ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བོད་ཁུལ་གྱི་ཆེས་ཐོག་མའི་སྐད་གཉིས་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སི་ཁྲོན་དུ་བཙུགས།

2015-05-04

བོད་ཁུལ་གྱི་ཆེས་ཐོག་མའི་སྐད་གཉིས་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སི་ཁྲོན་དུ་བཙུགས།

ཉེ་སྔོན། དེང་རབས་འཕྲིན་སྦྱོར་མཉམ་སྦྲེལ་གྱི་འཕེལ་རྒྱས་དགོས་མཁོ་དང་བསྟུན་ཆེད། སི་ཁྲོན་དུས་དེབ་ཚོགས་པས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དངོས་སུ་བཙུགས་ཤིང་། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས《གངས་ལྗོངས་ཉི་གཞོན》དུས་དེབ་དང་། 《ཁ་བཏགས་དཀར་པོ》དུས་དེབ། བོད་རྒྱ་ཤན་སྦྱར་གྱི《སྒྲོག་འགྲེལ་ངེས་ཀློག》དུས་དེབ། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་དྲ་ཚིགས་བཅས་ཀྱི་རྨང་གཞིའི་ཐོག་གངས་ལྗོངས་ཉི་གཞོན་སྐད་གཉིས་དྲ་ཕྲན་དང་། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་བརྙན་ཕྲན། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་འཕྲིན་ཕྲན། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་པོད་ཕྲན། གངས་ལྗོངས་ཉི་གཞོན་གྱི་སྐད་གཉིས་མཁོ་སྤྲོད་འཇུག་སྒོ་བཅས་ཀྱི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཐོན་རྫས་སྐོར་ཞིག་གསར་སྤེལ་བྱས་དང་བྱེད་བཞིན་ཡོད་པས། གངས་ལྗོངས་ཉི་གཞོན་དེ་ཉིད་ཆེས་ཐོག་མར་རྒྱལ་ཡོངས་བོད་ཁུལ་གྱི་བོད་རྒྱ་སྐད་གཉིས་ཀྱི་འཕྲིན་སྦྱོར་ཀུན་འདུས་ལམ་བུའི་ཐོག་སྐྱོད་མགོ་ཚུགས་པའི་གསར་འགྱུར་ལས་ཁུངས་ཤིག་ཏུ་གྱུར།

ན་ནིང་གི་ཟླ7པའི་ཚེས1ཉིན། སི་ཁྲོན་ཏང་དེབ་ཚོགས་པས་བོད་རྒྱ་སྐད་གཉིས་ཀྱི་དྲ་ཚིགས་ཏེ་གངས་ལྗོངས་ཉི་གཞོན་དྲ་ཚིགས་ཤར་གཏོང་བྱེད་མགོ་ཚུགས་ཤིང་། དྲ་ཚིགས་དེའི་ལག་རྩལ་མི་སྣ་རང་གིས་གསར་གཏོད་བྱས་པའི་སྣེ་མང་མཐུན་སྦྱོར་ལག་རྩལ་ཐོག་མར་སྤྱད་དེ་རྩིས་འཁོར་དངIPAD ལག་ཁྱེར་ཁ་པར་སོགས་བརྙན་ངོས་མི་འདྲ་བའི་སྒྲིག་ཆས་ཀྱི་ཐོག་ཏུ་མཉམ་སྤྱོད་ཐུབ་པ་བྱུང་ཡོད། 2015ལོའི་ཟླ4བའི་བར། དྲ་ཚིགས་ལྟ་མཁན་མི་ཁྲི200ལས་བརྒལ་ཡོད།

སི་ཁྲོན་ཞིང་ཆེན་ཏང་ཨུའི་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་འགོ་གཙོ་དཀོན་མཆོག་རྡོ་རྗེ་ཡིས་འཕྲིན་སྦྱོར་མཉམ་སྦྲེལ་གྱི་འཕེལ་རྒྱས་དགོས་མཁོ་གསར་པ་དང་བསྟུན་ནས། ད་ལོར་སི་ཁྲོན་ཞིང་ཨུའི་དྲིལ་སྒྲོག་པུའུ་དང་སི་ཁྲོན་དུས་དེབ་ཚོགས་པས་བོད་ཡིག་གི་འཕྲིན་སྦྱོར་གསར་པ་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་འོག ད་ལོར་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་སྐད་གཉིས་འཕྲིན་སྦྱོར་གྱི་ཐོན་རྫས་གསར་པ་རིགས30ཙམ་དང་། གངས་ལྗོངས་ཉི་གཞོན་གྱི་ཡན་ལག་དྲ་ཚུགས10ཤས་ཤིག་རིམ་བཞིན་གསར་སྤེལ་བྱ་རྒྱུ་ཡིན་ཟེར།

འབྲེལ་ཡོད་རྩོམ་ཡིག