ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

དུས་རབས་འདིའི་ནང་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སུ་དག་ཀྲུང་གོ་རུ་བྲིན་ནམ།

2014-11-14 ཟླ་བ།

རྒྱ་ཡིག་གི་ཨེ་མ་ཟོན(Amazon)དྲ་ཚིགས་ཀྱིས་ལོ 14 རིང་གི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་བྲིན་ཆེ་བ་དག་བདམས་ཐོན་བྱུང་བ།
    སའི་གོ་ལ་ཧྲིལ་པོར་སྐད་གྲགས་མཐོ་བའི་ནོ་པེལ་གྱི་བྱ་དགའི་རྣམ་གྲངས་རེ་རེ་བཞིན་གཟའ་རྗེས་མ་ནས་བཟུང་གནང་མགོ་རྩོམ་རྒྱུ་ཡིན་པ་ལ། དེ་ཡང་སྔར་གྱི་འགྲོ་སྲོལ་དང་ལམ་ལུགས་ལྟར་དུ་ཟླ་བཅུ་པའི་གཟའ་འཁོར་གཉིས་པའི་རེས་གཟའ་ཕུར་བུ་ཡི་ཉིན་ལ་ནོ་པེལ་རྩོམ་རིག་བྱ་དགའ་ཕྱི་ལ་གསལ་བསྒྲགས་བྱ་རྒྱུ་ཡིན་པར་ད་ལོ་ནི་ཟླ་བཅུ་པའི་ཚེས་དགུ་ཉིན་ལ་ཁེལ་ཡོད་པ་རེད་འདུག སྨྱན་ལམ་དང་རྩོམ་རིག་གི་ཀློག་པ་པོ་ལས་གཞན་ནོ་པེལ་རྩོམ་རིག་བྱ་དགའ་ལ་བློ་རྩེ་གཏད་མཁན་ལ་ད་དུང་རྒྱལ་ནང་གི་དཔེ་སྐྲུན་ཁང་མང་པོ་ཡོད་པ་རེད་དེ། དེའི་རྒྱུ་མཚན་ནི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བརྩམས་ཆོས་མང་པོ་ཀྲུང་གོའི་དཔེ་འཚོང་གི་ལས་རིགས་ནང་དུ་ཚོང་ཆེས་ཆེར་བྲིན་པོ་ཡོད་པས་རེད། ད་ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཕྱི་ལ་སྒྲོག་ལ་ཉེ་བའི་སྐབས་འདིར། རྒྱ་ཡིག་གི་ལམ་གྱི་ཨེ་མ་ཟོན་དྲ་ཚིགས་ཀྱིས་སྤྱི་ལོ2000ལོ་ནས2013ལོའི་བར་གྱི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་བཅུ་བཞི་ཡི་བརྩམས་ཆོས་དག་ཀྲུང་གོའི་ཚོང་རྭ་རུ་ཚོང་བྲིན་གྱི་ཡོད་མེད་ལ་བརྟག་ཞིབ་གནང་བར་བརྩམས་ཆོས་བྲིན་ཤོས100ཡི་ནང་དུ་མོ་ཡན་གྱི་བརྩམས་ཆོས་ཀྱིས50%ཟིན་ཞིང་ཁོའི་བརྩམས་ཆོས40ལྷག་བྲིན་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་རེད། མོ་ཡན་ལ་སྤྱི་ལོ2012ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་རྗེས་ནས་བརྩམས་ཆོས་ཀྱི་ཚོང་བྲིན་ཚད་མ་ཐོབ་སྔོན་གྱི་ཟླ་དེ་ལས་ལྡབ33འཕེལ་ཡོད་པ་རེད།
    རྒྱ་ཡིག་གི་ཨེ་མ་ཟོན་དྲ་ཚིགས་ཀྱི་ཚོང་ཚད་ཀྱི་གཞི་གྲངས་ལྟར་ན། 2000ལོ་ནས2013ལོའི་བར་གྱི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་རྩོམ་པ་པོ14ལས་ཀྲུང་གོའི་ཀློག་པ་པོ་དག་གི་དགའ་བསུ་ཐོབ་ཤོས་ཀྱི་རྩོམ་པ་པོ་སྔོན་མ་ལྔ་ནི། 2012ལོའི་བྱ་དགའ་ཐོབ་མཁན་མོ་ཡན་དང་། 2013ལོའི་བྱ་དགའ་ཐོབ་མཁན་ཨ་ལི་སེ་མུན་རོ། 2001ལོའི་བྱ་དགའ་ཐོབ་མཁནV.S.ནེ་པོར། 2006ལོའི་བྱ་དགའ་ཐོབ་མཁན་ཨོར་ཧན་ཕ་མུ་ཁི། 2003ལོའི་བྱ་དགའ་ཐོབ་མཁནJ.M.ཁུ་ཆེ་བཅས་ཡིན་པ་རེད། མོ་ཡན་གྱི་བརྩམས་ཆོས《སྦལ་བ》དང《ནུ་མ་རྒྱས་ཤིང་འཕོངས་ཚོས་ཆེ》 《སྐྱེ་འཆིའི་ངལ་དུབ》ལ་སོགས་དང་། ཨ་ལི་སེ་མུན་རོ་ཡི《བྲོས་བྱོལ》དང《སྙིང་ཉེ་བའི་འཚོ་བ》དང་། ཨོར་ཧན་ཕ་མུ་ཁི་ཡི《ཨེ་སི་ཐན་པུལ་ཏེ་གྲོང་ཁྱེར་ཞིག་གི་དྲན་པ》ལ་སོགས་པ་ནི་ཚོང་ཆེས་བྲིན་ཤོས་ཀྱི་བརྩམས་ཆོས་སུ་གྱུར་ཡོད་པ་རེད།
    བྱ་དགའ་ཐོབ་པའི་རྩོམ་པ་པོ་བཅུ་བཞི་ལས་རྩོམ་པ་པོ་ཕལ་མོ་ཆེ་ནི་ནོ་པེལ་རྩོམ་རིག་བྱ་དགའ་མ་ཐོབ་པའི་སྔོན་ལ་ཀྲུང་གོའི་ཀློག་པ་པོ་དག་ལ་ཆ་མེད་རྒྱུས་མེད་ཡིན་ཞིང་ཁོང་ཚོའི་བརྩམས་ཆོས་ཀྱང་རྒྱལ་ནང་དུ་བསྒྱུར་ཏེ་མཚམས་སྦྱར་མེད་འདུག ནོ་པེལ་བྱ་དགའི་མིང་དང་སྙན་གྲགས་དེ་ཚོང་གི་མཐུན་རྐྱེན་དུ་གྱུར་པའི་དབང་གིས་དཔེ་སྐྲུན་ཁང་མང་པོས་ཀྱང་བརྩམས་ཆོས་དེ་དག་གི་པར་དབང་ལག་ཏུ་ཨེ་རེག་ལ་རྩོད་པ་དང་འཕྲོག་རེས་བྱེད་ཀྱི་ཡོད་པ་རེད། རྒྱ་ཡིག་གི་ཨེ་མ་ཟོན་གྱི་གཞི་གྲངས་ལྟར་ན་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ་རྐྱེན་བྱས་ནས་བརྩམས་ཆོས་ཤིན་ཏུ་བྲིན་པར་གྱུར་པའི་རྩོམ་པ་པོ་ནི2013ལོའི་བྱ་དགའ་ཐོབ་མཁན་ཨ་ལི་སེ་མུན་རོ་ཡིན་འདུག་ལ་ཁོ་མོའི་བྱ་དགའ་ཐོབ་རྗེས་ཀྱི་ཟླ་དང་པོའི་ནང་གི་བརྩམས་ཆོས་ཀྱི་ཚོང་ཚད་བྱ་དགའ་མ་ཐོབ་གོང་གི་ཟླ་དེའི་ནང་ལས་ལྡབ1500ལ་ཉེ་བ་ཡར་འཕར་ཡོད་པ་རེད་འདུག
【ལྷན་ཐབས】 2000ལོ་ནས2013ལོའི་བར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན14ཡི་བརྩམས་ཆོས་བྲིན་ཚད་ཀྱི་ཐོ་ཡིག (སྔོན་གྱི50)
1.《སྦལ་བ》 མོ་ཡན། (2012ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན) 2.《བྲོས་བྱོལ》ཨ་ལི་སེ་མུན་རོ། (2013ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)
3.《ནུ་མ་རྒྱས་ཤིང་འཕོངས་ཚོས་ཆེ》མོ་ཡན།
4.《སྐྱེ་འཆིའི་ངལ་དུབ》མོ་ཡན།
5.《ཙན་དན་གྱི་ཁྲིམས》མོ་ཡན།
6.《ཁྲེ་རྒོད་དམར་པོ》མོ་ཡན།
7.《ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད》མོ་ཡན།
8.《སྙིང་ཉེ་བའི་འཚོ་བ》ཨ་ལེ་སི་མུན་རོ།
9.《ཆང་གི་རྒྱལ་ཁམས》མོ་ཡན།
10.《ཨེ་སི་ཐན་པུལ་ཏེ་གྲོང་ཁྱེར་ཞིག་གི་དྲན་པ》ཨོར་ཧན་ཕ་མུ་ཁི།(2006ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)
11.《ཀུན་གྱིས་ཤེས་པའི་གསང་བ》ཨ་ལེ་སི་མུན་རོ།
12.《དུས་རབས་འདིའི་རྩོམ་པ་པོ་དྲུག་ཅུ་ལས་མོ་ཡན་གྱི་བརྩམས་ཆོས་གཅེས་བཏུས》མོ་ཡན།
13.《དག་ཞིང་གི་སྒོག་པའི་གླུ》མོ་ཡན།
14.《ནགས་ཀླུང་དམར་པོ》མོ་ཡན།
15.《སྒྱོགས་ཞེ་གཅིག》མོ་ཡན།
16.《གོམ་པ་བཅུ་གསུམ》མོ་ཡན།
17.《རྩྭ་ཟན་ཚང》མོ་ཡན།
18.《མི་གེར་སྲང》V.S.ནེ་པོར།(2001ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)
19.《མོ་ཡན་གྱི་གསུང་འབུམ》(པོད་ཉི་ཤུ) མོ་ཡན།
20.《སྐྱེ་འཆིའི་ངལ་དུབ》མོ་ཡན།
21.《ནུ་མ་རྒྱས་ཤིང་འཕོངས་ཚོས་ཆེ》(བསྐྱར་བཅོས་བར་བཅུག་རི་མོ་ཅན) མོ་ཡན།
22.《ང་ཡི་ཀོ་མི་སྟེ་རྩོམ་པ་པོ་དང་ཕ་ཡུལ》མོ་ཡན།
23.《མོ་ཡན་གྱིས་རང་བདམས་དེབ》མོ་ཡན།
24.《ཁྱི་དཀར་པོ》མོ་ཡན།
25.《ཀྱལ་ཀར་དགའ་བའི་དགེ་རྒན》མོ་ཡན།
26.《སྡང་བ། བརྩེ་བ། འདུན་མ། དུང་བ། ཁྱིམ་ཚང》ཨ་ལེ་སི་མུན་རོ།
27.《མེ་ཁོལkཡི་འཚོ་བ་དང་དུས་རབས》J.M.ཁུ་ཆེ།(2003ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)
28.《མེ་ཏོག་པང་བའི་སྐྱེས་མ》མོ་ཡན།
29.《རྩོམ་པའི་ཁྱུ་མཆོག་ལ་དུས་འདེབས་པ》མོ་ཡན།
30.《ཨུ་ར་ཉི་ཡ》ལིག་ལི་ཟེའོ། (2008ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)
31.《སྤྲོ་བ》མོ་ཡན།
32.《འཚོ་བ་དང་སྒྱུ་རྩལ། དེབ་དང་གྲོང་ཁྱེར་ཏེ་ཁ་དོག་སྣ་ཚོགས》ཨོར་ཧན་ཕ་མུ་ཁི།
33.《གཙང་ཆེན་གྱི་ཁུགས་པ》V.S.ནེ་པོར།
34.《ར་རི་བྲལ་ཞིང་སྐྱོ་ཤས་ཅན་གྱི་སྒྲུང་གཏམ་པ》ཨོར་ཧན་ཕ་མུ་ཁི།
35.《གྲོང་ཁྱེར་དང་ཁྱི》ལོ་སཱ།(2010ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)
36.《ངའི་མིང་ལ་དམར་པོ་ཟེར》ཨོར་ཧན་ཕ་མུ་ཁི།
37.《ང་ཡི་ཡབ་ཡུམ》ཏོ་རི་སི་ལེ་སིན།(2007ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)
38.《ཁང་པ་ལྗང་ཁུ》ལོ་སཱ།
39.《འུ་ཅག་གི་ཅིན་ཁི》མོ་ཡན།
40.《ཕེ་ཐིར་པོ་ཡི་མཁས་ཅན》J.M.ཁུ་ཆེ།
41.《ངོ་ཚ》J.M.ཁུ་ཆེ།
42.《ཨ་ལི་སེ་མུན་རོ་ཡི་གསུང་འབུམ》(པོད་བདུན) ཨ་ལི་སེ་མུན་རོ།
43.《མོ་ཡན་གྱི་བརྩམས་ཆོས་ལེགས་བཏུས》མོ་ཡན།
44.《མོ་ཡན་གྱི་ལྷུག་རྩོམ་གསར་བསྒྲིགས》མོ་ཡན།
45.《གླུ་ལེན་ཤེས་པའི་གྱང》མོ་ཡན།
46.《བུ་མོ་དང་སྐྱེས་མ་དག་གི་འཚོ་བ》ཨ་ལི་སེ་མུན་རོ།
47.《གཏུག་བཤེར་ཟིན་ཐོ》ལིག་ལི་ཟེའོ།
48.《དམག་སྤྱི་ཕན་ཏ་ལེང་དང་མཛེས་མ》ལོ་སཱ།
49.《དགའ་བའི་གར་གྱི་གྲིབ་མ》ཨ་ལི་སེ་མུན་རོ།
50.《མཚོ་ཕག་དཔེ་ཁང་གི་དེབ12པ། འགྱུར་བ》མོ་ཡན།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག