ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨོ་སི་ཁྲུ་ལི་ཡའི་སྐྱེས་མ་ཞིག་གྲོང་ཁྱེར་གྱི་འདུ་འཛི་ལ་སུན་ཏེ་ནགས་ཚལ་ནས་གདོད་མའི་འཚོ་བ་རོལ།

2014-12-15 དཔལ་མགོན་སྐྱབས།
  ཨོ་ཧྭ་དྲ་བས་ཚེས ༡༠ ཉིན་བསྒྲགས་གཏོང་བྱས་པ་ལྟར་ན། ཨོ་སི་ཁྲུ་ལི་ཡའི་ནན་ཝའེ་ཨེར་ཧྲི་ཀྲོའུ་གསར་བའི་བྱང་རྒྱུད་ཀྱི་ལོ་གྲངས་སོ་གཅིག་ལོན་པའི་ཁོ་ལའེ་ཨེར་ཏུན་ཨུན་ཞེས་པའི་སྐྱེས་མ་ཞིག་དེང་རབས་ཀྱི་“དཔལ་ཡོན”སྤྱི་ཚོགས་ལ་སུན་སྣང་སྐྱེས་ཏེ། ཁེར་ཀྱང་དུ་ཨོ་སི་ཁྲུ་ལི་ཡའི་ནགས་ཚལ་ཁྲོད་ནས་ལོ་གཅིག་ཙམ་གྱི་རིང་དུ་འཚོ་བ་རོལ་ཡོད། ཆེས་ཐོག་མར་གོམས་ལོབ་མེད་པ་ནས་མཇུག་མཐར་རྒྱུན་ལྡན་དུ་གྱུར་ཏེ། ཁོ་ལའེ་ཨེར་རིམ་བཞིན་འཚོ་བ་དེ་འདྲར་དགའ་ཞེན་ཆགས་ཡོད་པ་རེད།
   བསྒྲགས་གཏོང་བྱས་པ་ལྟར་ན། ཁོ་ལའེ་ཨེར་ད་ལྟའི་གྲོང་ཁྱེར་གྱི་འཚོ་བ་ལ་ཞེན་པ་ལོག་པས། ཡུལ་ཕྱོགས་གཞན་དུ་འབྲོ་ན་བསམ་ཡོད། དེ་བས་ཁོ་མོས་མོ་རང་གཅིག་པུ་ཨོ་སི་ཁྲུ་ལི་ཡའི་ནགས་ཚལ་ཁྲོད་དུ་འཚོ་བ་རོལ་དུ་འགྲོ་རྒྱུ་སེམས་ཐག་བཅད།
  ནགས་ཚལ་ཁྲོད་དུ་འཚོ་བ་རོལ་བའི་ལོ་གཅིག་རིང་དུ། དེང་རབས་ཀྱི“དཔལ་ཡོན”དང་རྒྱང་ཐག་བཅད་དེ། ཁོ་ལི་ཨེར་གྱིས་སྲོག་ཆགས་ཆུང་ཆུང་ཟས་སུ་བརྟེན་པ་མ་ཟད། དེང་རབས་ཀྱི་ཡོ་ཆས་གཅིག་ཀྱང་མེད་པར་འཚོ་བ་རོལ། ཆེས་ཐོག་མར་མི་ལོབ་པ་ནས་མཇུག་མཐར་རྒྱུན་ལྡན་དུ་གྱུར་བ་མ་ཟད། ཁོ་ལེ་ཨེར་ད་དུང་དེ་འདྲའི་འཚོ་བར་དུང་ཞེན་ཆགས་ཡོད། ལོ་གཅིག་རིང་དུ་ཕྱི་རོལ་ནས་འཚོ་བ་རོལ་བ་ཡིས་ཁོ་ལེ་ཨེར་གྱི་ངོ་མདོག་ཅུང་དཀར་པོར་གྱུར་ཡོད་པ་ལས་གཞན། ད་དུང་འཚོ་བར་སྤྲོ་སྣང་དང་སེམས་ཤུགས་ཇེ་ཆེར་གྱུར་ཡོད་པ་རེད།
  བསྒྲགས་གཏོང་བྱས་པ་ལྟར་ན། ཁོ་ལེ་ཨེར་“དཔལ་ཡོན”སྤྱི་ཚོགས་སུ་ཕྱིར་ལོག་ནས་ལོ་གསུམ་འགོར་ཀྱང་། ཁོ་མོ་ད་དུང་དེ་འདྲ་མ་ལོབ་པར། སྔར་བཞིན་རང་བྱུང་ཁམས་སུ་ལོག་ན་འདོད་བཞིན་ཡོད། སྔོན་ཆད་ནགས་ཚལ་ཁྲོད་ནས་འཚོ་བ་རོལ་སྐབས་ལ་ཕྱིར་དྲན་བྱེད་དུས། ཁོ་ལེ་ཨེར་གྱིས། “ཆེས་ཐོག་མར་དེ་འདྲ་མི་ལོབ་ནའང་། འོན་ཀྱང་ལོ་ཕྱེད་འགོར་རྗེས་རིམ་བཞིན་འཚོ་བ་དེ་འདྲར་དགའ་ཞེན་སྐྱེ་ཡོང་། ཆེས་ཐོག་མར་རི་དྭགས་སྲོག་ཆགས་སོགས་གསོད་མི་འདོད་པ་ནས་རིམ་བཞིན་དེ་ནི་རྒྱུན་ལྡན་ཞིག་ཏུ་འགྱུར་ལ། མཇུག་མཐར་ཐ་ན་སྲོག་ཆགས་གང་འདོད་དུ་བེད་སྤྱོད་ཀྱང་བྱེད་ཤེས་པ་རེད”ཅེས་བཤད།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག