ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧོང་ཀོང་གི་སྲིད་ལུགས་བཅོས་བསྒྱུར་གྱི་འཆར་འགོད་དེ་རིང་སྒོར་ཐོན།

2015-04-23 བདེ་སྐྱིད།

____གསར་འགོད་པས་བཅར་འདྲི་བྱས་པའི་གྲོང་ཁྱེར་སྡོད་དམངས་ལས་བཅུ་ཆའི་དགུ་ཡི་བསམ་པར་མི་རེར་འདེམས་ཤོག་རེ་བྱས་ཏེ་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དཔོན་ཆེན་གདམ་དགོས་པར་འདོད།

གྲོང་ཁྱེར་སྡོད་དམངས་ཀྱི༩༠%ཡིས༢༠༡༧ལོར་མི་རེར་འདེམས་ཤོག་རེ་ཡི་རྣམ་པའི་སྲིད་འཛིན་དཔོན་ཆེན་བདམས་ཐོན་བྱུང་ན་བསམ་ཡོད་པ་དང་། བཅའ་འདྲི་བྱས་པའི་གྲོང་ཁྱེར་སྡོད་དམངས་ཀྱི༧༠%ལ་ཉེ་བས་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཚོགས་མིས་མི་དམངས་ཀྱི་འདོད་བློ་ལྟར་འདེམས་ཤོག་འཕང་ན་བཟང་བར་བསམ་འདུག

ཤིན་ཧྭ་དྲ་བའི་ཧོང་ཀོང་ས་ཚུགས་ཀྱིས་ཟླ༤བའི་ཚེས༢༡ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་ཟླ༤བའི་ཚེས༢༢ཉིན་སྲིད་འཛིན་དཔོན་ཆེན་འདེམ་བསྐོའི་སྐོར་གྱི་ཞིབ་ཕྲའི་འཆར་འགོད་སྤྱི་བསྒྲགས་བྱ་རྒྱུ་ཡིན་འདུགའདིས་ཧོང་ཀོང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་འུར་ཟིང་མི་དམན་པ་ཞིག་བཟོས་འདུགཚང་མས་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཚོགས་མི་དག་གིས་དམངས་ཀྱི་འདོད་བློ་ངོ་མ་དེ་མཚོན་གང་ཐུབ་ཀྱིས་སྲིད་ལུགས་བཅོས་བསྒྱུར་གྱི་འཆར་འགོད་དེར་གྲོས་འཆམ་ཡོང་བའི་རེ་བ་བཅངས་འདུག་ལ། ད་དུང༢༠༡༧ལོར་མི་རེ་རེས་འདེམས་ཤོག་རེ་འཕང་ནས་སྲིད་འཛིན་དཔོན་ཆེན་བདམས་ཐོན་བྱུང་སྟེ། ཧོང་ཀོང་གི་སྲིད་འཛིན་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ན་བསམ་འདུག

གསར་འགོད་པས་བཅར་འདྲི་བྱས་པའི་གྲོང་ཁྱེར་སྡོད་དམངས་ལས་བཅུ་ཆའི་དགུ་ཡི་བསམ་པར་མི་རེ་རེར་འདེམས་ཤོག་རེ་བྱས་ཏེ་སྲིད་འཛིན་དཔོན་ཆེན་བདམས་ཐོན་བྱུང་ན་བསམ་འདུག

ཧོང་ཀོང་གི་ལས་རིགས་སོ་སོའི་མཉམ་འབྲེལ་ཚོགས་པས་ཟླ་འདིའི་ཟླ་དཀྱིལ་ཙམ་ལ་གྲོང་ཁྱེར་སྡོད་དམངས༣༠༠༠ལྷག་གི་སྲིད་ལུགས་བཆོས་བསྒྱུར་ཐད་དུ་བཟུང་བའི་བསམ་འཆར་ལ་རྒྱུས་ལོན་རྟོག་ཞིབ་བྱས་པ་རེད། རྟོག་ཞིབ་དེའི་མཇུག་འབྲས་ཡིན་ན། གྲོང་ཁྱེར་སྡོད་དམངས་ཀྱི༩༠%ཡིས༢༠༡༧ལོར་མི་རེར་འདེམས་ཤོག་རེ་ཡི་རྣམ་པའི་སྲིད་འཛིན་དཔོན་ཆེན་བདམས་ཐོན་བྱུང་ན་བསམ་ཡོད་པ་དང་། བཅའ་འདྲི་བྱས་པའི་གྲོང་ཁྱེར་སྡོད་དམངས་ཀྱི༧༠%ལ་ཉེ་བས་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཚོགས་མིས་མི་དམངས་ཀྱི་འདོད་བློ་ལྟར་འདེམས་ཤོག་འཕང་ན་བཟང་བར་བསམ་འདུགཧོང་ཀོང་གི་ལས་རིགས་སོ་སོའི་མཉམ་འབྲེལ་ཚོགས་པའི་སྤྱི་བའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིན་ཡའོ་ཝུན་གྱིས་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཚོགས་མི་དག་མི་དམངས་ཀྱི་འཐུས་ཚབ་ཡིན་པའི་ཆ་ནས། ངེས་པར་དམངས་ཀྱི་འདོད་བློ་ལྟར་སྲིད་ལུགས་བཅོས་བསྒྱུར་ལ་གྲོས་འཆམ་ཡོང་བར་བྱ་དགོས་པའི་འབོད་སྐུལ་བཏང་།

ཧོང་ཀོང་གི་བཟོ་ཚོང་སྡེ་ཁག་གིས་ཀྱང་སོ་སོའི་ལྟ་བ་བཏོན་ནས། ངོ་རྒོལ་ཕྱོགས་ཁག་གི་ཚོགས་མི་ཚོས་མི་དམངས་ཀྱི་འདོད་བློ་དང་བསྟུན་ནས། སྲིད་ལུགས་བཅོས་བསྒྱུར་ལ་གྲོས་འཆམ་ཡོང་བར་རྒྱབ་སྐྱོར་བྱས་ན་བཟང་བའི་འབོད་སྐུལ་གཏོང་བཞིན་འདུག

ལི་ཅཱ་ཁྲེང་གིས་ཀྱང་ཟླ༤བའི་ཚེས༢༠ཉིན་སྲིད་ལུགས་བཅོས་བསྒྱུར་ལ་གྲོས་འཆམ་མ་བྱུང་ན་རང་ཉིད་འདུས་པའི་ཧོང་ཀོང་བ་ཚང་མའི་གྱོང་གུད་ཡིན་པ་དང་། ང་ཚོ་ཚང་མས་ཕམ་ཉེས་མྱང་པ་རེད་ཅེས་སྐད་འབོད་བཏང་།

ཧོང་ཀོང་གི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་དང་ཧོང་ཀོང་གི་ཀྲུང་ཧྭ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་མཉམ་གཅིག་ཏུ་བསམ་འཆར་རྒྱུས་ལོན་གྱི་རྟོག་ཞིབ་བྱས་པའི་མཇུག་འབྲས་ལྟར་ན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཚོགས་ཞུགས་མི་སྣར་བཅར་འདྲི་བྱས་པ་ལས ༩ ༣.༤%ཡིས་ཧོང་ཀོང་གིས༢༠༡༧ལོར་སྲིད་འཛིན་དཔོན་ཆེན་དམངས་ཡོངས་ཀྱིས་འདེམ་བསྐོ་བྱེད་རྒྱུ་དོན་འཁྱོལ་བྱུང་དགོས་བསམ་འདུག་པ་དང་། བཅར་འདྲི་བྱས་པའི་ཚོགས་ཞུགས་མི་སྣའི༩༥.༤%ཡི་བསམ་པར་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གཏན་འབེབས་བཞིན་དམངས་ཡོངས་ཀྱི་འདེམ་བསྐོ་བྱ་དགོས་བསམ་འདུགདེ་མཚུངས་སུ་བཅར་འདྲི་བྱས་པའི་ཚོགས་ཞུགས་མི་སྣ་ལས༩༥.༡%གིས་སྤྱི་ཚོགས་ཧྲིལ་བོའི་མང་ཚོགས་ཀྱིས་སྲིད་གཞུང་གི་སྲིད་འཛིན་དཔོན་ཆེན་འདེམ་བསྐོའི་འཆར་འགོད་ལ་རྒྱབ་སྐྱོར་གནང་གིན་ཡོད་ན། ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཚོགས་མིས་དམངས་ཀྱི་འདོད་བློ་དང་བསྟུན་དགོས་པར་བསྟན་འདུག

ཧོང་ཀོང་གི་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་དབྱང་ཀྲའོ་ཡིས། ཐེངས་འདིའི་རྩད་གཅོད་བྱས་པའི་མཇུག་འབྲས་ལས། ཧོང་ཀོང་གི་ལས་རིགས་སོ་སོ་དང་། ལྷག་པར་དུ་ཚོང་ལས་སྡེ་ཁག་གི་མི་ཚང་མས་སྲིད་ལུགས་བཅོས་བསྒྱུར་ཐད་དུ་བཅིངས་བའི་རེ་ལྟོས་ཆེན་པོ་དེ་མཚོན་ཡོད་པ་དང་། ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཚོགས་མི་དག་གིས་སྤྱི་ཚོགས་ཧྲིལ་པོའམ་དམངས་ཀྱི་འདོད་བློ་ལ་བསྟུན་ཏེ། བསམ་ཤེས་དང་དངོས་ཐོག་བདེན་འཚོལ་གྱིས་སྲིད་ལུགས་བཅོས་བསྒྱུར་གྱི་འཆར་འགོད་བདེ་ལེགས་ངང་གྲོས་འཆམ་ཡོང་བ་བྱས་ནས། ༢༠༡༧ལོར་མི་རེས་འདེམས་ཤོག་རེ་འཕང་ནས་སྲིད་འཛིན་དཔོན་ཆེན་འདེམས་པའི་ཐུན་མོང་གི་འདོད་བློ་མངོན་འགྱུར་བྱུང་ན་བཟང་བར་སྙམ་ཟེར།

ཧོང་ཀོང་གི་ཀྲུང་ཧྭ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་ཞིའུ་ཧང་གིས། སྲིད་འཛིན་དཔོན་ཆེན་བསྐོ་འཇོག་གི་ཐད་དམངས་ཡོངས་ཀྱི་འདེམ་བསྐོ་ལག་བསྟར་བྱེད་པ་དེ་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཐག་གཅོད་དང་ངེས་པར་དུ་མཐུན་དགོས། ཧོང་ཀོང་གི་སྤྱི་ཚོགས་ལས་རིགས་སོ་སོས་མཐུན་པ་ཡོང་ཐབས་དང་མི་མཐུན་སོར་བཞག་གིས་ཕྱོགས་འགལ་སྤངས་ཏེ། མྱུར་ཏུ་སྲིད་ལུགས་བཅོས་བསྒྱུར་ལ་གྲོས་འཆམ་བྱུང་ན། ༢༠༡༥ལོར་ མི་རེས་འདེམས་ཤོག་རེ་འཕང་ནས་སྲིད་འཛིན་དཔོན་ཆེན་འདེམས་པའི་འདོད་བློ་མངོན་འགྱུར་བྱུང་ངེས། ཧོང་ཀོང་གི་སྲིད་ལུགས་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་རྨང་གཞི་བརྟན་པོ་བཏང་བ་རེད།

སྲིད་ཕྱོགས་ཀྱི་མི་སྣས་ཀྱང་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ངོ་རྒོལ་ཕྱོགས་ཁག་གིས་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་འཆར་འགོད་ལ་གྲོས་འཆམ་བྱུང་ན་ལེགས་པའི་འབོད་སྐུལ་བཏང་།

སྲིད་ཕྱོགས་ཀྱི་མི་སྣས་ཀྱང་ཁྲིམས་འཛུགས་གྲོས་ཚོགས་ཀྱི་ངོ་རྒོལ་ཕྱོགས་ཁག་གིས་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་འཆར་འགོད་ལ་གྲོས་འཆམ་བྱུང་ན་ལེགས་པའི་འབོད་སྐུལ་བཏང་། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་གྲོས་ཚོགས་ཀྱི་ཁོངས་མི་ཀྲང་ཀྲི་ཀང་གིས་མཛའ་བརྩེ་དང་གནས་ལུགས། ཡང་ན་ཁྲིམས་ལུགས་སོགས་ཕྱོགས་གང་ནས་བལྟས་ཀྱང་། སྲིད་ལུགས་བཅོས་བསྒྱུར་ལ་གྲོས་འཆམ་མི་ཡོང་བྱེད་ཀྱི་རྒྱུ་མཚན་གཅིག་ཀྱང་མི་འདུག་ཟེར།

ཧོང་ཀོང་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་ཧོང་ཀོང་གི་ལས་རིགས་སོ་སོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཚའེ་དབྱི་ཡིས། ཧོང་ཀོང་གི་མང་ཚོགས་མང་ཤོས་ཀྱིས༢༠༡༧ལོར་མི་རེ་རེས་འདེམས་ཤོག་འཕང་ནས་སྲིད་འཛིན་དཔོན་ཆེན་བདམས་ཐོན་བྱུང་ན་བཟང་བར་བསམ་འདུགགལ་ཏེ་ད་ཐེངས་ཀྱི་གོ་སྐབས་འདི་ཤོར་བ་ཡིན་ན། དམངས་ཡོངས་ཀྱི་འདེམ་བསྐོ་ལ་ཁ་ཐག་ཇེ་རིང་སོང་བ་ཡིན་པ་དང་། ཧོང་ཀོང་གི་སྲིད་ལུགས་དེ་འཕེལ་མེད་སོར་གནས་སུ་ལུས་པ་མ་ཟད། མཚམས་ཆད་རྒྱུ་མེད་པའི་སྲིད་དབང་འཕྲོག་རྩོད་ཀྱི་སྲོལ་ངན་དེའི་རྒྱུན་སྐྱོང་དགོས་པ་རེད། འདིས་ཧོང་ཀོང་གི་ཕྱོགས་སོ་སོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་ངེས། སྤྱི་ཚོགས་ལས་རིགས་སོ་སོ་ནས་སྲིད་ལུགས་བཅོས་བསྒྱུར་འདི་ལ་རྒྱབ་སྐྱོར་གནང་སྟེ། ངོ་རྒོལ་ཕྱོགས་ཁག་ལ་སྔ་མོ་ནས་ངོས་ཟིན་ཐོབ་ཏུ་བཅུག་ནས་རྨོངས་འཐོམས་ཀྱིས་སྲིད་ལུགས་བཅོས་བསྒྱུར་ལ་བཀག་འགོག་མི་བྱེད་པ་དང་ཧོང་ཀོང་གི་དམངས་གཙོ་འཕེལ་མེད་སོར་གནས་ཀྱི་གནས་སུ་སྐྱེལ་མི་རུང་ཟེར།

ཟླ༤བའི་ཚེས༢༠ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་པེ་ཅིང་དུ་ཧོང་ཀོང་ཁུལ་གསར་གྱི་ཚོགས་པ་དང་ལྷན་ཚོགས་མང་པོའི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་སྐབས། ཁོང་གིས་༢༠༡༧ལོར་ཧོང་ཀོང་དུ་དམངས་ཡོངས་ཀྱི་འདེམ་བསྐོ་མངོན་འགྱུར་ཡོང་བ་རྒྱུ་ནི་ཀྲུང་དབྱུང་སྲིད་གཞུང་གི་ལྷག་བསམ་ཟོལ་མེད་ཀྱི་རེ་ལྟོས་ཡིན་ལ། ཧོང་ཀོང་གི་མང་ཚོགས་མང་ཤོས་ཐུན་མོང་གི་རེ་ལྟོས་ཡང་ཡིན་པ་རེད་ཅེས་བསྟན། ཧོང་ཀོང་གི་ལས་རིགས་སོ་སོ་ནས་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡི་གསུང་བཤད་ལས་ཀྲུང་དབྱང་གིས་ཧོང་ཀོང་དུ་དམངས་ཡོངས་ཀྱི་འདེམ་བསྐོ་མངོན་འགྱུར་ཡོང་བའི་ཡིད་ཆེས་དང་ལྷག་བསམ་མཚོན་འདུག་པས། ངོ་རྒོལ་ཕྱོགས་ཁག་གིས་དམངས་སེམས་དང་དུ་བླངས་ནས། འབྲེལ་འདྲིས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་པ་ལས། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཐག་གཅོད་ལ་ཡ་ལན་སྤྲོད་པའི་སྟོང་བསམ་མི་བཅིངས་བར། ཧོང་ཀོང་གི་དམངས་གཙོ་འཕེལ་རྒྱས་ལ་བཀག་འགོག་བཟོ་བའི་ལོ་རྒྱུས་ཀྱི་ཉེས་ཅན་དུ་མི་འགྱུར་བར་བྱ་དགོས་པ་རེད།

རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཝུན་ཏོན་གྱིས། དམངས་ཡོངས་ཀྱི་འདེམ་བསྐོའི་གོམ་པ་དང་པོ་འདི་སྤོ་མ་ཐུབ་ན། དམངས་གཙོ་སྔར་བས་མདུན་བསྐྱོད་འཕེལ་རྒྱས་ཐུབ་པར་ད་རུང་དུས་ཚོད་ག་ཚོད་སྒུག་དགོས་པ་མི་ཤེས། ཧོང་ཀོང་མང་ཚོགས་ཀྱི་་མུ་མཐུད་དུ་དམངས་ཡོངས་ཀྱི་འདེམ་བསྐོ་ལག་བསྟར་བྱེད་པའི་འབོད་སྐུལ་རྒྱུན་ཆད་མེད་པར་བཏང་ནས། དམངས་སེམས་ཀྱི་གནོན་ཤུགས་ཅིས་ཀྱང་སྤྲོད་དགོས་ལ། དེ་ལྟར་ངོ་རྒོལ་ཕྱོགས་ཁག་གི་མི་སྣས་དོན་དངོས་དང་མི་མཐུན་པའི་བསམ་འདུན་དོར་ནས་སྲིད་ལུགས་བཅོས་བསྒྱུར་རྒྱབ་སྐྱོར་བྱེད་དུ་འཇུག་དགོས་ཞེས་བསྟན།

དཔལ་འབྱོར་དམངས་གཙོ་མཉམ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ལུའུ་ཀའོ་ཝེ་ཡིས་སྲིད་ལུགས་བཅོས་བསྒྱུར་ལ་ཀྲུང་དབྱང་གི་རྒྱབ་སྐྱོར་གསལ་པོ་བྱེད་བཞིན་ཡོད་པ་དང་། གལ་ཏེ་ངོ་རྒོལ་ཕྱོགས་ཁག་གི་མི་སྣས་རྒྱལ་ཡོངས་དམངས་ཆེན་གྱི་ཐག་གཅོད་དང་ལེན་མི་བྱེད་པ་རྒྱུན་འཁྱོངས་བྱས་ན། དམངས་ཆེན་གྱི་ཐག་གཅོད་ལ་རྩ་ཁྲིམས་ཀྱི་གོ་གནས་ཡོད་པས་དེར་དོན་སྙིང་ཅི་ཡང་མེད་པ་རེད། དེ་བས་མང་ཚོགས་ཀྱི་འདོད་བློ་ནི་དམངས་ཡོངས་ཀྱི་འདེམ་བསྐོ་དོན་འཁྱོལ་བྱ་རྒྱུ་དེ་ཡིན་པས། ངོ་རྒོལ་ཕྱོགས་ཁག་གི་མི་སྣས་དམངས་སེམས་དང་ལེན་བྱས་ན་བཟང་བར་སྙམ་ཟེར།

འབྲེལ་ཡོད་རྩོམ་ཡིག