ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བརྙན་ཡོལ་དཔེ་ཀློག་དང་ཤོག་ངོས་དཔེ་ཀློག་གཉིས་འགལ་བ་ཡིན་ནམ།

2015-04-22 གཡང་སྒྲོལ།
   "རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དུས་རིམ་ངེས་ཅན་ཞིག་ཏུ་སླེབས་ན།  དེ་ཙམ་གྱིས་ལྷིང་འཇགས་དང་དལ་མོ་ཡོང་ནས་སྤྱི་ཚོགས་ཧྲིལ་པོ་འཁོར་རྒྱུག་བཟང་པོ་ཞིག་ཏུ་སླེབས་དགོས"ཞེས་ཀྲེ་ཅང་ཞིང་ཆེན་ཤིན་ཧྭ་དཔེ་ཁང་ཚོགས་པ་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཝང་ཀྲུང་དབྱི་ཡིས་ཚེས ༢༠ ཉིན་དཔེ་ཀློག་སྤྱི་ཚོགས་འཛུགས་སྐྲུན་སྐོར་གླེང་དུས་དེ་སྐད་བརྗོད་བྱུང་། 
ཉིན་དེ་ནི་སྐབས་བཅུ་བའི་ཀྲེ་ཅང་ཞིང་ཆེན་གྱི་དཔེ་མཛོད་ཁང་དུ་ཉར་བའི་དཔེ་དེབ་འགྲེམས་ཚོགས་ཡིན་ཏེ། དཔེ་དེབ་དང་སྒྲ་བརྙན་ཐོན་རྫས་ཁྲི ༡༦ ལྷག་འགྲེམས་སྟོན་གནང་ཡོད་ཅིང་།  ཀྲེ་ཅང་ཞིང་ཆེན་ཕྱི་ནང་གི་དཔེ་མཛོད་ཁང ༡༢༠༠ དང་། དཔེ་དེབ་དང་སྒྲ་བརྙན་འཚོང་ཁང ༡༠༠༠ འགྲེམས་ཚོགས་སུ་ཞུགས་ཡོད་པ་དང་། ཚོད་དཔག་ལྟར་ན་ཉིན་གསུམ་གྱི་བྱེད་སྒོའི་རིང་ཚོགས་ཞུགས་མི་གྲངས་ཁྲི ༢ ལ་སླེབས་ཐུབ་རྒྱུ་རེད། 
   "བརྙན་ཡོལ་དཔེ་ཀློག་གིས་ཤོག་ངོས་དཔེ་ཀློག་ཚབ་བྱེད་ཐག་ཆོད་ཡིན་ཏེ། དེང་སང་སྨྱུག་ལེབ་ཀྱི་སྟེང་དཔེ་ཀློག་མི་བྱེད་པ་ནང་བཞིན་རེད་ལ།  དེ་ནི་འཕེལ་ཕྱོགས་ཤིག་རེད། "ཉེ་དུས་ཀྱི་གློག་རྡུལ་དང་། ཤོག་ངོས་དཔེ་ཀློག་གི་རྩོད་གླེང་ཐད། ཝང་ཀྲུང་དབྱི་ཡིས། མིག་སྔར་ཀྲུང་གོར་མི་རེའི་ཆ་སྙོམས་དཔེ་ཀློག་བྱེད་ཚད་ཤིན་ཏུ་དམའ་སྟེ། བརྙན་ཡོལ་དཔེ་ཀློག་དང་ཤོག་ངོས་དཔེ་ཀློག་ནི་གཅིག་འཕེལ་གཅིག་ཉམས་ཀྱི་འབྲེལ་བ་ཞིག་མིན་པར། ཕྱོགས་མང་མཉམ་སྐྱོད་ཀྱི་འབྲེལ་བ་ཞིག་ཏུ་ཆགས་ཡོད་པ་རེད། "ཤོག་བུའི་དེབ་ནི་གློག་རྡུལ་དེབ་ཀྱི་དཔེ་ཀློག་ལས་ཀློག་ཚད་ཆེས་ཆེར་ཇེ་ཉུང་དུ་ཕྱིན་པ་མིན་པར། རྒྱལ་དམངས་ཀྱི་ཁྱོན་ཡོངས་ཀྱི་དཔེ་ཀློག་བྱེད་ཚད་ཇེ་མཐོར་འཕར་བཞིན་ཡོད་པ་རེད། "
   དེང་སྐབས། དཔེ་ཀློག་ཐར་ཐོར་བྱེད་པ་དེ་ནི་མི་མང་པོས་དཔེ་ཀློག་བྱེད་ཐབས་གཙོ་བོ་ཞིག་ཏུ་གྱུར་ཡོད་པས། གློག་རྡུལ་དཔེ་ཀློག་གིས་དཔེ་ཀློག་གཏིང་ཟབ་བྱེད་རྒྱུ་མངོན་འགྱུར་བྱེད་མི་ཐུབ་པའི་སྣང་ཚུལ་ཡང་འབྱུང་བཞིན་ཡོད་པ་རེད། 
   ཝང་ཀྲུང་དབྱི་ཡིས་བལྟས་ན། དོན་དང་མཐུན་པའི་དཔེ་ཀློག་ལ་གཏིང་ཟབ་མོ་དང་ཕྱི་ངོས་ཙམ་གྱི་དཔེ་ཀློག་ཅེས་པའི་དབྱེ་བ་མེད་པར། དེ་ནི་དཔེ་ཀློག་སྤུས་ཀ་དང་དཔེ་ཀློག་བྱེད་ཐབས་མི་འདྲ་བ་སོགས་མིའི་རང་སྟེང་ལ་དཔེ་བླངས་ནས་བཤད་པ་ཡིན་ལ།  "བརྙན་ཡོལ་སྟེང་དུ་གསར་འགྱུར་དཔྱད་ཡིག་རིགས་འཚོལ་བཤེར་བྱེད་པ་མང་ཤོས་ཡིན་ལ། མལ་ཁྲིའི་སྔས་དང་། འབོལ་ཁྲིའི་སྟེང་བཞག་ཡོད་པ་ནི་དཔེ་དེབ་ཡིན་ཐག་ཆོད་རེད"ཅེས་འདོད། 
   པེ་ཅིང་སློབ་ཆེན་ཆ་འཕྲིན་དོ་དམ་སྡེ་ཁག་གི་སློབ་དཔོན་ཆེ་མོ་གཞོན་པ་ཀྲུང་ཅུག་ཀྲིན་གྱིས་ཀྱང་། དཔེ་ཀློག་གཏིང་ཟབ་བྱེད་པ་དེས་དཔེ་ཀློག་ཐར་ཐོར་བྱེད་པའམ་བརྩམས་ཆོས་རིང་པོ་དཔེ་ཀློག་བྱེད་པར་འབྲེལ་བ་མེད་དེ། གལ་ཏེ་སྐར་མ་བཅུའི་རིང་དཔེ་ཀློག་ཐར་ཐོར་རེ་བྱས་མོད་ཀློག་ཐུབ་པ་བྱུང་ཚེ་དེ་ཡང་དཔེ་ཀློག་གཏིང་ཟབ་བྱས་པ་ཡིན་པས། དཔེ་ཀློག་ཐར་ཐོར་བྱེད་པ་ནི་བློ་རིག་ཉམས་པ་རེད་ཅེས་པ་ཞིག་མ་རེད་ཅེས་བསྟན་བྱུང་། 
   བརྙན་ཡོལ་དཔེ་ཀློག་དང་ཤོག་ངོས་དཔེ་ཀློག་གཉིས་ལ་ཕྱོགས་མང་མཉམ་སྐྱོད་ཀྱི་འབྲེལ་བ་ཡོད་ནའང་། ཝང་ཀྲུང་དབྱི་ལྟར་ན། དཔེ་ཚོང་ཁང་གིས་བྱེད་ཐབས་བཏོན་ནས་ཚོང་ཁང་གི་འགྲན་རྩོད་དགེ་མཚན་འདོན་སྤེལ་གནང་དགོས་ཤིང་། ཁོ་རང་ལྟར་ན། དྲ་ལམ་ནས་བཙོང་པ་དང་། ཐོན་རྫས་ཀྱི་རྒྱུན། ལག་རྩལ། འཇོན་མི་བཅས་བྱེད་ཐབས་བཞི་པོ་འདི་ལག་ལེན་བྱས་ཆོག་ཅེས་བསྟན་བྱུང་། 
   གསར་འགོད་པས་རྒྱུས་ལོན་བྱུང་པ་ལྟར་ན། མིག་སྔར་ཤིན་ཧྭ་དཔེ་ཁང་དུ་པོད་ཁུག་དང་། ཤིན་ཧྭ་དྲ་ཚོགས་སོགས་དྲ་ལམ་སྡིངས་ཆ་ཡོད་དེ། གློག་རྡུལ་དཔེ་དེབ་ཕབ་ལེན་བྱས་ཆོག་པ་མ་ཟད་དགོས་མཁོ་ལྟར་པར་སྐྲུན་ཡང་བྱས་ཆོག་པ་རེད། 
   དེ་ལས་གཞན། ཤིན་ཧྭ་དཔེ་ཁང་གི་ཆུ་ཚོད ༢༤ དཔེ་ཁང་ནི་ཐོན་ལས་རྒྱུན་ཅན་ཞིག་ཡིན་ཏེ།  "ཁོ་ཧྥེ་མཆོད་ཆོག་པ་དང་།  དཔེ་ཀློག་བྱེད་པ།  ཁ་བརྡ་གནང་པ། གྲོགས་པོར་མཇལ་བ་སོགས་ཅི་འདོད་གནང་ཆོག་པས། དཔེ་ཁང་གི་ཁོར་ཡུག་ཀྱང་སྤྲོ་སྐྱིད་ཕུན་སུམ་ཚོགས་པས་ཀུན་ལ་འདི་གར་ཅིའི་ཕྱིར་ཡོང་བའི་གནས་ལུགས་ཤིག་སེམས་ལ་འཇོག་ཐུབ་པ་རེད"ཅེས་ཟེར། 
   "ཐེ་པེའི་ལོ་གཞོན་དག་གིས་དགའ་རོགས་ལ་དུས་ཆད་བྱས་སའི་གནས་ཐོག་མ་ནི་ཁྲིང་ཕེན་བདམས་ཀྱི་ཡོད་རེད།  དེ་ནི་རྒྱལ་ཁ་ཞིག་རེད"ཅེས་ཝང་ཀྲུང་དབྱི་ཡིས་ཐེ་ཝན་གྱི་ཁྲིང་ཕེན་དཔེ་ཁང་དང་བསྡུར་ནས། ཁྲིང་ཕེན་གྱི་བརྒྱ་ཆའི་བདུན་ཅུ་ནི་དེབ་མིན་པར་བརྒྱ་ཆའི་སུམ་ཅུ་ད་གཟོད་དེབ་རེད། འོན་ཏེ། ཤིན་ཧྭ་དཔེ་ཁང་དུ་བརྒྱ་ཆའི་བདུན་ཅུ་ནི་དེབ་དང་བརྒྱ་ཆའི་སུམ་ཅུ་དེབ་མ་རེད། ཁོས་རྗེས་ཕྱོགས་ཤིན་ཧྭ་དཔེ་ཁང་གི་བསྡུར་ཚད་ཐད་ཀྱང་དེ་འཚམས་ཀྱི་འགྱུར་བ་གཏོང་ཆོག་ཟེར། 
   འགྲེམ་ཚོགས་འདི་ནི་ཀྲེ་ཅང་དམངས་ཡོངས་ཀྱི་དཔེ་ཀློག་དུས་ཆེན་དང་ཀྲེ་ཅང་དཔེ་དེབ་འགྲེམ་ཚོགས་ཀྱི་སྟ་གོན་བྱེད་སྒོ་རེད། "དཔེ་ཀློག་སྤྱི་ཚོགས"འཛུགས་སྐྲུན་སྐོར་གླེང་དུས། ཝང་ཀྲུང་དབྱི་ཡིས། རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དུས་རིམ་ངེས་ཅན་ཞིག་ཏུ་སླེབས་ན།  དེ་ཙམ་གྱིས་ལྷིང་འཇགས་དང་དལ་མོ་ཡོང་ནས་སྤྱི་ཚོགས་ཧྲིལ་བོ་འཁོར་རྒྱུག་བཟང་པོ་ཞིག་ཏུ་སླེབས་དགོས་ཟེར།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག