ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བོད་རྩོམ་རྒྱ་འགྱུར་གྱི《འབྲོང》རྩོམ་རིག་ལོ་ཙཱའི་དཔེ་ཚོགས་བཞི་བར་ཚུད་པའི་བརྩམས་ཆོས་ཀྱི་མིང་ཐོ་བསྒྲཊ།

2015-04-20 ལྷ་མོ་ཚེ་སྐྱིད།
   2015ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཀྱིས་བདམས་པའི《འབྲོང》ཞེས་པའི་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་བཞི་བར་དཔྱད་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་དཔྱད་འབེབས་བརྒྱུད་བརྩམས་ཆོས་གཏན་འཁེལ་བྱས་པ་མ་ཟད་ལོ་ཙཱ་བའང་གཏན་འཁེལ་གནང་ཡོད།
   ཐེངས་འདིར་ཚུད་པའི་བརྩམས་ཆོས་བཞི་དང་ལོ་ཙཱ་བ་སོ་སོ་ནི《བདེ་སྐྱིད་སྒྲོལ་མའི་སྙན་ངག་གཅེས་བསྡུས》(རྩོམ་པ་པོ་བདེ་སྐྱིད་སྒྲོལ་མ། ལོ་ཙཱ་བ་བདེ་སྐྱིད་སྒྲོལ་མ)དང་། 《དཔལ་མོའི་སྙན་ངག་གཅེས་བསྡུས》(རྩོམ་པ་པོ་དཔལ་མོ། ལོ་ཙཱ་བ་ལུང་རིན་ཆེན)། 《པདྨ་མཚོའི་སྙན་ངག་གཅེས་བསྡུས》(རྩོམ་པ་པོ་པདྨ་མཚོ། ལོ་ཙཱ་བ་ཨ་ལྡོང་དཔལ་རྡོ་ཐར)། 《མེ་ཏོག་སྐྱིད་ཀྱི་སྙན་ངག་གཅེས་བསྡུས》(རྩོམ་པ་པོ་མེ་ཏོག་སྐྱིད། ལོ་ཙཱ་བ་འཇིགས་མེད་རྡོ་རྗེ)བཅས་ཡིན།
   《འབྲོང》ཞེས་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ནི་མཚོ་སྔོན་ཞིང་ཆེན་རྩོམ་རིག་གསར་རྩོམ་འཕེལ་རྒྱས་འཆར་འགོད་རྣམ་གྲངས་ཁྲོད་ཀྱི་གཅིག་ཡིན་པ་དང་། མཚོ་སྔོན་ཞིང་ཨུ་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་སོགས་གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཐད་སྐུལ་འདེད་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་སྐུལ་འདེད། རྩོམ་པ་པོ་ཁྱབ་གདལ་དང་འབྲེལ་འདྲིས་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། རྒྱ་ཆེ་བའི་བོད་སྐད་རྩོམ་པ་པོ་དང་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་ལེགས་པོ་ཐོན་ལ། མིག་སྔར་ཐེངས་གསུམ་དང་བསྡོམས་པས་བརྩམས་ཆོས12་དཔེ་བསྐྲུན་བྱས་ཤིང་། སྙན་ངག་དང་སྒྲུང་ཐུང་། ལྷུག་རྩོམ་སོགས་འདུས། ཐེངས་འདིའི་དཔེ་ཚོགས་ཀྱི་རྩོམ་པ་པོ་དག་ནི་བོད་རིགས་བུད་མེད་སྙན་ངག་པ་ཡིན་པ་དང་། 2015ལོའི་ཟླ8པར་རྩོམ་པ་པོའི་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱེད་རྒྱུ་རེད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག