ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་ཐོན་རྫས་ཚོང་རར་བཀྲམ་པ།

2015-04-20 ལྷ་སྐྱིད་སྒྲོལ་མ།

བློ་བཟང་ཚན་རྩལ་གྲངས་ཀའི་ཐོན་རྫས་སྣ་ཚོགས།

ཟླ4བའི་ཚེས14ཉིན་གྱི་སྔ་དྲོར། མཚོ་སྔོན་པོ་དྲ་བའི་གསར་འགོད་པས་མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་རྒྱུས་ལོན་པ་ལྟར་ན། 2014ལོར་ཀུང་ཟི་འདི་མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། དེ་མིན་ཁྲི་ཀ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་མོའི་འོག བོད་ཀྱི་གྲངས་ཀའི་ཚན་རྩལ་ཐོན་རྫས་གསར་གཏོད་བྱ་མཁན་མིང་གྲགས་ཅན་བློ་བཟང་གིས་མཚོ་སྔོན་ཁྲི་ཀ་རྫོང་ནས་མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟི་ཞེས་པ་གསར་འཛུགས་བྱས།

བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་ཐོན་རྫས་ཚོང་རར་བཀྲམ་པ།

 

བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག

བློ་བཟང་བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག

ཀུང་ཟི་འདིས་ཐོན་སྐྱེད་ལ། བོད་རྒྱ་དབྱིན་གསུམ་གྱི་མཐེབ་གཞོང་། ཙིག་རྟགས་སྣ་ཚོགས། བོད་ཡིག་རྩིས་ཆས། སྒྲ་སྨྱུག གཟུགས་སྨྱུག བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད། བོད་རྒྱ་དབྱིན་གསུམ་གྱི་སྨྱན་མང་གཟུགས་སློབ་སྦྱོང་འཕྲུལ་ཆས། བོད་རྒྱ་དབྱིན་གསུམ་གྱི་ཀློག་སྨྱུག བོད་རྒྱ་དབྱིན་གསུམ་གྱི་རིག་ལྡན་ལག་འཁྱེར་ཁ་པར། རིག་ལྡན་འགུལ་སྤོའི་གློག་ཁུངས། Uསྡེར། ཉི་འོད་གློག་གསོག་སོགས་ཡིན།

སྐུ་ཞབས་བློ་བཟང་གིས་བོད་རྒྱ་དབྱིན་གསུམ་ཀློག་སྨྱུག་མཚམས་སྦྱོར་གནང་།

མཚོ་སྔོན་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟི་ནི2012ལོའི་ཟླ4བར་བཙུགས་པ་ཡིན་ཞིང་། ཐོ་འགོད་མ་དངུལ་དུང་ཕྱུར6བཏང་། ད་ལྟ་ཀུང་ཟི་འདི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རིག་གནས་ཡུལ་སྐོར་ལས་རིགས་གསར་སྤེལ་གླིང་དུ་བཙུགས་ཡོད་ལ་བསྡོམས་པའི་ས་ཁྱོན་མུའུ17ཟིན། ཀུང་ཟི་འདིས་གཙོ་བོ་གློག་རྡུལ་ཐོན་རྫས་གསར་གཏོད་དང་ཐོན་སྐྱེད། ཕྱིར་འཚོང་། རྩིས་འཁོར་སྒྲིག་ཆས་གསར་སྤེལ། ཚོང་ཟོག་ནང་འདྲེན་དང་ཕྱིར་གཏོང་སོགས་གཉེར་བ་ཡིན། ད་སྔ་གསར་གཏོད་ཆེད་ཁེའི་བདག་དབང2དང་། ཇུས་འགོད་བདག་དབང8། གསར་རྩོམ་བདག་དབང2། ད་དུང་ཐོ་འགོད་བྱས་པའི་ཚོང་རྟགས2ཡོད། ཀུང་ཟི་འདིས་ད་ལྟ་ཕྱིར་འཚོང་ས་ཚིགས40ལྷག་བཙུགས་ཡོད་ཅིང་། ཨ་རི་དང་། ཏེན་མའེ། ཞང་ཀང་། ཐེ་ཝན། མཚོ་སྔོན། བོད་ལྗོངས། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ས་ཁུལ་དུ་ཁྱབ་ཡོད། 2013ལོར་ཚོང་ཟོག་ནང་འདྲེན་དང་ཕྱིར་གཏོང་གི་ཆོག་མཆན་ཐོབ་པ་དང་དཔང་ཡིག་བླངས། 2014ལོར་ཚད་མཐོའི་ལག་རྩལ་གསར་བའི་ཁེ་ལས་བདག་དབང་ཐོབ། འདི་ནི་ཁྲི་ཀ་རྫོང་གི་རྒྱལ་ཁབ་རིམ་པའི་ཚད་མཐོའི་ལག་རྩལ་གསར་བའི་ཁེ་ལས་ཀྱི་བདག་དབང་ཐོབ་ཡོད་པའི་ཁེ་ལས་གཅིག་པུ་ཡིན།

ཀུང་ཟིའི་ལས་སྒྲུབ་མི་སྣའི་སྤྱི་བསྒྲགས་མིང་བྱང་།

2014ལོར་ཚད་མཐོའི་ལག་རྩལ་གསར་བའི་ཁེ་ལས་བདག་དབང་ཐོབ།

འབྲེལ་ཡོད་རྩོམ་ཡིག