ཤིན་ཧྭ་དྲ་བའི་ཐོག་ཤང་ཀང་ནས་ཟླ 6 ཚེས 18 ཉིན་གློག་འཕྲིན་འབྱོར་གསལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་ཚེས 18 ཉིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་འབྱུང་ཐབས་བཟོ་བཅོས་སྐོར་གྱི་གྲོས་གཞིར་མོས་མཐུན་མ་བྱས་པར་འདུག ཉིན་དེའི་ཆུ་ཚོད 12 སྐར་མ 35 ཡས་མས་སུ་ཐག་གཅོད་གོ་རིམ་མཇུག་བསྒྲིལ་བ་དང་། གྲོས་གཞི་དེར་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མིའི་རྩ་འབོར་གྱི་སུམ་ཆའི་གཉིས་ཀྱི་མང་ཕྱོགས་ཡིད་འཐད་བྱུང་མེད་འདུག
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཚེས 17 ཉིན་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་འདོམས་འབྱུང་ཐབས་ལ་བཟོ་བཅོས་བྱ་སྐོར་གྱི་གྲོས་གཞི་གླེང་མོ་བྱས་པ་དང་། ཆུ་ཚོད 9 རྩོད་གླེང་བྱས་པ་བརྒྱུད། གྲོས་མི 70 ལས་མི 41 གིས་གཏམ་བཤད་གནང་ཡོད་འདུག་ལ། ཁྲིམས་འཛུགས་ལྷན་ཚོགས་ཀྱི་རྩོད་གླེང་དེ་ཚེས18 ཉིན་གྱི་ཆུ་ཚོད12 པར་རྫོགས་ཡོད་འདུག་པ་དང་། ཆུ་ཚོད 12 དང་ཕྱེད་ཙམ་ནས་གྲོས་གཞི་བརྡས་ཐག་གཅོད་མགོ་ཚུགས་ཡོད་འདུག
ཡིན་ནའང་། ཤང་ཀང་སྲིད་བསྒྱུར་ཇུས་གཞིའི་སྐོར་ལ་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་ཁས་བླངས་མེད་པ་སྟེ། སྤ་སེ 28 གྱིས་ངོ་རྒོལ་བྱས་འདུག(རྩོམ་འགན་པ། རྟ་མགྲིན)