ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༥ལོའི་བོད་ལྗོངས་ཀྱི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་གཏན་འབེབས་བཏོན།

2015-04-22
   ཉེ་ཆར་རང་ལྗོངས་ཀྱི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་གཏན་འབེབས་བཏོན་པ་དང་། གཏན་འབེབས་ལ་གཞིགས་ན། བོད་ལྗོངས་ནང་ཁུལ་གྱི་དམའ་རིམ་སློབ་འབྲིང་གི་སྐྱིད་སྡུག་ནང་ཞུགས་པའི་རྒྱུགས་སྤྲོད་སློབ་མའི་ཐོ་འགོད(འཛིན་གྲྭ)དུས་ཚོད་ནི་ཟླ༤བའི་ཚེས༡༥ཉིན་ནས་ཟླ༤བའི་ཚེས༡༩ཉིན་བར་ཡིན་པ་དང་། དྲ་ཐོག་ནས་ཐོ་འགོད་པའི་དུས་ཚོད་ནི་ཟླ༤བའི་ཚེས༢༠ཉིན་ནས་ཟླ༤བའི་ཚེས༢༩ཉིན་བར་ཡིན་པ། ཆ་འཕྲིན་གཏན་འཁེལ་བྱེད་པའི་དུས་ཚོད་ནི་ཟླ༤བའི་ཚེས༣༠ཉིན་ནས་ཟླ༥བའི་ཚེས༥ཉིན་བར་ཡིན་པས་དུས་ཚད་ཡོལ་ན་སྒྲུབ་གཉེར་བྱ་རྒྱུ་མིན་ཞེས་བསྟན་ཡོད། ཕྱི་ནས་ཡོང་བའི་ལོ་འདིའི་ནང་ཐོན་པའི་དམའ་འབྲིང་གི་སློབ་ཐོན་སློབ་མ་དང་། དེ་སྔའི་དམའ་འབྲིང་གི་སློབ་ཐོན་སློབ་མ། སྤྱི་ཚོགས་ཐོག་གི་རྒྱུགས་སྤྲོད་སློབ་མ་བཅས་ཀྱིས་ཐོ་འགོད་ཨང་རྟགས་དང་གསང་བའི་ཨང་རྟགས་བརྒྱུད་དྲ་བའི་ཐོག་རང་ཉིད་ཀྱི་ཐོ་འགོད་ཆ་འཕྲིན་ཐོ་འགོད་བྱེད་དགོས།
   དེ་སྔ་དང་བསྡུར་ན། ད་ལོ་རང་ལྗོངས་སུ་ལོ་འདིའི་ནང་ཐོན་པའི་དམའ་འབྲིང་གི་སློབ་ཐོན་སློབ་མ་མ་གཏོགས་མཐོ་འབྲིང་ལ(ལྗོངས་ཕྱི་ནང་གི་གཙོ་གནད་མཐོ་འབྲིང་དང་ལྗོངས་ནང་ཁུལ་གྱི་མཐོ་འབྲིང་དཀྱུས་མ་ཚུད་པ)ཐོ་འགོད་རྒྱུགས་སྤྲོད་བྱེད་མི་ཆོག ནང་སའི་བོད་ལྗོངས་མཐོ་འབྲིང་འཛིན་གྲྭ(སློབ་གྲྭ)དང་། ཀྲུང་དབྱང་མི་རིགས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་། ལྷ་ས་སློབ་འབྲིང་། བོད་ལྗོངས་མི་རིགས་སློབ་གླིང་ཞོར་གཏོགས་སློབ་འབྲིང་། གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སློབ་འབྲིང་བཅས་ཀྱིས་ལྗོངས་ཡོངས་ནས་སློབ་བསྡུ་བྱ་རྒྱུ་ཡིན་པ་དང་། ལྗོངས་ནང་ཁུལ་གྱི་གཙོ་གནད་མཐོ་འབྲིང་གཞན་དག་གིས་ས་གནས་དེ་གའི་རྒྱུགས་སྤྲོད་སློབ་མ(ས་གནས་དེ་གའི་ཐེམ་ཐོ་ཡིན་པའི་རྒྱུགས་སྤྲོད་སློབ་མ་དང་ས་གནས་དེ་གའི་སློབ་གྲྭའི་སྐྱིད་སྡུག་ནང་ཞུགས་པའི་སློབ་མ་བསྡུ་རྒྱུ)གཙོ་བོར་བྱེད་པ། ལྗོངས་ནང་ཁུལ་གྱི་མཐོ་འབྲིང་དཀྱུས་མས་ས་གནས་དེ་གའི་རྒྱུགས་སྤྲོད་སློབ་མ(དེའི་ནང་ས་གནས་དེ་གའི་ཐེམ་ཐོ་ཡིན་པའི་རྒྱུགས་སྤྲོད་སློབ་མ་དང་ས་གནས་དེ་གའི་སློབ་གྲྭའི་སྐྱིད་སྡུག་ནང་ཞུགས་པའི་རྒྱུགས་སྤྲོད་སློབ་མ་ཚུད)མ་གཏོགས་བསྡུ་མི་ཆོག དེ་སྔ་ཐོན་པའི་དམའ་འབྲིང་གི་སློབ་ཐོན་སློབ་མ་ཡིན་ཕྱིན་ནང་སའི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་དང་། ལྗོངས་ནང་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་ཁོ་ནར་མ་གཏོགས་མིང་འགོད་རྒྱུགས་སྤྲོད་བྱེད་མི་ཆོག དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭར་མིང་འགོད་བྱས་པའི་རྒྱུགས་སྤྲོད་སློབ་མས་ད་དུང་མཐོ་འབྲིང་དང་ལྗོངས་ཕྱི་ནང་གི་འབྲིང་རིམ་ལས་རིགས་འཛིན་གྲྭར་མིང་འགོད་བྱེད་མི་ཆོག འཚོ་བའི་ཐད་རང་སྐྱ་འཕེར་ཐུབ་པ་མ་ཟད། སློབ་སྦྱོང་མཐའ་འཁྱོངས་བྱེད་ཐུབ་མཁན་གྱི་དབང་པོ་སྐྱོན་ཅན་གྱིས་ཀྱང་མིང་འགོད་རྒྱུགས་སྤྲོད་བྱེད་ཆོག་གི་ཡོད་པ་རེད།
   ལྗོངས་ནང་ཁུལ་གྱི་དམའ་འབྲིང་གི་ལོ་འདིར་ཐོན་པ་མ་ཟད་ལྗོངས་ནང་ཁུལ་གྱི་སློབ་གྲྭའི་སྐྱིད་སྡུག་ནང་ཞུགས་པའི་རྒྱུགས་སྤྲོད་སློབ་མས་སྐྱིད་སྡུག་གནས་སའི་སློབ་གྲྭས་ཐོ་འགོད་བྱེད་ས་གཏན་འཁེལ་བྱས་རྗེས་ཐོ་འགོད་བྱེད་སའི་སློབ་གྲྭས་གཅིག་གྱུར་ཐོག་ཐོ་འགོད་འགྲོ་ལུགས་གཉེར་དགོས་པ་དང་། ལྗོངས་ནང་ཁུལ་གྱི་དམའ་འབྲིང་གི་ལོ་འདིའི་ནང་ཐོན་ཡང་ལྗོངས་ནང་ཁུལ་གྱི་སློབ་གྲྭའི་སྐྱིད་སྡུག་མེད་པའི་རྒྱུགས་སྤྲོད་སློབ་མས་སློབ་ཐོན་བྱེད་སའི་སློབ་གྲྭར་རེ་ཞུ་བྱེད་པ་དང་ས་ཁུལ་དང་གྲོང་ཁྱེར་སློབ་བསྡུ་གཞུང་དོན་ཁང་གི་ཞིབ་བཤེར་བྱས་རྗེས་ཐོ་འགོད་བྱེད་སའི་སློབ་གྲྭས་གཅིག་གྱུར་ཐོག་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བ་དང་། ཕྱི་ནས་ཡོང་བའི་ལོ་འདིའི་འབྲིང་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་དང་། དེ་སྔའི་འབྲིང་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ། སྤྱི་ཚོགས་ཐོག་གི་རྒྱུགས་སྤྲོད་སློབ་མ་བཅས་ཀྱིས་རང་འགུལ་ངང་ཐེམ་ཐོ་གནས་སའི་ས་ཁུལ(གྲོང་ཁྱེར)སློབ་བསྡུ་གཞུང་དོན་ཁང་དུ་ཐོ་འགོད་འགྲོ་ལུགས་གཉེར་དགོས་པ། ནང་སའི་བོད་ལྗོངས་དམའ་འབྲིང་འཛིན་གྲྭའི(སློབ་གྲྭའི)ལོ་འདིའི་ནང་ཐོན་པའི་དམའ་འབྲིང་སློབ་ཐོན་སློབ་མས་རང་སྐྱོང་ལྗོངས་སློབ་གསོ་ཐིང་མཉམ་ལས་སྤེལ་རེས་ཁྲུའུ་ཡིས་སྒྲིག་འཛུགས་བྱས་ཏེ་གཅིག་གྱུར་ཐོག“ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)ཆ་འཕྲིན་སྟེགས་བུ”http://༢༡༩.༡༤༥.༡༠༥.༥༠ཐོག་ཐོ་འགོད་བྱེད་དགོས།
   ད་ལོ་རང་ལྗོངས་ཀྱི་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་སྲིད་ཇུས་ཀྱི་སྐར་སྣོན་ཐད་དེ་སྔ་དང་དེ་ཙམ་གཅིག་མཚུངས་མིན་པ་སྟེ། དམའ་འབྲིང་སློབ་གྲྭའི་དུས་མཚམས་སུ་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་པའི་བཟང་པོ་གསུམ་ལྡན་གྱི་སློབ་མ་དང་སློབ་མའི་ཕུལ་བྱུང་ལས་བྱེད་པ། དམའ་འབྲིང་དུས་མཚམས་སུ་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་ཚན་རྩལ་གསར་གཏོད་ཀྱི་བྱ་དགའ་ཆུང་གྲས་དང་རིག་ཚན་རྐྱང་པའི་འགྲན་བསྡུར་ནང་ཨང་དང་པོ་ནས་གསུམ་པའི་བར་ཐོབ་མཁན། དམའ་འབྲིང་དུས་མཚམས་སུ་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ནས་གསུམ་པའི་བར་ཐོབ་མཁན་དང་མཉམ་སྡེབ་རྣམ་གྲངས་ཀྱི་ཨང་དང་པོའི་གཙོ་ཤུགས་རུ་མི་སོགས་ལ་མུ་མཐུད་སྐར་སྣོན་གྱི་ཐོབ་ཐང་མེད་པ་དང་། མངའ་རིས་དང་ནག་ཆུའི་ཐེམ་ཐོ་ཡིན་པའི་རྒྱུགས་སྤྲོད་སློབ་མ་དང་། མོན་པ་རིགས་དང་། ལྷོ་པ་རིགས། ཤར་པ་རིགས། ཏེང་པ་བ་བཅས་བསྡུ་སྐབས་སྐར་མ༢༠བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱེད་དགོས། གོང་དུ་བརྗོད་པའི་རྣམ་གྲངས་གཉིས་ཀྱི་སྐར་སྣོན་ཆ་རྐྱེན་དང་འཚམ་པའི་རྒྱུགས་སྤྲོད་སློབ་མར་སྐར་སྣོན་རིམ་རྩིས་མི་རྒྱག་པས་སྐར་མ༢༠ཁོ་ན་བསྣན་ཏེ་ཡིག་ཚགས་འདོན་སྤྲོད་བྱེད་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ནས་གཏན་འཁེལ་བྱས་པའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་དང་ལྗོངས་ནང་ཁུལ་གྱི་མཐའ་མཚམས་རྫོང་ཁོངས་སུ་གཏོགས་པའི་མཐའ་མཚམས་ཤང(གྲོང་རྡལ)གི་ཞིང་འབྲོག་པའི་བུ་ཕྲུག་ཡིན་ཕྱིན་སྐར་མ༡༠བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱེད་པ་དང་སློབ་བསྡུའི་སློབ་གྲྭས་ཞིབ་བཤེར་བྱས་རྗེས་བསྡུ་རྒྱུ་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག