ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྨྱན་སྦྱོར་གསར་བའི་ཚབ་བྱེད་པར་འགྲེལ་ཇི་ལྟར་རྒྱག་གམ།

2015-06-07 དོན་འགྲུབ།
   ཀྲུང་གོ་གསར་འགྱུར་ཁང་པེ་ཅིང་གི་ཟླ ༦ ཚེས ༣ ཉིན་གྱི་གློག་འཕྲིན《སྨྱན་སྦྱོར་གསར་བའི་ཁྲོད་ཀྱི་ཚབ་བྱེད་རང་བཞིན་གྱི་མི་སྣའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས》ཞེས་བར་དེ་སྔོན་རྒྱལ་ཁབ་ཕྱི་ནང་གི་གླེང་གཞི་ཚ་ཤོས་ཤིག་ཏུ་གྱུར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཚེས ༣ ཉིན་གཞུང་གི་སྐད་འཕྲིན་སྤྱི་སྟེགས"འཐབ་ཕྱོགས་གཅིག་གྱུར་གྱི་གཏམ་གསར་བ"ཞེས་པ་ནས"སྨྱན་སྦྱོར་གསར་བའི་ཁྲོད་ཀྱི་ཚབ་བྱེད་རང་བཞིན་གྱི་མི་སྣ་ཞེས་པ་ནི་ཅི་ཞིག་ཡིན་པ"ལ་འགྲེལ་བཤད་བརྒྱབ།
   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཟླ ༥ བའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་གལ་ཆེའི་ཞིབ་གླེང་མཛད། གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས“润智”ཟེར་བ་ཞིག་ནས《སྨྱན་སྦྱོར་གསར་བའི་ཁྲོད་ཀྱི་ཚབ་བྱེད་རང་བཞིན་གྱི་མི་སྣའི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས》ཞེས་པ་ཡང་དག་པར་འགྲེལ་བ་ཞེས་པའི་རྩོམ་ཞིག་སྤེལ་བར། སྨྱན་སྦྱོར་གསར་བའི་ཁྲོད་ཀྱི་ཚབ་བྱེད་རང་བཞིན་གྱི་མི་སྣ་ཞེས་པ་ནི་ཕལ་ཆེར་འདི་འདྲ་རིགས་གཉིས་སུ་དབྱེ་ཡོད་པ་རེད། རིགས་གཅིག་ནི་སྨྱན་སྦྱོར་གསར་བའི་སྟེགས་བུ་བདག་གཉེར་མཁན་ཡིན།  སྤྱིར་བཏང་དུ་སྨྱན་སྦྱོར་གསར་བའི་ལས་སྒྲུབ་མི་སྣར་འབོད་ཆོག རིགས་གཞན་པ་ནི་སྨྱན་སྦྱོར་གསར་བའི་ནང་དོན་གྱི་བཟོ་བཀོད་པ་ཡིན། རགས་རིམ་གྱིས་དྲ་རྒྱའི་བསམ་འཆར་འདོན་མཁན་དུ་འབོད་ཆོག 
   རྩོམ་དེ་ནས་བསྟན་རྒྱུར། གོང་གི་རིགས་དེ་གཉིས་ལ་མི་འདྲ་བའི་ཆ་ཅུང་ཆེན་པོ་ཡོད་པ་དང་། རིགས་དང་པོ་དེར་ཡང་ནང་གསེས་སུ་མི་སྣ་རིགས་བཞི་ཡོད་པ་རེད། སྨྱན་སྦྱོར་གསར་བའི་ཁེ་ལས་མ་རྩ་གཏོང་མཁན(འདིའི་ཁྲོད་དུ་ལག་རྩལ་དང་མ་རྐང་ཡང་འདུས་ཡོད)དང་། བདག་གཉེར་དོ་དམ་མཁན། གསར་འགོད་པ་དང་རྩོམ་སྒྲིག་པ། ལག་རྩལ་མི་སྣ་བཅས་བཞི་རེད། "སྤྱི་ཚོགས་རིམ་གྲས་ངོ་བོའི་ཐད་ནས་མི་འདི་དག་ནི་སྤྱི་ཚོགས་གྲལ་རིམ་གསར་བའི་ཁོངས་མི་གཙོ་བོ་ཡིན།" ད་ལོའི་ཟླ ༥ ཚེས ༡༨ ཉིན་ལག་བསྟར་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཅེས་པར་མངོན་གསལ་གྱིས་སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣ་ཁག་གཅིག་ཏུ་བརྩིས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་ཡུལ་དུ་གཏོང་རྒྱུ་ཡིན་པ་བརྗོད། 
   རིགས་རྗེས་མ་ནི་ས་ཁུལ་སོ་སོ་དང་ཁྱབ་ཁོངས་སོ་སོ། ལས་རིགས་སོ་སོ། རིམ་གྲས་སོ་སོར་ཁྱབ་ཡོད། རྒྱལ་ནང་ལས་ཕྱི་རྒྱལ་ཡང་ཡོད། "དེར་བརྟེན་དྲ་རྒྱའི་བསམ་འཆར་མི་སྣ་ནི་ཁེར་རྐྱང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་ཡུལ་དུ་འགྱུར་མི་སྲིད།"
   གཞུང་ཕྱོགས་ཀྱི་འགྲེལ་བཤད་འདི་ལས་བསྟན་རྒྱུར། སྨྱན་སྦྱོར་གསར་བའི་ཁྲོད་ཀྱི་ཚབ་བྱེད་རང་བཞིན་གྱི་མི་སྣ་ནི་སྨྱན་སྦྱོར་གསར་བའི་འཕེལ་རྒྱས་དང་བསྟུན་ནས་བྱུང་བ་དང་འཚར་ལོངས་བྱུང་བའི་ཚོགས་པ་གསར་བ་ཞིག་ཡིན། ཤེས་བྱའི་གྲལ་རིམ་མཐོ་ཞིང་འཁོར་རྒྱུག་རང་བཞིན་མགྱོགས་པ། བློ་རིག་སྐྱེན་པ། ཤུགས་རྐྱེན་རྒྱ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེའི་ཁྲོད་དུ་ཏང་ཕྱིའི་མི་སྣ་མང་ཆེ་བ་དང་། དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ། སྤྱི་ཚོགས་གླེང་ཕྱོགས་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། དེར་བརྟེན་རྣམ་པ་གསར་བའི་འོག་ཏུ་རྒྱ་ཆེན་པོས་སྨྱན་སྦྱོར་གསར་བའི་ཚབ་བྱེད་མི་སྣ་ཚུད་པའི་སྤྱི་ཚོགས་ཀྱི་ཚོགས་པ་གསར་བ་གཅིག་ཏུ་བསྡུ་རྒྱུ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་འོས་འགན་གསར་བ་ཞིག་ཡིན།
   སྨྱན་སྦྱོར་གསར་བའི་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤེལ་བའི་དམིགས་ཡུལ་ནི། གཞུང་རྩོམ་འདིས་སྔར་བས་གསལ་འགྲེལ་བྱེད་རྒྱུར། རིགས་གཅིག་ནི་སྨྱན་སྦྱོར་གསར་བའི་ཚབ་བྱེད་མི་སྣའི་བདེ་ཐང་འཕེལ་རྒྱས་ལ་སྣེ་ཁྲིད་དང་རོགས་རམ་བྱེད་མཁན་རེད། རིགས་གཅིག་ནི་སྨྱན་སྦྱོར་གསར་བའི་ལས་རིགས་བདེ་ཐང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་མཁན་རེད།
   གཞན་སྤྱི་བསྒྲགས་གསར་འགྱུར་ཁྲོད་གསལ་དོན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་གསར་བ་འདི་རིམ་གྱིས་སྒྲུབ་བཞིན་ཡོད་པ་རེད། ད་ལོའི་ཀྲུང་གོའི་འཐབ་ཕྱོགས་གཅིག་གྱུར་དུས་དེབ་འདོན་ཐེངས་ལྔ་བའི་ཁྲོད་ཀྱི་རྩོམ་ཡིག་གཅིག་ཏུ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི"སྐབས ༡༢ པའི་སྤྱི་ཚོགས་རིམ་གྲས་གསར་བའི་མི་སྣའི་གཞུང་ལུགས་ཞིབ་འཇུག་འཛིན་གྲྭའི"སློབ་གཉེར་བ ༥༥ ལས་གསུམ་ཆའི་གཅིག་ནི་འབྲེལ་དྲ་དང་སྨྱན་སྦྱོར་གསར་བའི་ལས་རིགས་ནས་ཡོང་བ་རེད། དེའི་ཁྲོད་དུ"འབྲས་ཆུང"ཚན་རྩལ་གྱི་སྤྱི་འཛིན་ཟུར་པ་ཁྲེང་ཐུན་དང་། "དེ་རིང་གི་གསར་འགྱུར་གཙོ་བོའི"སྤྱི་འཛིན་ཀྲང་དབྱི་མིང་། "པེ་ཏུའུ"སྤྱི་འཛིན་ཟུར་པ་ཀྲུའུ་ཀོང་སོགས་ཡོད།
   ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་མཛད་པའི་ཏང་གི་དུས་དེབ་ལས"སྨྱན་སྦྱོར་གསར་བའི་ལས་རིགས་ཀྱི་མི་སྣ་ཁག་ཕྱོགས་གཅིག་ཏུ་སྦྱོང་བརྡར་དུ་ཞུགས་སུ་བཅུག་པ་ནི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མཚོན་ན་ཐེངས་དང་པོ་ཡིན་པ་རེད།"ཅེས་བསྟན་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག