན་པོ་བླ་མ་ཚེ་རིང་།༼དགའ་མལ་དགོན་ཆེན་གྱི་མཁན་པོ། ཨ་མདོ་ཤར་ཁོག་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ། ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགའ་མལ་དགོན་ཆེན་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།༽

ཀྲུའུ་རེན། ལི་ཧྲུའུ་ཀྲུང་།༼སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་འབྲི་རྩལ་མཐུན་ཚོགས་ཀྱི་ཀྲུའུ་རེན།༽

ཀྲུའུ་རེན་གཞོན་པ། དབྱང་ཧྥང་།༼གཟི་རྩ་སྡེ་དགུ་ཆེན་མོའི་ལྗོངས་སྐོར་ཚོགས་ཁག་གི་འགོ་འཛིན་པ།༽

ཝང་ཆང་།༼གཟི་རྩ་སྡེ་དགུ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ།༽

ཡའོ་ཞའོ་རུང་།༼གཟི་རྩ་སྡེ་དགུ་ཆེན་མོའི་ལྗོངས་སྐོར་ཚོགས་ཁག་གི་སྤྱི་ཁྱབ་ཅིང་ལི།༽

ཀྲང་རུའུ་པིན།༼ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་འབྲི་རྩལ་མཐུན་ཚོགས་ཀྱི་སྒྱུ་རྩལ་ཞིབ་འཇུག་པུའུ་ཀྲུའུ་རེན། མི་རིགས་ཡི་གེ་ལས་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།༽

མུའུ་ལན།༼ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་།༽

ཀྲང་ཡིའུ།༼ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གནས་གསར་གཏོད་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་པ་དང་དགེ་རྒན་ཆེ་མོ།༽

ལི་ཧྥང་མིང་།༼སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།༽

ཧྲུའུ་ཀྲི་ཝུན།༼སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།༽

ལུའོ་ཡུན།༼སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།༽

ཝང་ཅིན་ཡོན།༼སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།༽

ཞེ་ཀྲེང་ཚའེ།༼སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།༽

དྲུང་ཡིག་ཆེན་མོ། ཧྲུའུ་ཀྲི་ཝུན།༼ཞོར་འགན།༽

ལག་བསྟར་དྲུང་ཡིག་ཆེན་མོ། ཐེན་རུའེ་ཙེ།

དྲུང་ཡིག་ཆེན་མོ་གཞོན་པ། ལིའུ་ཧྲན་ཀང་དང་། ཨ་དཔལ་བཟང་། རིན་སྤུངས་ཚུལ་བསྟན། མཱ་ཅུན། ལན་ཀོ། སུན་ཅིང་དབྱང་། ལི་ཞུའེ་ཝུན། ལིན་ལི། ཀྲུའོ་ཡུང་ལི། ཞུས་ཞའོ་དབྱང་བཅས་ཡིན།

ཨུ་ཡོན། ཏོ་རུའེ་མིང་དང་། ཀྲང་ཞུའེ་ལི། ལིའུ་ཡན། ཞ་ཀྲུང་ཆི། རེན་སུང་། ལིའང་ཏ་ཞིང་། ཕུའུ་ཙེ་ཨན། ཀྲུའུ་ཡུས་ཧྭ། ཧོང་ཀྲུང་ཁྲེང་། ཧུའུ་དབྱི་ཞང་། དབྱང་ཡིའུ་ཕིང་། ཝང་ཧུའུ་དབྱི། ཡུས་ཝུན་ཆོན། ཞེ་ཏའེ་ཞུན། ཧོ་ཆིན་ཨན་བཅས་ཡིན།

བདུན། ཡིག་གཟུགས་བྲིས་མ་བསྡུ་ལེན་བྱ་ཡུལ།

རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རྫོང་སོ་སོའི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་ལས་དོན་སྡེ་ཚན། སྤྱི་ཚོགས་ཚོགས་པ་བཅས་ཀྱི་ལས་བྱེད་ལས་བཟོ་བ་དང་སློབ་ཆེན་སློབ་འབྲིང་སློབ་ཆུང་བཅས་ཀྱི་དགེ་རྒན་དང་སློབ་མ། གྲྭ་བ། དེ་མིན་སྤྱི་ཚོགས་ལས་རིགས་ཁག་གི་བོད་རྒྱ་ཡིག་གཟུགས་འབྲི་རྩལ་ལས་སྒྲུབ་པ་དང་དགའ་མཁན།

བརྒྱད། ཡིག་གཟུགས་བྲིས་མ་བསྡུ་བའི་རེ་འདུན།

༡ ཡིག་གཟུགས་བྲིས་མའི་ནང་དོན་སྐྱོན་བྲལ་ཡར་རྒྱས་དང་། རྣམ་པ་གསར་བ་ཡིན་ཞིང་། ཡིག་གཟུགས་དང་གསར་རྩོམ་རྣམ་པ་ལ་ཚད་གཞི་མེད། ཡིག་གཟུགས་ཀྱི་ནང་དོན་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དང་མི་རིགས་མཐུན་སྒྲིལ། བོད་རྒྱ་མི་རིགས་ཀྱི་རིག་གནས་སྐོར་གཙོ་བོར་འཛིན་དགོས༼སྒྲུབ་འགན་འཁུར་ལེན་བྱེད་པའི་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པའི་ནང་དོན་བྲིས་ནའང་ཆོག༽ རྒྱ་ཆེ་བའི་བོད་རྒྱ་ཡིག་གཟུགས་ལ་དགའ་ཞེན་ཆེ་བ་ཚོས་བོད་རྒྱ་ཡིག་རིགས་གཉིས་མཉམ་དུ་བྲིས་ན་ལྷག་པར་དུ་བཟང་།

༢ ཡིག་གཟུགས་ཀྱི་རྣམ་པ་སྟེ། སྨྱུ་གུ་སྲ་མོའི་ཡིག་གཟུགས་ཡིན་ན། ངེས་པར་དུ་སྨྱུ་གུ་སྲ་མོ༼ལྕགས་སྨྱུག་དང་སྨྱུ་གུ་རྩེ་རིལ། ཞ་སྨྱུག ཟངས་སྨྱུག སྨྱུག་མ་སོགས༽ཡིས་འབྲི་དགོས་ཤིང་། ཡིག་གཟུགས་བྲིས་མའི་ཆེ་ཆུང་དེབ་ཚད16ལས་ཆུང་མི་རུང་། ལག་སྒྲིལ་དང་མཛེས་སྤྲས་བྱས་པའི་ཡིག་རིས་སོགས་ཀྱི་རྣམ་པ་ཡིན་ཆོག ཚན་ཆུང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པའི་སྨྱུ་གུ་སྲ་མོའི་ཡིག་གཟུགས་ཆེད་སྤྱོད་ཤོག་བུ་བཀོད་ཆོག་ཅིང་། རྒྱུགས་བྲིས་དང་འཁྱོག་བྲིས། བོད་ཡིག་བཅས་ལ་མཆན་འགོད་དགོས། པིར་སྨྱུག་གིས་བྲིས་པ་ལ་ཐིག་ཤིང་བཞི་ཅན་དང་ཐིག་ཤིང་དྲུག་ཅན་གྱི་ཤོག་ངོས་ཧྲིལ་བོའམ་ཡང་ན་ཤོག་བུ་བྲེ་ཁ་ཕྱེད་གཏུབ་མ་ཡིན་ན་ལྷག་པར་དུ་བཟང་ཞིང་། རྒྱུགས་བྲིས་དང་འཁྱོག་བྲིས། བོད་ཡིག་བཅས་ལ་མཆན་འགོད་དགོས།

༣ འགྲན་ཞུགས་ཡིག་གཟུགས་ལ་གཤམ་ལྟར་ཚན་ཁག་བགོས་ཡོད་དེ།

ཀ མི་དར་མའི་ཚན་ཁག༼ལོ18ཡན༽གི་སྨྱུ་གུ་སྲ་མོ་དང་པིར་སྨྱུག་གི་ཡིག་གཟུགས།

ཁ། སློབ་ཆུང་ཚན་ཁག་གི་སྨྱུ་གུ་སྲ་མོ་དང་པིར་སྨྱུག་གི་ཡིག་གཟུགས།

ག སློབ་འབྲིང་ཚན་ཁག་གི་སྨྱུ་གུ་སྲ་མོ་དང་པིར་སྨྱུག་གི་ཡིག་གཟུགས།

༤ འགྲན་བསྡུར་ལ་ཞུགས་མཁན་གྱིས་ཡིག་གཟུགས་བྲིས་མའི་རྒྱབ་ཕྱོགས་ཀྱི་གཡས་ཟུར་དུ་ཞ་སྨྱུག་གིས་ལས་ཁུངས་དང་རུས་མིང་། ཕོ་མོ། ལོ་ཚོད། འཕྲིན་གཏོང་གནས་ཡུལ། འབྲེལ་གཏུག་ཁ་པར་བཅས་གསལ་བོར་འབྲི་དགོས་ཤིང་། ལོ་ཆུང་ཚན་ཁག་གིས་མཛུབ་སྟོན་དགེ་རྒན་གྱི་རུས་མིང་བྲིས་ཆོག ཡིག་གཟུགས་འབྲི་རྒྱུར་མངག་པའི་ལས་ཁུངས་ཀྱིས་འགྲན་ཞུགས་མི་སྣའི་ཐོ་འགོད་རེའུ་མིག་ཁ་བསྐོང་དགོས་ཤིང་། མཉམ་འབྲེལ་དུ་ཡིག་གཟུགས་འབྲི་རྒྱུར་མངག་པའི་ལས་ཁུངས་ཀྱི་བཏང་དངུལ་འབྱོར་ཐོ་དེ་བསྡོམས་རྩིས་རེའུ་མིག་གི་རྒྱབ་ཕྱོགས་སུ་སྦྱོར་དགོས་པར་མ་ཟད། ད་དུང་འགྲན་ཞུགས་མི་སྣའི་མིང་ཐོ་ཟུར་དུ་འདོན་སྤྲོད་བྱ་དགོས།

༥ ཡིག་ཤུབས་ཐོག་ཏུ“གཟི་རྩ་སྡེ་དགུ་བུམ་པའི་བྱ་དགའ”ཞེས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོར་ཞུགས་པར་བསྐུར་བའི་ཡིག་གཟུགས་ཞེས་གསལ་བོར་འབྲི་དགོས།

༦ འགྲན་ཞུགས་ཡིག་གཟུགས་བྲིས་མ་ལས་མི་དར་མའི་ཚན་ཁག་གིས་འགྲན་ཞུགས་གྲོན་དངུལ་སྒོར30སྤྲོད་དགོས་པ་དང་། ལོ་ཆུང་ཚན་ཁག་གིས་སྒོར་༢༠དང་། ཕྱི་རྒྱལ་གྱི་འགྲན་ཞུགས་ཡིག་གཟུགས་བྲིས་མ་ཡིན་ན་འགྲན་ཞུགས་གྲོན་དངུལ་ལ་ཨ་རིའི་སྒོར10སྤྲོད་དགོས། འགྲན་ཞུགས་གྲོན་དངུལ་མ་སྤྲད་པའི་ཡིག་གཟུགས་བྲིས་མ་དཔྱད་བསྡུར་འདེམས་བསྐོ་རུ་ཞུགས་མི་ཆོག བཏང་དངུལ་འབྱོར་ཐོ་དེ་ཡིག་གཟུགས་བྲིས་མ་དང་མཉམ་དུ་འཚོལ་སྡུད་ས་གནས་སུ་བསྐུར་དགོས། ལས་བྱེད་མི་སྣ་ཉུང་བའི་དབང་གིས་ང་ཚོར་བསྐུར་བའི་ཡིག་གཟུགས་དེ་རྣམས་འབྲི་མཁན་ལ་ཕྱིར་མི་སྐུར།

༧ འགྲན་ཞུགས་མི་སྣས་ད་དུང་“གཟི་རྩ་སྡེ་དགུ་བུམ་པའི་བྱ་དགའ” ཞེས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོར་ཞུགས་པའི་ཡིག་གཟུགས་བྲིས་མའི་ཐོ་འགོད་རེའུ་མིག་གི་ཁ་བསྐོང་དགོས།༼རེའུ་མིག་གི་མ་དཔེ་ཟུར་འབུལ་བྱ་དགོས༽

༨ ཡིག་གཟུགས་བྲིས་མ་བསྡུ་བ་མཚམས་འཇོག་པའི་དུས་ཚོད་དེ། བརྡ་སྦྱོར་འདི་ཕྱི་ལ་སྐུར་བའི་ཉིན་ནས2015ལོའི་ཟླ7ཚེས30ཉིན་བར།༼ས་དེ་གའི་སྦྲག་ཐེལ་ཚད་གཞིར་འཛིན་དགོས།༽

དགུ། ཡིག་གཟུགས་ཞིབ་དཔྱད།

དཔྱད་བསྡུར་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་ཀྲུང་གོ་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་དང་། སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བཅས་ནས་གདན་དྲངས་པའི་དགེ་རྒན་ཆེན་མོ་ཡིན་ཞིང་། མངོན་གསལ། དྲང་སྙོམས། དྲང་ཚུགས། བཟང་བདམས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དཔྱད་འདེམས་སྔ་མ་དང་བར་མ། མཐའ་མ་བཅས་དཔྱད་བསྡུར་འདེམས་བསྐོ་རིམ་པ་གསུམ་བྱ་རྒྱུ་ཡིན། ཟླ8པའི་ཟླ་མཇུག་གམ་ཡང་ན་ཟླ9བའི་ཟླ་སྟོད་དུ་ཞིབ་དཔྱད་བྱ་རྒྱུ་ཡིན།

བཅུ། འགྲན་བསྡུར་ལ་ཞུགས་པའི་བྱ་དགའ།

༡ མི་དར་མའི་ཚན་ཁག

གསེར་གྱི་རྟགས་མ༼སྨྱུ་གུ་སྲ་མོའི་འབྲི་མཁན3དང་པིར་སྨྱུག་གི་འབྲི་མཁན3༽བྱ་དགའི་བུམ་པ་གཅིག་དང་། སྒོར་མོ3000། གཟི་རྩ་སྡེ་དགུའི་སྒོ་འཛིན་གཅིག ཡུལ་སྐོར་རླངས་འཁོར་འཛིན་ཡིག་གཅིག

དངུལ་གྱི་རྟགས་མ༼སྨྱུ་གུ་སྲ་མོའི་འབྲི་མཁན10དང་པིར་སྨྱུག་གི་འབྲི་མཁན10༽བྱ་དགའི་ལག་ཁྱེར་དང་། སྒོར་མོ1000། གཟི་རྩ་སྡེ་དགུའི་སྒོ་འཛིན་གཅིག ཡུལ་སྐོར་རླངས་འཁོར་འཛིན་ཡིག་གཅིག

ཟངས་ཀྱི་རྟགས་མ༼སྨྱུ་གུ་སྲ་མོའི་འབྲི་མཁན20དང་པིར་སྨྱུག་གི་འབྲི་མཁན20༽བྱ་དགའི་ལག་ཁྱེར་དང་། སྒོར་མོ500། གཟི་རྩ་སྡེ་དགུའི་སྒོ་འཛིན་གཅིག ཡུལ་སྐོར་རླངས་འཁོར་འཛིན་ཡིག་གཅིག

ཕུལ་བྱུང་བྱ་དགའ༼སྨྱུ་གུ་སྲ་མོའི་འབྲི་མཁན50དང་པིར་སྨྱུག་གི་འབྲི་མཁན50༽བྱ་དགའི་ལག་ཁྱེར་དང་། གཟི་རྩ་སྡེ་དགུའི་སྒོ་འཛིན་གཅིག ཡུལ་སྐོར་རླངས་འཁོར་འཛིན་ཡིག་གཅིག

༢ སློབ་ཆུང་ཚན་ཁག་དང་སློབ་འབྲིང་ཚན་ཁག

གསེར་གྱི་རྟགས་མ༼སྨྱུ་གུ་སྲ་མོའི་འབྲི་མཁན10དང་པིར་སྨྱུག་གི་འབྲི་མཁན10༽བྱ་དགའི་བུམ་པ་གཅིག་རེ་དང་། སྒོར་མོ500། གཟི་རྩ་སྡེ་དགུའི་སྒོ་འཛིན་གཅིག ཡུལ་སྐོར་རླངས་འཁོར་འཛིན་ཡིག་གཅིག

དངུལ་གྱི་རྟགས་མ༼སྨྱུ་གུ་སྲ་མོའི་འབྲི་མཁན20དང་པིར་སྨྱུག་གི་འབྲི་མཁན20༽བྱ་དགའི་ལག་ཁྱེར་དང་། སྒོར་མོ200། གཟི་རྩ་སྡེ་དགུའི་སྒོ་འཛིན་གཅིག ཡུལ་སྐོར་རླངས་འཁོར་འཛིན་ཡིག་གཅིག

ཟངས་ཀྱི་རྟགས་མ༼སྨྱུ་གུ་སྲ་མོའི་འབྲི་མཁན50དང་པིར་སྨྱུག་གི་འབྲི་མཁན50༽བྱ་དགའི་ལག་ཁྱེར་དང་། གཟི་རྩ་སྡེ་དགུའི་སྒོ་འཛིན་གཅིག ཡུལ་སྐོར་རླངས་འཁོར་འཛིན་ཡིག་གཅིག

ཕུལ་བྱུང་བྱ་དགའ༼སྨྱུ་གུ་སྲ་མོའི་འབྲི་མཁན100དང་པིར་སྨྱུག་གི་འབྲི་མཁན100༽བྱ་དགའི་ལག་ཁྱེར་དང་། སྒོར་མོ50རེ། ཚད་ནང་དུ་ཞུགས་པའི་བྱ་དགའ།༼སྨྱུ་གུ་སྲ་མོ་དང་པིར་སྨྱུག་སོ་སོར་མི500ཡོད༽བྱ་དགའ་ལོན་པའི་དཔང་ཡིག

མཉམ་འཇོག་དགོས་དོན། བྱ་དགའ་ཐོབ་པའི་སྒོ་ཡིག་དང་ལྟ་སྐོར་རླངས་འཁོར་གྱི་འཛིན་ཡིག་དག2015ལོའི་ཟླ12པའི་ཚེས31ཉིན་སྔོན་དུ་མ་གཏོགས་གོ་མི་ཆོད།

༣ ཕུལ་བྱུང་རྩ་འཛུགས་བྱ་དགའ།

མི100ཡན་ཆད་རྩ་འཛུགས་བྱས་ནས་འགྲན་བསྡུར་ལ་ཞུགས་པའི་ལས་ཁུངས་དང་སློབ་གྲྭ་ཚང་མ་ཕུལ་བྱུང་རྩ་འཛུགས་བྱ་དགའ་སྟེར་ཆོག་ལ། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་དགའ་རྟགས་དང་སློབ་མའི་ཆེད་སྤྱོད་ཡི་གེ་འབྲི་སྦྱོང་ཡིག་དཔེ་དེབ100སྟེར་རྒྱུ།

༤ ལོ་ཆུང་བྱིས་པའི་ཚན་ཁག་གི་ཕུལ་བྱུང་བྱ་དགའ་དང་ཚད་ནང་དུ་ཞུགས་པའི་བྱ་དགའ་ལོན་པའི་སློབ་མ་ཚོར་དགེ་རྒན་ལི་ཧྥང་མེང་གིས་རྩོམ་འབྲི་བྱས་པའི་སྨྱུ་གུ་སྲ་མོའི་ཡིག་གཟུགས་འབྲི་དཔེ་དེབ་གཅིག་རེ་རིན་མི་དགོས་པར་སྟེར་རྒྱུ།

༥ བྱ་དགའ་གསེར་རྟགས་དང་དངུལ་རྟགས་ཟངས་རྟགས་ལོན་མཁན་ལ། གསེར་གྱི་རྟགས་མ་ལོན་མཁན་དེ་ཀྲུང་གོའི་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་སུ་ངོ་སྤྲོད་ཞུགས་ཆོག

དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་ལོན་མཁན་དེ་སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་སུ་ངོ་སྤྲོད་ཞུགས་ཆོག

༦ བྱ་དགའ་སྣ་ཚོགས་ནང༼གསེར་གྱི་རྟགས་མ། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ། ཕུལ་བྱུང་། ཚད་ནང་དུ་ཞུགས་པ༽མི50ཡན་ཆད་ཞུགས་པའི་སློབ་གྲྭ་གཏོགས། སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱིས་ཕུལ་བྱུང་ཡིག་གཟུགས་སློབ་གྲྭ་ཞེས་པའི་གཟི་བརྗིད་མཚན་སྙན་གནང་ཆོག

བཅུ་གཅིག སྨྱན་བྱེད་རྒྱབ་སྐྱོར་བ།

ཞིན་ཧྭ་དྲ་ཚིགས་སི་ཁྲོན་སྨྱུ་གུ་སྲ་མོའི་ཡིག་གཟུགས།

སི་ཁྲོན་སྨྱུ་གུ་སྲ་མོའི་ཡིག་གཟུགས། http://www.sc.xinhuanet.com/yb/

ཧི་མ་ལ་ཡའི་བོན། www.himalayabon.com

མཛེས་རྩལ་ཀྲུང་གོ། www.art86.cn

ཀྲུང་གོའི་སྨྱུ་གུ་སྲ་མོའི་ཡིག་གཟུགས་དྲ་ཚིགས། www.zgybsf.net

སྨྱུ་གུ་སྲ་མོའི་ཡིག་གཟུགས་དགའ་ཚལ། yingbi.art86.cn

རྒྱལ་སྤྱིའི་སྐུད་གནས་སི་ཁྲོན་བརྒྱུད་ལམ།

བཅུ་གཉིས། བྱ་དགའ་སྟེར་བའི་དུས་ཚོད།

འགྲན་བསྡུར་ནི2015ལོའི་ཟླ9བའི་ཟླ་མཇུག་ཏུ་གཟི་རྩ་སྡེ་དགུ་ནས་བྱ་དགའ་སྟེར་བའི་མཛད་སྒོ་ཆེ་རིགས་འཚོགས་ནས་བྱ་དགའ་ལོན་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་འཆར་ཡིན།

བཅུ་གསུམ། བརྩམ་བྱ་དཔེ་སྐྲུན།

བྱ་དགའ་ལོན་པའི་བརྩམས་བྱའི་བདག་དབང་དང་དཔེ་སྐྲུན་དབང་ཆ་ནི་སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིན། བྱ་དགའ་ལོན་པའི་བརྩམས་བྱ་ཕྱོགས་བསྒྲིགས་དཔེ་སྐྲུན་བྱེད་པར་རྩོམ་སྒྲིག་པས་གཟིགས་སྐྱོང་མངག་ཉོ་བྱེད་ཆོག

བཅུ་བཞི། འབྲེལ་གཏུག་བྱེད་སྟངས།

༡ བརྩམས་བྱ་སྐྱེལ་སྤྲོད་ས་གནས། སི་ཁྲོན་ཞིང་ཆེན་གཟི་རྩ་སྡེ་དགུ་རྫོང་རྩོམ་རིགས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས༼རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཁང་བ་ཐོག་བརྩེགས་ཅན་ཨང4བ༽

作品寄送地址:四川省九寨沟县文联(县政务服务中心4号楼)

བསྐུར་ཡིག་རྩིས་ལེན་མཁན། ཝུན་ཡུས་ཧྥེང་།

༢ སྒོར་མོ་གཏོང་གནས། ཐོ་ཁུངས་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་གཟི་རྩ་སྡེ་དགུ་རྫོང་ཡན་ལག་དངུལ་ཁང་།

འགོད་མིང་། གཟི་རྩ་སྡེ་དགུ་རྫོང་ནོར་སྲིད་ཅུས་རྒྱལ་མཛོད་ཀུའུ—འགྲོ་འོང་མ་དངུལ་ཆེད་ཐོ།

རྩིས་ཐོའི་ཨང་གྲངས། 51001797508050287786–1002

དངུལ་ལེན་པ། ཝུན་ཡུས་ཧྥེང་།

༣ འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཁྲེང་ཏུའུ་དང་གཟི་རྩ་སྡེ་དགུ་ནས་སོ་སོར་དྲུང་ཡིག་ཁྲུའུ་རེ་གསར་འཛུགས་བྱེད་པ།

ཁྲེང་ཏུའུ་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་དེ་ཧྲུའུ་ཀྲི་ཝུན་གྱིས་འགན་ཁུར་རྒྱུ།

འབྲེལ་གཏུག་ཁ་པར། 16228071966

གཟི་རྩ་སྡེ་དགུ་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་དེ་ཐེན་རུའེ་ཙེ་ཡིས་འགན་ཁུར་རྒྱུ།

འབྲེལ་གཏུག་ཁ་པར། 13909043880

གཟི་རྩ་སྡེ་དགུ་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་དེ་ཝུན་ཡུས་ཧྥེང་གིས་འགན་ཁུར་རྒྱུ།

འབྲེལ་གཏུག་ཁ་པར། 18608379977

བཅོ་ལྔ། འགྲན་བསྡུར་གསལ་བཤད་དབང་ཆ་གཟི་རྩ་སྡེ་དགུ་བུམ་པའི་བྱ་དགའ་ཞེས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་རྩ་འཛུགས་ཨུ་ཡོན་ལྷན་ཁང་།

ཟུར་བཀོད། གལ་ཏེ་བྱ་དགའ་ཐོབ་མིས་དུས་ཚད་ནང་དུ་བྱ་དགའི་སྒོར་མོ་མ་བླངས་ན་རང་ཉིད་ཀྱིས་དོར་བར་བརྩི་རྒྱུ།

བཅུ་དྲུག གཤམ་ནི་གཟི་རྩ་སྡེ་དགུ་བུམ་པའི་བྱ་དགའ་ཞེས་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་གཙོ་གཉེར་ལས་ཁུངས་སི་ཁྲོན་ཞིང་ཆེན་སྨྱུ་གུ་སྲ་མོའི་ཡིག་གཟུགས་ཡིན།

འབྲེལ་ཡོད་རྩོམ་ཡིག