ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཉིང་ཞྭའི་དོན་རྐྱེན་ཁྲོད་ཚེ་ལས་འདས་པའི་མི༡༧གྱི་མིང་ཐོ་ཐོན།

2016-01-08 དབང་འབུམ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་ལྟར་ན། ཚེས ༧ གྱི་ཆུ་ཚོད ༡༧ པའི་སྐར་མ ༤༠ སྟེང་། ཉིན་ཞྭ་དབྱིན་ཁྲོན་དུ་མེ་སྐྱོན་ཐེབས་པའི་སྤྱི་སྤྱོད ༡.༠༥ པའི་རྟོག་དཔྱོད་ཚན་ཁག་གིས་ཉེ་ལམ་སྟོར་སོང་བའི་མི་དག་གི་ཁྱིམ་མིའི DNA ལ་བརྟག་དཔྱད་བྱེད་པ་བརྒྱུད། དོན་རྐྱེན་དེའི་ཁྲོད་དུ་འདས་པའི་མི་ཚང་མ་ངོས་ཟིན་བྱེད་ཐུབ་སོང་ཟེར། དེ་དང་ཞོར་དུ་ཚེ་འདས་རྣམས་ཀྱི་འདས་མཆོད་ཀྱང་རིམ་པར་སྒྲུབ་སོང་ལ། དབུ་ཁྲིད་ཚན་ཁག་གིས་དབྱིན་ཁྲོན་གྲོང་ཁྱེར་དང་། ཧི་ལན་རྫོང་སོགས་སུ་ཚེ་འདས་དག་གི་ཁྱིམ་མི་ལ་ཟ་འཐུང་དང་ཞག་སྡོད་བྱེད་ས་མཁོ་སྤྲོད་བྱས་ཏེ། ཚེས་འདས ༡༧ པོའི་ཁྱིམ་མི་ལ་སེམས་གསོ་བྱེད་ཀྱིན་པའི་སྒང་ཡིན།

ཟླ ༡ པའི་ཚེས ༥ ཡི་ཆུ་ཚོད ༧ ཡས་མས་སུ། དབྱིན་ཁྲོན་གྲོང་ཁྱེར་སྤྱི་སྤྱོད་ཀུང་ཟིའི་བགྲོད་ལམ ༣༠༡ པ་ཧི་ལན་རྫོང་ནས་ཐེན་ཅོན་མེ་ཏོག་ལྡུམ་ར་བརྒྱུད་དེ་དབྱིན་ཁྲོན་མེ་འཁོར་འབབ་ཚིགས་ལ་འགྲོ་བའི་སྤྱི་སྤྱོད་དེ་ལམ་བར་གྱི་རྒྱལ་ལམ ༡༠༩ པའི་ཅིན་ཧྲིན་རྒྱལ་སྤྱིའི་ཁྱིམ་ཆས་ཐང་ཆེན་དུ་ཐོན་ཚེ། སྤྱི་སྤྱོད་དེ་གློ་བུར་དུ་མེ་འབར་སོང་། བརྟག་དཔྱད་བརྒྱུད། དེ་ལས་མི ༡༧ འདས་སོང་བ་དང་མི༣༣ལ་རྨས་སྐྱོན་ཐེབས་སོང་། དོན་རྐྱེན་དེར་ཉེས་དོགས་ཡོད་པའི་མཱ་ཡུང་ཕེང་ཚེས ༥ པའི་ཆུ་ཚོད ༡༦ པའི་སྐར་མ ༣༠ ལ་ཉེན་རྟོག་པས་འཛིན་བཟུང་བྱས།

འབྲེལ་ཡོད་རྩོམ་ཡིག