ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བརྙན་ལམ་དུ་ཕི་ཁ་སོའི་བརྩམས་ཆོས་ཨར་ཅིར་བུད་མེད་ཀྱི་མྱོས་བུམ་ལ་བཟོ་བཅོས་རབ་རིབ་བརྒྱབ་འདུག

2015-05-21
  ཕི་ཁ་སོའི《ཨར་ཅིར་གྱི་བུད་མེད(པར་གཞིO)》དེ་གཟའ་སྔོན་མའི་གཟའ་ཟླ་བར(ཟླ༥པའི་ཚེས༡༡ཉིན)ཉུག་ཡོག་གི་ཆིར་སི་ཐྲེའི་རིན་གོང་གང་མཐོའི་ཉོ་ཚོང་ཁྲོད་ཨ་སྒོར་དུང་ཕྱུར་༡.༧༩(ཧ་ལམ་དམངས་སྒོར་དུང་ཕྱུར༡༡.༡༢)རུ་བཙོང་ནས་སྒྱུ་རྩལ་ཐོན་རྫས་ཀྱི་གོང་ཚད་གསར་པ་བསྐྲུན་འདུག་ཅིང་། འཛམ་གླིང་གི་གསར་ལམ་ཁག་ཏུ་གསར་འགྱུར་དེ་ཡོངས་ཁྱབ་ཏུ་བཀོད་འདུག ཨ་རིའི་ཉུག་ཡོག་གི་ས་གནས་བརྙན་འཕྲིན་ཁང་ཧྥུར་ཁི་སིའི་བརྙན་ལམ༥པར་བརྙན་ངོས་ཀྱི་བུད་མེད་དེའི་བྲང་ལ་བཟོ་བཅོས་རབ་རིབ་བརྒྱབ་འདུག མ་ཟད་བརྙན་འཕྲིན་ཁང་འདི་ག་གཉེར་མཁན་ནི་སྨྱན་སྦྱོར་ཚོང་དཔོན་ཆེན་མོ་རོ་ཧའོ་ཧྥུ་མའོ་ཏའོ་ཁུ་རེད། གནས་ཚུལ་དེའི་ཐད་སྒྱུ་རྩལ་ཆེད་མཁས་དང་དགའ་མོས་ཅན་དག་འདུལ་གཏམ་ཚ་བར་སྒྲོག་ཡོད་ཅིང་། ཀུན་གྱིས་རི་མོ་རྩ་ཆེན་དེར་ཡུན་རིང་ཞིབ་ལྟ་བྱེད་འདོད་སྐྱེད་འདུག
ཧྥུར་ཁི་སིའི་བརྙན་ལམ༥པས་བརྙན་ངོས་ཀྱི་བུད་མེད་ཀྱི་བྲང་བཟོ་བཅོས་རབ་རིབ་བརྒྱབ་འདུག་པ།
  ཉུག་ཡོག་གི་དུས་དེབ་སྒྱུ་རྩལ་དཔྱད་བརྗོད་མཁན་ཀེ་རེ་སྰར་ཚི་ཡིས་ཟླ༥པའི་ཚེས༡༣ཉིན་དྲ་ལམ་དུ“ཧྥུར་ཁི་སིས་གསར་ལམ་གྱི་ཕི་ཁ་སོའི་རི་མོའི་བྲང་ཁར་བཟོ་བཅོས་རབ་རིབ་རྒྱག་དོན་ཅི་ཡིན་ནམ”ཞེས་དོགས་འདྲི་བྱས་འདུག་ཅིང་། དེ་ལས་ཀྱང་ཁོས་བློས་དཔོག་དཀའ་བ་ཞིག་ནི“མ་གཞིར་ཧྥུར་ཁུ་སི་གསར་འགྱུར་གྱིས་ཀྱང་ཆགས་ཞེན་ལ་རྙིང་ཞེན་གྱི་ལྟ་བ་འདི་འདྲ་བཟུང་ཡོད་པ་དེ་རེད།”
  ཉུག་ཡོར་གྱི་རིག་གནས་དཔྱད་འཇོག་པ་ཨ་རོ་ནཱ་ཏུའུ་ཙིར་གྱིས་ཧྥུར་ཁི་སིའི་བྱེད་སྟངས་དེ་ནི་བྱིས་བློ་ཙམ་ལས་མ་འདས་ཏེ“ཧྥུར་ཁུ་སིས་རང་གི་ལྟད་མོ་བ་དག་སྦི་ཅཱ་སོས་ལོག་ལམ་དུ་ཁྲིད་པར་ཉེན་ཟོན་བྱས་པར་ཤིན་ཏུ་དགའ་བོ་ཡོད་མོད། དེ་ལྟར་ནའང་བྱིས་པ་དག་ལ་ཞེད་སྣང་སྐྱེ་རུ་འཇུག་མི་རུང”ཞེས་ཟུར་ཟ་བྱས་འདུག
  བརྙན་འཕྲིན་ཁང་དེ་ག་གཉེར་མཁན་ནི་སྨྱན་སྦྱོར་ཚོང་དཔོན་ཆེན་མོ་རོ་ཧའོ་ཧྥུ་མའོ་ཏའོ་ཁུ་ཡིན་ལ། དེའི་ཁོངས་ཀྱི་སྨྱན་སྦྱོར་གཞན་ཤོས《ཉི་མའི་ཚགས་ཤོག》གིས་བུད་མེད་གཅེར་བུ་ཞིག་གི་ལུས་ཕྱེད་བཀོད་ནས་མིང་ལ་གྲགས་ཡོད་པ་རེད། དྲ་གྲོགས“robertthebruce2014”ཡིས།ཁོའི་སྤུན་ཟླ་ཞིག་གིས་འདི་ནི་ཕི་ཁ་སོའི་རི་མོར་ཨ་རི་ནས་གནས་ཚུལ་དེ་འདྲ་བྱུང་པ་མིན་པར། ༢༠༠༣ལོར། སྐབས་དེའི་ཨ་རིའི་རྒྱལ་སྲིད་བློན་ཆེན་ཁུ་རེན་བྷོ་ཝུ་ཨར་གྱིས་འཛམ་བུ་གླིང་གིས་དབྱི་རག་ལ་དམག་འཁྲུག་རྒྱག་པར་བློ་འགུག་དུས་སུ། ཨ་རིའི་གཞུང་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་གཞུང་ལ་བཙན་གྱིས་ཕི་ཁ་སོའི་དམག་འཁྲུག་ལ་ངོ་རྒོལ་གྱི་རི་མོ《རྒུ་ཨར་ཉི་ཁའི》ངོ་རིས་སྒྲིབ་ཏུ་བཅུག་མྱོང་པ་རེད་ཅེས་བརྗོད།
《ཨར་ཅིར་གྱི་བུད་མེད(པར་གཞིO)》ཡི་མྱོས་བུམ་ལ་བཟོ་བཅོས་རབ་རིབ་བརྒྱབ་པ།
  《ཨར་ཅིར་གྱི་བུད་མེད(པར་གཞིO)》ནི་ཕི་ཁ་སོའི་སྦི་དུས་རབས་སྔོན་མའི་ལོ་རབས༥༠པར་གསར་རྩོམ་གནང་པའི་བརྗོད་དོན་གཅིག་པའི་རི་མོ༡༥ཁྲོད་ཀྱི་གཅིག་ཡིན་ལ། རི་མོ་ཤིན་ཏུ་འཐུས་ཚང་པ་ཞིག་རེད། ཁོས་ལངས་གཟུགས་རིང་ལུགས་ཀྱི་བྱེད་ཐབས་སྤྱད་ནས་བུད་མེད་གཅེར་བུ་ཁ་ཤས་ཀྱི་སྣང་བརྙན་བྲིས་ཡོད་ཅིང་། དེ་དག་གཅེར་བུ་ཡིན་ནའང་། དོན་དངོས་ཐོག་ཤིན་ཏུ་བློས་དཔོག་དཀའ་བ་ཞིག་རེད།
  ཕི་ཁ་སོའི《ཨར་ཅིར་གྱི་བུད་མེད(པར་གཞིO)》དེའི་ཁྲོད“ཁྱོན་བསྡོམས་མྱོས་བུམ་ཆ་བཞི་བྲིས་འདུག” ཅེས་དབྱིན་ཇིའི《ཝེ་ཚགས》ཀྱི་སྒྱུ་རྩལ་དཔྱད་འཇོག་པ་ཆོར་ནྰ་སེང་ཆུང་སིས་རི་མོ་དེར་དབྱེ་ཞིབ་ཞིབ་ཚགས་གནང་འདུག་སྟེ། ཟུར་ཟའི་ཚད་ཀྱང་སོ་སོ་འདྲ་གི་མི་འདུག དེ་དང་བསྡུར་ན། དེའི་གཡོན་གྱི་བུད་མེད་དེའི་མྱོས་བུམ་ནི་ངོས་འཛིན་སླ་ཞིང་གཞན་དག་ཅུང་ཁག་པོ་ཡོད་རེད།
  ལངས་གཟུགས་རིང་ལུགས་ཀྱི་རི་མོ་འདིར་བརྙན་འཕྲིན་ཁང་གི་ལས་སྣེ་བས་བཟོ་བཅོས་རབ་རིབ་བརྒྱབ་པའི་ཐད། ཆུང་སི་ལྟར་ན། དེ་ནི་ཤིན་ཏུ་ཁུངས་ལུང་མེད་པ་ཞིག་ཡིན་ནའང་། རྩ་བ་ནས་གོ་བ་ལེན་མི་ཐུབ་པ་ཞིག་ཀྱང་མ་རེད་ཟེར།
ཐི་ཤང་གིས《ཝུ་ཨར་པི་རོའི་ཝེ་ན་སི》ཡང་སྒྱུ་རྩལ་ལོ་རྒྱུས་ཁྲོད་ཀྱི་བརྩམས་ཆོས་གྲགས་ཆེན་ཞིག་རེད།
  ཕི་ཁ་སོའི་བརྩམས་ཆོས་དེ་ནི་ལོ་རྒྱུས་སྟེང་གི་མྱོས་བུམ་ཞིབ་འབྲི་བྱས་པའི་གྲས་ཀྱི་གྲགས་ཆེན་གཅིག་ཡིན་ཏེ། རི་མོ་བ་གྲགས་ཅན་ཐི་ཤང་དང་རོ་པུན་སི་གཉིས་མ་གཏོགས་དེའི་དོ་ཟླར་འོང་པ་ཞིག་མི་འདུག དེ་ཡང་སྔ་མས《ཝུ་ཨར་པི་རོའི་ཝེ་ན་སི》ལ་ནུ་མགོ་ལྟ་ན་སྡུག་པ་ཞིག་ཡོད་པ་དང་། རྗེས་མས་ཀྱང་ཆུང་མའི་གཟུགས་བྱད་ཡིད་དུ་འོང་པ་ཞིག་བྲིས་འདུག
ཕི་ཁ་སོའི་བརྩམས་ཆོས《གཅེར་གཟུགས་དང་ལྗང་ལོ། བྲང་ཁོག》ནི་༢༠༡༥ལོར་ཉུག་ཡོག་ཏུ་ཨ་སྒོར་དུང་ཕྱུར༡.༠༦༥ལ་བཙོངས་འདུག
    ཕི་ཁ་སོའི ༡༩༣༢ ལོའི་བརྩམས་ཆོས《གཅེར་གཟུགས་དང་ལྗང་ལོ། བྲང་ཁོག》ཅེས་པ་ནི་ཁོས་འཁྱོག་ཐིག་ཕྲ་མོའི་ལམ་ནས་མཛའ་མོ་མྰ་རེ་ཐེ་རེ་སི་ཝོར་མ་སྐྱེས་གཟུགས་ཡིད་དུ་འོང་པ་བྲིས་ཡོད་ཅིང་། མཇུག་མཐར་ཐིག་རིས་དག་ཁོ་མོའི་བྲང་ཁར་བསྡུས་ཡོད་པ་རེད། ཐིག་རིས་ནག་པོ་དང་མཚལ་ཀའི་ཚོན་མདངས་ཙམ་ལས་མྱོས་བུམ་འདིར་རིན་ཐང་གཞལ་མེད་ལྡན་པ་རྟོགས་ཐུབ།
ཕི་ཁ་སོའི《གར་མཁན་གསུམ》
   དེ་ལས་སྔ་བའི༡༨༢༥ལོར། ཕི་ཁ་སོའི་བརྩམས་ཆོས《གར་མཁན་གསུམ》ནི་ཐིག་རིས་ཀྱིས་སྐྱེ་གཟུགས་ཡིད་དུ་འོང་པ་མཚོན་ཡོད་ཅིང་། རི་མོ་འདིའི་ཁྲོད། མྱོས་བུམ་དེ་རི་མོ་སྟབས་བདེ་ལམ་ནས་བྲིས་ཡོད་པ་རེད།
   ཆུང་སིས། ཕི་ཁ་སོས་ཡང་དང་བསྐྱར་དུ་བུད་མེད་ཀྱི་མྱོས་བུམ་ཇི་བཞིན་མཚོན་པར་བྱས་པ་དེས་སྒྱུ་རྩལ་པ་རང་ཉིད་ཀྱི་ནང་སེམས་ཀྱི་འདོད་པ་མཚོན་པར་འདོད་དེ། ༡༩༢༢ལོར། 《བྱེ་ཐང་དུ་རྒྱུག་པའི་བུ་མོ》ཞེས་པའི་བརྩམས་ཆོས་ཁྲོད། ཕི་ཁ་སོས་བུད་མེད་གཉིས་ཀྱིས་བྱེ་ཐང་དུ་མྱོས་བུམ་ཆེན་པོ་ཞིག་བཀྱགས་པ་བྲིས་འདུག ཆུང་སིས། བརྩམས་ཆོས་དེ་ལས་ཁོས་ཕན་ཚུན་འཕྲད་འདོད་པའི་སེམས་ཁམས་ཤུགས་དྲག་པོ་དེར་འཆར་རྟོག་ཆེན་པོ་གནང་ཡོད་སྲིད་ཟེར།
ཕི་ཁ་སོའི་བརྩམས་ཆོས《བྱེ་ཐང་དུ་རྒྱུག་པའི་བུ་མོ》
   ཕི་ཁ་སོ་འདོད་ཆགས་ཆེ་བར་གཞན་གྱིས་སྐྱོན་བརྗོད་བྱེད་པར་གནས་ཚུལ་རྒྱུན་ལྡན་ཞིག་རེད། ཁོས། “ཧྥུར་ཁུ་སིས་བྱེད་སྟངས་འདིས་སྦི་ཅཱ་སོ་ལ་རོགས་ཆེན་པོ་བྱས་ཡོད་ཅིང་། དོན་འདིས་ད་བར་དུ་ད་དུང་ཕི་ཁ་སོའི་བརྩམས་ཆོས་ལ་མི་སེམས་བསླུ་བའི་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པ་མཚོན་ཡོད”ཟེར།
  ཟུར་ངོས་དེ་ནས་བལྟས་ན། ཆུང་སིས་ཧྥུར་ཁུ་སིའི་ཞིབ་བཤེར་ཡང་གཏིང་ཐག་ཆོད་པ་ཞིག་མིན་པར་འདོད་དེ། ཕི་ཁ་སོའི་རི་མོར་ཆ་རྒྱུས་ཅན་དག་གིས་ཁོའི་སྨྱུག་རྩེའི་འཕངས་ཤ་ཡང་དེ་འདྲའི་རྣམ་དག་ཅིག་མིན་པ་ཤེས་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག