དམངས་སྒོར་གྱི་རིན་གོང་ཡང་ནས་ཡང་དུ་མར་ཆགས་པའི་གནས་ཚུལ་འོག ཀྲུང་གོའི་ཕྱི་དངུལ་གསོག་འཇོག་ཟླ་གཉིས་ནང་བསྟུད་མར་ཉུང་དུ་ཕྱིན་པ་རེད།
ཟླ་དང་པོའི་ཚེས ༧ ཉིན། ཀྲུང་དབྱང་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ༢༠༡༥ ལོའི་ཟླ ༡༢ པར། ཀྲུང་གོའི་ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར ༣༣༣༠༣.༦༢ སུ་ཉུང་དུ་ཕྱིན་ཡོད་ལ། ལོ་གསུམ་ལྷག་གི་རིང་ཆེས་དམའ་བའི་དུས་སྐབས་ཡིན་འདུག ཟླ ༡༢ པའི་ཕྱི་དངུལ་གསོག་འཇོག་དུས་སྐབས་སྔོན་མ་དང་བསྡུར་ན་ཨ་སྒོར་དུང་ཕྱུར ༡༠༧༩ ཉུང་དུ་ཕྱིན་པ་དང་། ལོ་རྒྱུས་སྟེང་མར་ཆགས་ཚད་ཆེས་མཐོ་བའི་སྐབས་ཡིན་འདུག
༢༠༡༥ ལོའི་ཟླ ༡༡ པར། ཀྲུང་དབྱང་དངུལ་ཁང་གི་ཕྱི་དངུལ་གསོག་འཇོག་ལྷག་གྲངས་དུས་སྐབས་སྔོན་མ་དང་བསྡུར་ན་ཨ་སྒོར་དུང་ཕྱུར ༨༧༢.༢༣ ཉུང་དུ་ཕྱིན་འདུག་ལ། ༢༠༡༡ ལོ་ནས་བཟུང་མར་ཆགས་ཚད་མཐོ་བའི་གྲས་གཅིག་ཡིན་འདུག
༢༠༡༥ ལོའི་ཟླ ༡༠ བར། ཕྱི་དངུལ་གསོག་འཇོག་དུས་སྐབས་སྔོན་མ་དང་བསྡུར་ན་ཨ་སྒོར་དུང་ཕྱུར ༡༡༣.༩ གོང་དུ་འཕར་འདུག་ལ། དེ་སྔོན་བསྟུད་མར་ཟླ་ལྔའི་རིང་མར་ཆགས་པའི་འཕེལ་ཕྱོགས་དེ་མཇུག་རྫོགས་པར་བྱས། ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ནི་ལོ་དེའི་ཟླ ༥ ནས་བཟུང་མུ་ནས་མུ་རུ་མར་ཆགས་ལ། ཟླ ༨ པའི་ཚེས ༡༡ ཉིན། དམངས་སྒོར་གྱི་འཛའ་ཐང་གི་རིན་གོང་ལེགས་སྒྲིག་བྱས་རྗེས། དེ་སྔོན་ལ་གོང་ནས་གོང་དུ་འཕར་བའི་ཟླ་དེར་ཨ་སྒོར་དུང་ཕྱུར ༩༣༩.༢༩ ཇེ་ཉུང་དུ་ཕྱིན་པ་རེད།
ལིའུ་ཏོང་ལང་གིས། ཕྱི་དངུལ་གསོག་འཇོག་མྱུར་བར་ཉུང་དུ་ཕྱིན་པ་ནི་མ་རྩ་ཕྱིར་ཤོར་ཚད་མང་དུ་ཕྱིན་པ་དང་འབྲེལ་ཡོད་པ་དང་། དེའི་རྒྱུ་མཚན་ནི་གཉིས་ཏེ། གཅིག་ནི ༢༠༡༥ ལོའི་ཟླ ༡༢ པར་ཨ་སྒོར་གྱི་རིན་ཐང་མར་ཆགས་པ་དང་། ཨ་སྒོར་མ་ཡིན་པའི་དངུལ་ལོའི་རིན་གོང་ཡར་འཕར་བས། ཕྱི་དངུལ་གསོག་འཇོག་གི་འཛའ་ཐང་རིན་ཐང་ཚོད་དཔག་ཐད་མངོན་གསལ་གྱི་གྱོང་གུད་ཡོད་མི་སྲིད་པ། གཉིས་ནི ༢༠༡༥ ལོའི་ཟླ ༡༢ པར་ཀྲུང་དབྱང་དངུལ་ཁང་གིས་དམངས་སྒོར་གྱི་འཛའ་ཐང་ལ་ཐེ་གཏོགས་བྱེད་པའི་ཤུགས་ཚད་ཞན་དུ་གྱུར་ལ། ཕྱི་དངུལ་གསོག་འཇོག་གི་རང་འགུལ་གྱི་འཛད་གྲོན་ནི་ཟླ་སྔོན་མ་དག་ལས་དམའ་དགོས། དེ་བས། མར་ཆགས་ཚད་སྔོན་དཔག་ལས་བརྒལ་བ་དེ་ནི་མ་རྩ་ཕྱིར་ཤོར་ཚད་མང་དུ་ཕྱིན་པ་དང་འབྲེལ་ཡོད་པའང་སྲིད་ལ། འདི་ལས་ཕྱི་རྒྱལ་མ་དངུལ་གྱི་དངུལ་ཁང་ཁ་ཤས་ཀྱིས་མངའ་ཁོངས་ལས་བརྒལ་བའི་ལས་སྒོ་གནས་སྐབས་སུ་མཚམས་བཞག་པའི་རྒྱུ་རྐྱེན་འང་གསལ་ལེར་མངོན་ཐུབ། ཕྱི་དངུལ་གསོག་འཇོག་སྔོན་དཔག་ལས་མར་ཆགས་པ་དེས་ཁྲོམ་རར་དམངས་སྒོར་གྱི་འཕེལ་ཕྱོགས་ཐད་མཐོང་ཆུང་དང་འོལ་ཚོད་བྱེད་དུ་འཇུག་སྲིད་ལ། ཀྲུང་དབྱང་དངུལ་ཁང་གིས་རྗེས་ཕྱོགས་འཛའ་ཐང་ལ་ཐེ་གཏོགས་བྱེད་པ་དེས་འོས་འཚམ་གྱི་ཤུགས་ཚད་དང་མྱུར་ཚད་རྒྱུན་འཁྱོངས་བྱེད་མི་ཐུབ་པར། འཛའ་ཐང་གི་གཏན་འཇགས་རང་བཞིན་སྲུང་མི་ཐུབ་པ་དང་། མ་རྩར་ཕྱིར་ཤོར་སྔར་བཞིན་རྒྱུན་འཁྱོངས་བྱེད་སྲིད།
ལི་ཧུའེ་ཡུང་གིས་བསྟན་དོན། ཕྱི་དངུལ་གསོག་འཇོག་མྱུར་བར་ཉུང་དུ་ཕྱིན་པ་དེས་མ་རྩ་ཕྱིར་ཤོར་ཚབས་ཆེ་བ་ཤེས་ཐུབ་ལ། ན་ནིང་གི་ཟླ ༡༢ པར་དམངས་སྒོར་གྱི་འཛའ་ཐང་སྔོན་དཔག་ལས་བརྒལ་ཏེ་མར་ཆགས་པ་དང་། རྒྱལ་ཁབ་ཕྱི་ནང་གཉིས་ཀའི་སོ་སོའི་མར་ཆགས་ཚད་ནི་ཚེག ༡༤༤༡ དང ༩༥༥ དང་། དེ་གཉིས་ཀྱི་འཛའ་ཐང་གི་བར་ཁྱད་ནི་ཚེག ༧༥༡ རུ་ཇེ་ཆེར་གྱུར་འདུག དམངས་སྒོར་གྱི་འཛའ་ཐང་མར་ཆགས་ཚད་ཆེས་ཆེར་ཕྱིན་པ་དེས་མ་རྩ་ཕྱིར་ཤོར་ཚད་ཇེ་མྱུར་དུ་གཏོང་བ་ནི་སྨོས་མ་དགོས་པ་རེད། ཁོས་བལྟས་ཚོད་ཀྱིས་ཕྱི་དངུལ་གསོག་འཇོག་ཆེས་ཆེར་མར་ཆགས་པ་དེས་ཀྲུང་གོའི་ཕྱི་དངུལ་གསོག་འཇོག་མདེལ་ཟད་རྒྱགས་རྫོགས་སུ་འགྱུར་བར་མི་བྱེད་པར་འདོད་འདུག དེ་སྔོན་དུ་ཀྲུང་དབྱང་དངུལ་ཁང་གིས་ཐེ་གཏོགས་ཉུང་དུ་བཏང་བ་དེས་ཀྱང་དུས་འཁོར་དང་བསྟུན་པ་དང་འཇའ་ཤིང་སྣོན་པའི་སྤྱོད་ལམ་ཁྱད་ཆོས་གཙོ་བོར་བཟུང་བའི་སྐབས་བསྟུན་སྟོབས་ཤུགས་བཟོད་བསྲན་བྱེད་ཐུབ་པ་མཚོན་པ་ནི་མ་རེད། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་བཀོལ་སྤྱོད་བར་སྟོང་མིག་སྔར་སྔར་བཞིན་ཤིན་ཏུ་ཆེ་བས། དགོས་ངེས་ཆེ་དུས་འཛའ་ཐང་གཏན་འཇགས་རྒྱུན་འཁྱོངས་བྱེད་ཐུབ།