ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལོ ༡༠༢ ལ་སོན་པའི་བགྲེས་མོར་འབུམ་རམས་པའི་བསླབ་གནས་རེག

2015-06-11 སྙིང་མོ།
ཨིན་གྷི་བྷོར་གྷི •རཱ་པོ་པོར་ཐི་ལ་དགུང་གྲངས ༡༠༢ ཐོག་གཞི་ནས་འབུམ་རམས་པའི་བསླབ་གནས་ཐོབ།
   དབྱིན་ཇིའིBBCརྒྱ་ཡིག་དྲ་བའི་སྟེང་ད་ལོ་དགུང་གྲངས ༡༠༢ ལ་སོན་པའི་འཇར་མན་གྱི་བུད་མེད་ཨིན་གྷི་བྷོར་གྷི• རཱ་པོ་པོར་ཐི་(Ingeborg Rapoport)ལ་འཇར་མན་ཧན་བྷོར་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་བསླབ་གནས་རེག་སྟེ། འཛམ་གླིང་སྟེང་གི་དགུང་གྲངས་ཆེས་མཐོ་བའི་འབུམ་རམས་པའི་བསླབ་གནས་རེག་མཁན་དུ་གྱུར་བའི་གནས་ཚུལ་བཀོད་འདུག
   ཨིན་གྷི་བྷོར་གྷི• རཱ་པོ་པོར་ཐི་ཡིས ༡༩༣༧ ལོར་འཇར་མན་ཧན་བྷོར་གཙུག་ལག་སློབ་ཆེན་དུ་གསོ་བ་རིག་པའི་འབུམ་རམས་པའི་སློབ་ཚན་སྦྱངས་ཚར་བ་མ་ཟད། མགྲིན་ནད་སྐོར་གྱི་མཐར་ཕྱིན་དཔྱད་རྩོམ་ཡང་བྲིས་ཟིན། ཡིན་ཡང་ན་ཚུའེ་ཡི་གནོད་འཚེ་ཐེབས་རྐྱེན་དཔྱད་རྩོམ་བགྲོ་གླེང་ལ་ཞུགས་མ་ཐུབ། 
   ཨིན་གྷི་བྷོར་གྷི• རཱ་པོ་པོར་ཐིའི་ཨ་མ་ནི་ཡིའུ་ཐའེ་པ་ཡིན་པས། སྐབས་དེའི་ཧེ་ཐི་ལིའི་ཡིའུ་ཐའེ་པ་ལ་རྒོལ་བའི་བཅའ་ཁྲིམས་ལྟར་ཆེས་མཐའ་མའི་དཔྱད་རྩོམ་བགྲོ་གླེང་ལ་ཞུགས་ཆོག་མི་འདུག 
   ཕྱིས་སུ་ཧན་བྷོར་གཙུག་ལག་སློབ་ཆེན་གྱིས་ཁོ་མོར་ཡི་གེ་བཏང་སྟེ་གནས་ཚུལ་ངོས་འཛིན་བྱས་ཡོད། “སྐབས་དེའི་བཅའ་ཁྲིམས་ཀྱིས་ཁོ་མོ་མཐའ་མའི་དཔྱད་རྩོམ་བགྲོ་གླེང་ལ་ཞུགས་མ་བཅུག་པ་མ་གཏོགས། ཁོ་མོར་འབུམ་རམས་པའི་བསླབ་གནས་སྔ་མོ་ནས་རེག་ཡོད་འདུག”
   ད་ལྟ་ཧན་བྷོར་གཙུག་ལག་སློབ་ཆེན་གྱིས་ནོར་འཁྲུལ་གྱི་ཡོ་བསྲང་བྱས་ཡོད། ཟླ་སྔོན་མར། ཧན་བྷོར་གཙུག་ལག་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་གསུམ་ཨིན་གྷི་བྷོར་གྷི• རཱ་པོ་པོར་ཐི་ཡིས་དམག་འཁྲུག་མ་བྱུང་སྔོན་འཇར་མན་དུ་གཉེར་བའི་ལས་ཀ་ལ་ཚོད་ལེན་བྱེད་པར་ཁོ་མོ་སྡོད་སའི་པིར་ལེན་ཤར་མར་ཕྱིན་ཡོད་པ་མ་ཟད། ཁོ་མོའི་བྱ་བའི་ནུས་པ་ལ་ཡིད་ཚིམ་ཞིང་གདེང་འཇོག་བྱས་ཡོད་པས་འབུམ་རམས་པའི་བསླབ་གནས་སྤྲོད་རྒྱུ་ཐག་གིས་བཅད།
   ཟླ ༦ པའི་ཚེས ༩ ཉིན་ཧན་བྷོར་གཙུག་ལག་སློབ་ཆེན་གྱི་གསོ་རིག་ལྟེ་གནས་སུ་མཛད་སྒོ་ཁྱད་པར་ཅན་ཞིག་བསྡུས་ཏེ། ཨིན་གྷི་བྷོར་གྷི• རཱ་པོ་པོར་ཐི་ལ་ལོ་ངོ༨༠སྔོན་ན་ཚུའེ་ཡི་གནོད་འཚེ་ཐེབས་ཏེ་རེག་མ་ཐུབ་པའི་འབུམ་རམས་པའི་བསླབ་གནས་སྤྲད་དོ།།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག