ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“ཧྥོ་ཁོལ་གྱིས་བསྟན་པའི་མདུན་ལམ་ནི་འོད་སྟོང་ལྡན་ཞིང་རང་དབང་ཆེ་བས། མི་རྣམས་ཁོ་ལ་དགའ”

2014-12-17 དཔལ་གྲགས།
  ཧྥ་རན་སིའི་མཚན་ཉིད་རིག་པ་བ་གྲགས་ཅན་ཧྥོའུ་ཁོལ(Michel Foucault 福柯)སྐུ་གཤེགས་ནས་ལོ་འཁོར་སུམ་ཅུ་འགོར་བའི་སྐབས་འདིར། ཕིན་ཕེ་དྲ་བའི་གསར་འགོད་པས་ཀྲུང་གོའི་སྤྱི་ཚོགས་རིག་པའི་མཁས་པ་ལིས་ཡེན་ཧི(李银河)ལ་ཧྥོའུ་ཁོ་ཡི་སྐོར་ནས་བཅར་འདྲི་བྱས་འདུག
  ལིས་ཡེན་ཧི་ཡིས༢༠༠༡ལོར《ཧྥོའུ་ཁོལ་དང་ཤེ་སྦྱོར——ཧྥོའུ་ཁོ་ཡི<ཤེ་སྦྱོར་གྱི་བྱུང་བ>ཡི་ཀློག་འདོན་འདྲེན་ཚིག》ཅེས་པའི་དེབ་ཅིག་བརྩམས་མྱོང་། ཁོ་མོ་ལོ ༦༢ ཡིན་ལ་རྒན་ཡོལ་བྱས་ནས་ལོ་གཉིས་འགོར་འདུག ད་ལྟ་མོས་སྔ་དྲོ་རྩོམ་ཡིག་འབྲི་ཞིང་ཕྱི་དྲོ་དཔེ་ཆར་ལྟ་བ། དགོང་མོ་གློག་བརྙན་ལ་ལྟ་བཞིན་ཡོད་ཟེར། གཤམ་གསལ་ནི་དྲི་བ་དྲིས་ལན་གྱི་སྐད་ཆ་དངོས་ཡིན་ཞིང་འདེམས་གསེས་ཀྱིས་བསྒྱུར་པ་ཡིན།
ཕིན་ཕེ་གསར་འགྱུར། ཆེས་ཐོག་མར་ཧྥོའུ་ཁོ་ཡི་མིང་གོ་དུས་ནམ་ཞིག་ཡིན།
ལིས་ཡེན་ཧི། ངས༡༩༨༨ལོར་ཤེས་རམས་པའི་མཐར་ཕྱིན་དམ་བཅའ་བཞག་སྟེ་ཨ་རི་ནས་ཕྱིར་རང་རྒྱལ་དུ་ལོག་ཤིང་མཚན་མཐུན་དགའ་རོགས་ཀྱི་ཞིབ་འཇུག་གི་ལས་ཀ་བྱས་པ་ཡིན། སྐབས་དེར་མཚན་མཐུན་དགའ་རོགས་ཀྱི་འདུ་ཚོགས་འགའ་རེར་ཞུགས། ཐེངས་ཤིག་ལ་ངས་དེའི་ནང་གི་ཨ་རིའི་མཁས་པ་ཞིག་ལ་ཁྱེད་རང་ཆེས་དགའ་སའི་མཁས་པ་སུ་ཡིན་ཞེས་དྲིས་པར། ཁོས་ཧྥོའུ་ཁོ་ཡིན་ཟེར། དེའི་རྗེས་ནས་ངས་ཧྥོའུ་ཁོ་དང་ཁོའི་བརྩམས་ཆོས་ལ་དོ་སྣང་བྱེད་འགོ་བརྩམས་ཤིང་དྲ་ཐོག་ནས་རྒྱུ་ཆ་སྣ་ཚོགས་བཙལ་ཏེ་བལྟས།
ཕིན་ཕེ་གསར་འགྱུར། སྐབས་དེར་ཧྥོ་ཁོལ་གྱི་དཔེ་ཆ་འཚོལ་སླའམ།
ལིས་ཡེན་ཧི། འཚོལ་དཀའ། གཞན་གྱིས་ཁོ་ལ་གདེང་འཇོག་བྱས་པ་དག་དག་བཀླགས། ཁོའི་བརྩམས་ཆོས་རྒྱ་ཡིག་ལ་བསྒྱུར་ཡོད་པ་ཅུང་ཉུང་བས་དབྱིན་ཡིག་གི་རྩོམ་དག་བཀླགས་པ་ཡིན།
ཕིན་ཕེ་གསར་འགྱུར། ཧྥོ་ཁོལ་གྱིས་ཁྱེད་ཀྱི་ཤེ་སྦྱོར་ཞིབ་འཇུག་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་དམ།
ལིས་ཡེན་ཧི། ༡༩༩༩ལོར་ང་རང་ཁ་ལི་ཧྥོར་ནི་ཡ་སློབ་ཆེན་ནས་ཕོ་མོའི་གནད་དོན་གྱི་དཔྱད་བསྡུར་ཚོགས་འདུ་ཞིག་ལ་ཞུགས་ཤིང་ཁུའུ་ཨར(ཁུའུ་ཨར་ནི Queer ཀྱི་སྒྲའི་འགྱུར་ཡིན་ཞིང་མཚན་མཐུན་དགའ་རོགས་ཚོའི་མཚང་མིང་ཞིག་རྒྱ་ཡིག་ཏུ酷儿ཞེས་བྲིས་འདུག)གཞུང་ལུགས་ཀྱི་རྒྱུ་ཆ་འཚོལ་སྡུད་བྱས། རྗེས་སུ《ཁུའུ་ཨར་གཞུང་ལུགས》ཅེས་པའི་དཔྱད་རྩོམ་གཅེས་བཏུས་ཤིག་བསྒྱུར། ཧྥོའུ་ཁོས་ཐད་ཀར་དུ་ཁུའུ་ཨར་གཞུང་ལུགས་བཤད་མེད་མོད་དེའི་བསམ་བློའི་ཆུ་མགོ་ཁོ་ལ་གཏུགས་ཆོག
ཕིན་ཕེ་གསར་འགྱུར། ཧྥོ་ཁོལ་གྱི་བརྩམས་ཆོས་གཞན་དག་ལ་ཁྱེད་ཀྱིས་རྒྱུས་ལོན་ཅི་ཙམ་བྱས།
ལིས་ཡེན་ཧི། དཔེར་ན《ཁ་ཏ་དང་ཁྲིམས་ཆད》《སྨྱོ་བ་དང་དཔལ་ཡོན》ཚང་མར་བལྟས་མོད། ཞིབ་ཚགས་ཀྱིས་བཀླགས་པ་ནི《ཤེ་སྦྱོར་གྱི་བྱུང་བ》ཡིན། ཁོས་བརྩམས་ཆོས་གཞན་དག་གིས་དབང་ཆ་ཤོད་ཀྱིན་ཡོད། དེ་ངའི་ཞིབ་འཇུག་གི་ཁྱབ་ཁོངས་དང་འབྲེལ་བ་ཆེར་མེད།
མི་འདི་རིགས་བསྒྲེ་མི་སླ། ཨ་རིའི་མིའི་རིགས་རིག་པ་བ་ཇི་ཨར་ཚི་ཡིས་ཧྥོའུ་ཁོ་ནི་རིགས་བསྒྲེ་དཀའ་བའི་མི་ཞིག་ཡིན་ཏེ། ཁོ་ནི་ལོ་རྒྱུས་མིན་པའི་ལོ་རྒྱུས་མཁས་པ་དང་མི་ལྟེ་སྨྲ་བར་རྒོལ་བའི་མི་གཞུང་ཚན་རིག་པ་ཞིག་དང་། ཆགས་གཞི་རང་ལུགས་ལ་རྒོལ་བའི་ཆགས་གཞི་རང་ལུགས་པ་ཞིག་ཡིན་ཞེས་བཤད་ཡོད། ངེས་དོན་གྱི་མཁས་པ་ཆེན་པོ་ལ་ནི་རིགས་དབྱེ་དཀའ།
ཕིན་ཕེ་གསར་འགྱུར། ཧྥོའུ་ཁོ་གྱིས་ཁྱོད་ཀྱི་རིག་གཞུང་ཞིབ་འཇུག་ལ་ཤན་ཤུགས་ཅི་འདྲ་ཐེབས་ཡོད།
ལིས་ཡེན་ཧི། ངས་བསམ་ན་གཙོ་བོ་ནི་ཁོའི་ལོག་པའི་བསམ་བློ་དེས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རིག་གཞུང་གི་རྒྱུན་ཐག་སྟེང་ནས་བལྟས་ན་ཁོ་ནི་དཔྱོད་ཤེས་དང་བློ་འབྱེད་ལ་རྒོལ་བ་བྱེད་མཁན་ཞིག་རེད།
ཁོས་མཐའ་མཇུག “ངས་ཡོད་ཚད་ཀྱི་ཡོད་ཚད་རྟོག་བཟོ་བྱས་པ་ཡིན”ཟེར། ངས་བསམ་ན་སྤྱི་ཚོགས་ཚན་རིག་ལ་ཞིབ་འཇུག་བྱེད་མཁན་ཞིག་གིས་སྐད་ཆ་འདི་འདྲ་བཤད་ཐུབ་པ་ནི་སྙིང་ཁམས་ཤིན་ཏུ་ཆེ་སོང་། སྤྱི་ཚོགས་རིག་ཚན་ཞིབ་འཇུག་གི་ལས་ཀ་ནི་སྣང་ཚུལ་རྟག་རྒྱབ་ཀྱི་གནས་ལུགས་དང་བདེན་དོན་འཚོལ་དགོས་པ་མིན་ནམ། ཁོས་ལྡོག་སྟེ་འདུས་བྱས་ཐམས་ཅད་གསར་གཏོད་བྱས་པ་རེད། སྐད་བརྡ་ཡིན་ཡང་རུང་ལ་སྤྱི་ཚོགས་སྒྲིག་ཁྲིམས་ཡིན་ཡང་བླ། ཐ་ན་དཔལ་ཡོན་ཡང་མི་ཚོས་གསར་གཏོད་བྱས་ཡོང་བ་རེད་ཟེར། དཔེར་ན། ཕོ་མོའི་གནད་དོན་ཐད། དེ་སྔ་མོ་ལ་གསོ་སྐྱོང་རང་བཞིན་དང་ཕོ་ལ་ཕར་རྒོལ་རང་བཞིན་ཡོད་པའི་རྒྱུ་མཚན་ནི། སྐྱེ་ཁམས་ཀྱི་ངོས་ནས་བཤད་ན་སྐྱེས་པར་ཁམས་དཀར་མང་བས་གང་སར་འཁྲིག་རོགས་འཚོལ་བ་དང་མོ་ལ་ཁམས་དམར་ཉུང་བས་རང་ས་ནས་འཁྲིག་རོགས་སྒུག་པ་ཡིན་པས་རེད་ཟེར་མོད།
འོན་ཀྱང་། ཧྥོའུ་ཁོ་ནས་བཟུང་དྲིས་ལན་མི་གཅིག་སྟེ། ཁོ་ལྟར་ན་དེའི་རྒྱུ་མཚན་ནི་ཕོ་འཁྲིག་པར་དགའ་རུང་ལ་མོ་ནི་མིན་པས་སོ་ཟེར། ཕོ་འཁྲིག་དགའ་ཞེ་ན་བསྟོད་པ་དང་མོ་འཁྲིག་དགའ་ཞེ་ན་ནག་ངན་དུ་བརྩི། རྩ་བའི་ཆ་ནས་འདི་ནི་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་གནད་དོན་རེད། དཔེར་ན་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པས་དུས་རྒྱུན་རྒྱུ་རྐྱེན་འཚོལ། རྣམ་པ་ཞིག་གི་རྒྱབ་ཏུ་དེ་འབྲེལ་གྱི་གནས་ལུགས་ཤིག་ཡོད་ཤ་སྟག་ཡིན་མོད། འོན་ཀྱང་། ཧྥོའུ་ཁོ་ནས་བཟུང་སྟེ་རྣམ་པའི་འོག་ཏུ་གནས་ལུགས་ཤིག་བསྐུང་འདུག་ཡེ་ནས་མེད་ཅེས་ཟེར། འདི་དག་ཡོད་ཚད་མི་རྣམས་ཀྱིས་གསར་གཏོད་བྱས་ཡོང་བ་རེད། དཔེར་ན་སྨྱོ་བ་ཞེས་པ་ནི་མི་རྣམས་ཀྱིས་གསར་གཏོད་བྱས་པའི་སྐད་བརྡའི་སྒྲོམ་ཞིག་རེད། སེམས་ཁམས་རིག་པའི་དབྱེ་ཞིབ་སྐད་པ་ཡང་དེ་བཞིན་རེད་ཟེར། 
ཕིན་ཕེ་གསར་འགྱུར། ཁྱེད་ཀྱིས་སྔོན་ཆད་བཅར་འདྲི་ཞིག་དང་ལེན་བྱས་པའི་ནང “ཧྥོའུ་ཁོས་ཁྱོད་ལ་མིའི་རང་དབང་གི་ཚད་ནི་འདི་འདྲ་ཆེ་བ་ཤེས་སུ་འཇུག”ཅེས་པའི་སྐད་ཆ་བཤད་མྱོང་བར་ད་ལྟ་ཇི་ལྟར་བལྟ།
ལིས་ཡེན་ཧི། ཧྥོའུ་ཁོ་ཡི་རང་དབང་གི་ལྟ་བས་ང་ལ་ཤན་ཤུགས་ཆེན་པོ་ཐེབས། ཐེགས་ཤིག་ཧྥོའུ་ཁོས“མི་ལ་བདོག་པའི་རང་དབང་དེ་ཁོས་ཤེས་པ་ལས་ཀྱང་མང”ཞེས་བཤད་ཡོད། འོན་ཀྱང་རུའུ་སེལ་གྱིས“མི་ལྷན་སྐྱེས་སུ་རང་དབང་ཡིན་ལ་སྒྲོག་གིས་མ་བཅིང་བའི་དུས་མེད”ཅེས་བཤད་དེ་ཧ་ལམ་ཁྱོད་རིགས་གང་འདྲ་ཞིག་ལ་སྐྱེ་བའམ་ཁྱོད་རང་མཚན་མཐུན་དགའ་རོགས་སུ་སྐྱེ་བ་ནི་ཁྱོད་ཀྱི་དབང་དུ་མི་ཡོང་བ་བསྟན།
འོན་ཀྱང་། ཧྥོའུ་ཁོས་བལྟས་ན་མི་ཕལ་མོ་ཆེས་རང་ཉིད་རང་གིས་སྒྲོག་ལ་བཙུད་པ་རེད། དཔེར་ན། ཀྲུང་གོའི་མཚན་མཐུན་དགའ་རོགས་བརྒྱ་ཆའི་བདུན་ཅུ་ཡིས་མཚན་འགལ་དང་གཉེན་སྒྲིག་གི་ལམ་འདེམས། ཁྱོད་ཀྱིས་ངེས་པར་དེ་འདྲ་བྱེད་དགོས་དོན་ཡོད་དམ། ཁྱོད་ཀྱིས་དེ་ལྟར་མ་བྱས་ན་ཅི་འདྲ་ཡིན་ནམ། དོན་དུ་མི་ཕལ་མོ་ཆེས་སྤྱི་ཚོགས་སྒྲིག་སྲོལ་ལ་མགོ་སྒུར་བ་རེད། འདི་ནི་ཧ་ཅང་ཆོ་མེད་ཀྱི་ལས་ཤིག་ཡིན། མཚན་མཐུན་དགའ་རོགས་མང་པོས་འདི་ལྟར་བྱེད་པ་ལས་འོས་མེད་པར་འདོད། རྒྱུ་མཚན་ནི་མཐའ་འཁོར་གྱི་གནོན་ཤུགས་ཆེ་དྲགས་པས་ཡིན། འོན་ཀྱང་། ཧྥོའུ་ཁོ་ཡིས་ཁྱོད་ལ་ཁྱོད་ཀྱི་རང་དབང་ནི་ཁྱོད་ཀྱིས་ཡོད་པར་འདོད་པ་ལས་ཀྱང་མང་བ་གསལ་འདེབས་བྱེད། དཔེར་ན་ཁྱོད་ཀྱིས་གཞན་ཞིག་ལ་ལུས་འབྲེལ་བྱས་ན་ཡང་ཅི་རེད་ཅེས་པ་ལྟ་བུ། ངས་བསམ་ན་དངོས་གནས་དོན་སྙིང་འདུག ཧྥོའུ་ཁོ་ཡི་སྐད་ཆར་སྐུལ་འདེད་ཀྱི་ཤུགས་ཆེན་པོ་ཡོད། མ་ཟད་ཁོའི་མི་ཚེ་གང་བོ་ཡང་རང་དབང་ཤིན་ཏུ་ཆེ། དེར་ཡང་དོན་སྙིང་ཆེན་པོ་ཡོད།
ཕིན་ཕེ་གསར་འགྱུར། ཀྲུང་གོའི་ལོ་ངོ་སུམ་ཅུའི་ནང་ཧྥོའུ་ཁོ་ཡི་ཤན་ཤུགས་ཅི་འདྲ་ཡིན།
ལིས་ཡེན་ཧི། ཧྥོ་ཁོལ་གྱིས་གཏམ་བཤད་ཐེངས་རེ་རེར་དངོས་དོན་རེ་ཡིན། ཁོའི་བསམ་པར་རང་ཉིད་གཞན་གྱིས་སླ་ལས་བྱས་སོང་བར་འདོད་དེ། དཔེར་ན་ད་ལྟ་སྨྱན་སྦྱོར་གྱི་ཁ་ལ་ལྷུང་ཚེ་ཁ་བྱང་ཞིག་ཏུ་འགྱུར་བ་བཞིན་ནོ། ། ཁོའི་བསམ་གཞིགས་གཏོང་སྟངས་དང་རྩོམ་འབྲི། འཚོ་བ་རོལ་སྟངས་ཡོད་ཚད་ཀྱིས་སྲོལ་རྒྱུན་ལ་ཧ་ལས་པ་རྒོལ། འདི་ནི་འགྱུར་ལྡོག་གི་དུས་རབས་སུ་གནས་པའི་ཀྲུང་གོ་ནས་ཁོར་དགའ་བསུ་ཐོབ་པའི་རྒྱུ་རྐྱེན་རེད། དཔེར་ན་ནིས་ཆ་ལྟ་བུ་སྟེ། ཁོས་ཚང་མས་ཆོས་དད་བྱེད་ཀྱིན་པའི་སྐབས “ལྷ་ཆེན་པོ་ཤི་སོང”ཞེས་བཤད། ཁོས་རང་ཉིད་འགད་རྫས་ཡིན་ཞེས་ཀྱང་བཤད་མྱོང་། དེ་ལྟར་བྱས་པས་ད་གཟོད་མི་རྣམས་ཀྱིས་ཁོ་ཟློས་པ་རེད།
ཧྥོ་ཁོལ་གྱིས“མི་ཤི་སོང”ཞེས་པས་ཀྱང་འདས་པའི་དུས་སུ་མི་ལག་ཆ་བྱས་པར་རྒོལ་འདོད་པས་ཡིན། ཧྥོ་ཁོལ་གྱིས་བཤད་པའི་བདག་གཙོ་རང་བཞིན་ཞེས་པ་དེ་ང་ཚོས་ད་བར་དུ་རང་གི་ལས་ཚད་དང་བཤད་ཚད་ཚང་མ་བདག་གི་འདོད་པ་གཙོ་བོར་བྱེད་པར་གོ་བ་བླངས། ཡིན་ནའང་། ཧྥོ་ཁོལ་གྱིས་ཁྱོད་ཀྱི་གཙོ་བོའི་བདག་ཀྱང་སྤྱི་ཚོགས་ཀྱིས་བཟོས་པ་རེད་ཟེར། ཁྱོད་ཀྱིས་མཚན་འགལ་དང་གཉེན་སྒྲིག་པ་དེ་ཁྱོད་རང་གི་བདམ་གསེས་ཡིན་པར་འདོད་དམ། དོན་དུ་དེ་ཡང་སྤྱི་ཚོགས་ཀྱིས་བཟོས་པ་ཡིན་ཟེར།
གཞན་དུ་ཁོས་མི་རྣམས་ལ་བསྟན་པའི་མདུན་ལམ་ནི་འོད་སྟོང་ཆེས་ཆེར་ལྡན་ཞིང་རང་དབང་ཤིན་ཏུ་ཆེ་བ་ཞིག་ཡིན། དེ་བས་མི་མང་པོ་ཁོ་ལ་དགའ།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག