ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཛམ་གླིང་གི་མི་གྲངས་མ་འོངས་པའི་ལོ ༡༥ ནང་དུང་ཕྱུར ༧༣ ནས ༨༤ རུ་འཕར་རྒྱུ་རེད།

2015-04-21 རིན་སྒྲོལ།

ཀྲུང་གོ་གསར་འགྱུར་དྲ་བའི་ཟླ ༤ པའི་ཚེས ༢༡ ཉིན་གྱི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས། མ་འོངས་པའི་ལོ ༡༥ ནང་འཛམ་གླིང་གི་མི་གྲངས་དུང་ཕྱུར ༡༡ གིས་མང་དུ་འཕེལ་རྒྱུ་རེད། མིག་སྔར་དུང་ཕྱུར ༧༣ ཡིན་ལ། ༢༠༣༠ ལོར་དུང་ཕྱུར ༨༤ དང་། ཡོ་རོབ་གླིང་ལས་གཞན་ས་ཁུལ་ཚང་མའི་གྲོང་ཁྱེར་གྱི་མི་གྲངས་ཧ་ལམ་བརྒྱ་ཆའི་བཅོ་ལྔ་འཕར་རྒྱུ་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ཉིའུ་ཡེ་རུ་ཉིན་འགའི་སྔོན་ལ་མི་གྲངས་དང་འཕེལ་རྒྱས་ཀྱི་ཨུ་ཡོན་ལྷན་ཚོགས་ཚོགས་འདུ ༤༨ པ་བསྡུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་འགན་འཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའུ་ཧོང་པོ་ཡིས་ཚོགས་འདིའི་སྟེང་ཕེན་ཅི་ཝུན་ཡིས་ཚོགས་འདུར་གྲ་སྒྲིག་བྱས་པའི་སྙན་ཞུ་བསྒྲགས།

སྙན་ཞུ་ལས། མ་འོངས་པའི་ལོ ༡༥ ནང་། འཛམ་གླིང་ལ་མང་དུ་འཕེལ་བའི་མི་གྲངས་དུང་ཕྱུར ༡༡ ནི་མང་ཆེ་བ་གྲོང་ཁྱེར་གྱིས་ཟིན་ཞེས་བཀོད་ཡོད།

ཕེན་ཅི་ཝུན་གྱིས་བཤད་རྒྱུར། མིག་སྔར། འཛམ་གླིང་གི་མི་གྲངས་ཕྱེད་ཀ་ལས་བརྒལ་བ་ཞིག་གྲོང་ཁྱེར་དུ་འདུས་སྡོད་བྱས་ཡོད་ལ། མ་འོངས་པའི་ལོ ༡༥ ནང་ད་རུང་ཇེ་མང་དུ་འཕེལ་བར་བྱེད་པ་དང་། གྲོང་ཁྱེར་ཅན་སྔར་ལས་དར་བ་དང་ཆབས་ཅིག་ཏུ་དེར་ཐད་ཀྱི་གནད་དོན་གང་མང་ཐག་གཅོད་མྱུར་བར་བྱེད་དགོས། དེ་མ་ཟད། འཛམ་གླིང་དུ་ཧ་ལམ་བྱིས་པ་དུང་ཕྱུར ༢༠ སློབ་གྲྭར་འགྲིམས་དགོས་པའི་ལོ་ཚོད་ལ་ཟིན་པ་དང་། མི་རྒན་པའི་མི་གྲངས་ནི ༢༠༡༥ ལོར་བརྒྱ་ཆའི་བཅུ་གཉིས་ཡིན་ལ། ༢༠༣༠ ལོར་བརྒྱ་ཆའི་བཅུ་དྲུག་ཏུ་འཕར་རྒྱུ་རེད། དེ་བས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སློབ་གསོའི་ཐད་ཤུགས་སྣོན་བྱས་ཏེ། ཕྲུ་གུ་བཙའ་བ་དང་ལུས་ཁམས་བདེ་སྲུང་། མི་རྣམས་ཀྱི་བྱ་བའི་ཐད་ཕན་བདེ་གང་ལེགས་བསྐྲུན་དགོས་པ་དང་། མི་རྒན་པའི་མི་གྲངས་འཕེལ་བའི་ཐད། ཁོ་ཚོར་འོས་པའི་བྱ་བ་འགའ་བཀོད་སྒྲིག་དང་། སྤྱི་ཚོགས་འགན་ལེན་གྱི་ལས་འཐུས་ཚང་དང་ལེགས་པོར་བསྒྱུར་དགོས་ཟེར།

ཕེན་ཅི་ཝུན་གྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུན་རིང་བོར་འཕེལ་བའི་དམིགས་ཡུལ་ཞིག་གཏན་དུ་འབེབས་རྒྱུ་ཡིན་ལ། འོན་ཀྱང་མི་རྒན་པ་དང་བྱིས་པའི་མི་གྲངས་འཕེལ་བ་དང་། གྲོང་ཁྱེར་ཅན་དང་གནས་སྤོས་ཡུལ་མི་བཅས་ཀྱི་རྐྱེན་ཆེན་པོ་དེ་དག་གིས་དམིགས་ཡུལ་གཏན་འབེབས་ཐད་ཤུགས་རྐྱེན་ངེས་ཅན་བཟོ་ངེས། ཁོས་ད་དུང ༢༠༡༥ ལོར་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་བཅོས་བསྒྱུར་གྱི་ལས་དེ་གཙིགས་འཛིན་བྱེད་དགོས་ཞེས་སྐུལ་བཞིན་ཡོད། ཚོགས་འདུས“ང་ཚོས་རེ་བའི་མ་འོངས་པ་མངོན་འགྱུར་དང་། མི་གྲངས་ཀྱི་གནད་དོན་དེ་ཡུན་རིང་བོར་འཕེལ་བའི་བྱ་བར་འགོད་པ། ༢༠༡༥ ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་འཆར་གཞིའང་འགོད་དགོས”ཞེས་པ་ནང་དོན་གཙོ་བོར་བཟུང་ནས་གཟའ་འཁོར་གཅིག་གི་རིང་ལ་ཚོགས་འདུ་འཚོགས་རྒྱུ་རེད།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག