ཀྲུང་གོའི་བོད་ལྗོངས་དྲ་བ།
>
རིག་གནས།
གསར་ཤོས།
གསར་འགྱུར།
སྒྲ་བརྙན།
དཔེ་ཀློག
མི་སྣ།
པར་རིས།
སློབ་གསོ།
རིག་གནས།
དཔྱད་གཏམ།
དཔེ་རྙིང་གི་ཕ་ས། དབྱིན་ཇིའི་ཧེ་དབྱི་གྲོང་རྡལ།
2014-12-04
སྒྲོལ་ཚེ།
ངེད་དྲ་བ།
ཀ +
དབྱིན་ཇིའི་ཝེར་སི་ཧེ་དབྱི་ནི་ཨིན་ཀུ་ལན་དང་ཝེར་སི་ཡི་འབྲེལ་མཚམས་སུ་ཡོད་པའི་གྲོང་རྡལ་ཆུང་ཆུང་ཞིག་ཡིན། གནས་དེ་ལ་ཀུན་གྱིས་གནམ་འོག་དཔེ་རྙིང་གི་ཕ་ས་རུ་འབོད། ལོ་རེ་རེར་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་དཔེ་ཀློག་ལ་དགའ་བའི་སྐྱེ་བོ་མང་པོ་གནས་དེ་རུ་འདུས་ནས་དཔེ་ཆའི་མཚོ་མོ་ལ་འཇུག་པར་བྱེད། གྲོང་རྡལ་ཆུང་ཆུང་དེ་རུ་དཔེ་ཁང ༤༠ ལྷག་ཡོད་པ་དང་། ཕལ་ཆེ་བས་དཔེ་རྙིང་འཚོང་བཞིན་ཡོད། གནས་དེས་ལོ་རེའི་ཟླ་ལྔ་བའི་ཟླ་མཇུག་ཏུ་སྤེལ་བཞིན་པའི་ཧེ་དབྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་དུ་རྒྱལ་ཁབ་སོ་སོ་ནས་ཐོན་པའི་རྩོམ་པ་པོ་དང་དཔེ་སྐྲུན་ཚོང་བ། རྩོམ་རིག་ལ་དགའ་བའི་སྐྱེ་བོའི་ཚོགས་ཁྲི ༨ ལ་ཉེ་བ་མཉམ་དུ་འདུ་བ་དང་། ངོ་མཚར་བའི་ལྟད་མོ་ལས་གཞན་རིག་གནས་ཀྱིས་བལྟམས་པའི་དཔེ་དེབ་རེ་རེའི་དྲི་ངད་ས་ཆེན་འདིའི་སྟེང་གི་མི་བུ་སོ་སོའི་ལུས་སེམས་ཡོངས་ལ་ཁྱབ་པར་བྱེད།
གནའ་བོའི་གྲོང་རྡལ་ཆུང་ཆུང་འདི་ནི་ཝེར་སི་ཡི་ལུང་ཁུག་ཅིག་ཏུ་ཡོད་པས། མ་གཞི་ནས་འབྱོར་ཞན་ལུང་སྟོང་ཞིག་ཡིན། ཡིན་ནའང ༡༩༦༡ ལོར་མིང་ལ་ཁྲ་ལེ་རྡི་བྷི་སི་ཟེར་བའི་ན་གཞོན་ཞིག་གིས་འདི་དག་ཐམས་ཅད་ལ་འགྱུར་ལྡོག་བཏང་། བྷི་སིས་དབྱིན་ཇིའི Oxford སློབ་ཆེན་ནས་སློབ་གཉེར་བྱས་ཤིང་། སློབ་མཐར་ཕྱིན་རྗེས་ཨ་མའི་ཁ་ལ་མ་ཉན་པར་ཕ་ཡུལ་དུ་ཕྱིར་ལོག དེ་ནི་ཁོ་རང་ལ Oxford སློབ་ཆེན་ནས་དཔེ་ཀློག་གི་གོམས་གཤིས་བཟང་བོ་ཞིག་ཆགས་པ་ཡིན་ཡང་སྲིད། ཁོང་གིས་ཧེ་དབྱི་ནས་དཔེ་རྙིང་གི་ཚོང་ཁང་ཞིག་ཕྱེ་བ་མ་ཟད། ད་རུང་དཔེ་ཀློག་ལ་སྤྲོ་མཁན་ཉུང་བའི་ཧེ་དབྱི་ནི་གནམ་འོག་གི་དཔེ་ཆ་ཀུན་གྱི་འདུ་འཛོམས་བྱེད་སར་བསྒྱུར་བའི་བློ་སྐྱེས།
བྷི་སི་ཡི་འབད་བརྩོན་འོག་དཔེ་རྙིང་ཚོང་ཁང་རེ་རེ་གྲོང་རྡལ་ཆུང་ཆུང་དེ་ནས་ཆར་རྗེས་ཀྱི་མྱུ་གུ་བཞིན་འབུས། ཧེ་དབྱིའི་མི་རྣམས་དབྱིན་ཇིའི་ས་ཆ་སོ་སོར་སོང་ནས་དཔེ་རྙིང་བསྡུ་རུབ་བྱེད་ཅིང་དཔེ་རྙིང་གིས་ཁེངས་བའི་རླངས་འཁོར་གཅིག་རྗེས་གཉིས་མཐུད་ཀྱིས་གྲོང་རྡལ་ཆུང་ཆུང་དེར་ལོག་འོངས་། མི་གྲངས ༡༣༠༠ ཙམ་ལས་མེད་པའི་གྲོང་རྡལ་དེ་རུ་དཔེ་རྙིང་ཁང ༣༩ ཡོད། ཆ་སྙོམས་མི ༣༤ ཡིས་དཔེ་ཁང་རེ་ཕྱེ་འདུག དཔེ་ཁང་གི་དཔེ་སྒྲོམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ ༡༧ ཙམ་ཡོད་པ་དང་། དཔེ་དེབ་ཁྲི ༡༠༠ ལྷག་ཡོད།
(རྩོམ་འགན་པ། སྒྲོལ་ཚེ)
ཆ་ཚང་ཀློག
མཉམ་སྤྱོད།
འབྲེལ་ཡོད་རྩོམ་ཡིག
·
བོད་རུམ་འཐག་པའི་གོ་རིམ།
·
དུས་རབས་འདིའི་ནང་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སུ་དག་ཀྲུང་གོ་རུ་བྲིན་ནམ།
·
གནའ་མཁར་ཟི་ལིང་གི་བོད་མི།
·
བོད་ལྗོངས་སྨར་ཁམས་རྫོང་ཚྭ་ཁ་ལྷོ་ཡི་ལོ་ངོ་སྟོང་གི་ཚྭ་ཞིང་།
·
ཧང་སངས་དགོས་པའི་འཇར་མན་པའི་དཔེ་ཀློག