ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཞི་ཅིན་ཕིང་ན་རེ། གནད་དོན་ཡར་ཞུ་གང་དུ་མང་ན། དེ་ལ“སོ་དམག”གཏོང་དགོས།

2015-01-27 དཔལ་མགོན།
 
  ཀྲུང་གོའི་གུང་ཁྲན་ཏང་གསར་འགྱུར་དྲ་བས་ཟླ ༡ པོའི་ཚེས ༢༦ ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་ཀྲུང་དབྱང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ངོ་རྒོལ་སྐོར་གྱི་གླེང་བརྗོད་བསྡུས་སྒྲིག》ཅེས་པའི་དཔེ་དེབ་ཉེ་ཆར་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། མི་དམངས་དྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་དྲ་བས་པར་འགོད་དབང་ཆ་བླངས་ཡོད་པ་རེད། 《གླེང་བརྗོད་བསྡུས་སྒྲིག》ལ་བསྡོམས་པས་ཆེད་བརྗོད་ལེའུ ༩ ཡོད་པ་དང་། བསྡོམས་པས་གླེང་བརྗོད་ཁག ༢༡༦ བསྡུ་འགོད་བྱས་ཡོད་ལ། བློ་མཐུན་ཞི་ཅིན་ཕིང་གིས ༢༠༡༢ ལོའི་ཟླ ༡༡ པའི་ཚེས ༡༥ ཉིན་ནས ༢༠༡༤ ལོའི་ཟླ ༡༠ བའི་ཚེས ༢༣ ཉིན་བར་གྱི་གསུང་བཤད་དང་རྩོམ་ཡིག མཆན་བཀོད་མཛུབ་སྟོན་སོགས་བསྡོམས་པས་ཡིག་ཆ་གལ་ཆེན་ཁག་བཞི་བཅུ་ལྷག་བསྡུ་སྒྲིག་བྱས་ཡོད། དེ་དག་ལས་གླེང་བརྗོད་མང་ཆེ་བ་ནི་ཐེངས་དང་པོར་འགྲེམ་སྤེལ་བྱས་པ་རྐྱང་རྐྱང་རེད།
དཔེ་དེབ་དེའི་ནང་དོན་ཚན་པ་ཞིག་གཤམ་དུ་བཀོད་ཡོད།
   སྐོར་ཞིབ་བྱེད་ཐབས་གསར་གཏོད་བྱེད་དགོས། ཆེད་དོན་སྐོར་ཞིབ་ས་ཚིགས་འཛུགས་པའི་བསམ་ཚུལ་ནི་དང་ལེན་བྱས་ཆོག་པ་ཞིག་རེད། རྩ་འཛུགས་ལམ་ལུགས་གསར་གཏོད་བྱས་པ་བརྒྱུད་ནས། སྐོར་ཞིབ་གྱི་སེམས་ཤུགས་དང་སྟབས་བསྟུན་རང་བཞིན་ཇེ་དྲག་བཏང་སྟེ། ཕྱོགས་ཡོངས་སུ་ཁེབས་ཐུབ་པའི་བླང་བྱ་ལག་བསྟར་བྱེད་པ་དང་། ཡར་ཞུ་བྱས་པའི་གནད་དོན་གང་དུ་མང་ན་དེ་ལ“སོ་དམག”མངག་གཏོང་བྱེད་དགོས། ཞེས《ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་ནས་ཉིས་སྟོང་བཅུ་གསུམ་ལོའི་ལོ་སྨད་ཀྱི་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་གི་སྐོར་ཞིབ་གནས་ཚུལ་གྱི་སྙན་ཞུ་ལ་ཉན་སྐབས་སྤེལ་བའི་གཏམ་བཤད》(༢༠༡༤ལོའི་ཟླ ༡ ཚེས ༢༣ཉིན)ཞེས་པ་ལས་དྲངས་པ་ཡིན།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག