ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ད་ལོ་འཛམ་གླིང་ཡོངས་ཀྱི་གླ་ཕོག་འཕར་སྲིད་ཟེར་བ་བདེན་པ་དཀའ།

2016-01-12 ཟླ་བ།

ཕྱིའི་གསར་ལམ་ནས། ད་ལོར་འཛམ་གླིང་ཡོངས་ཀྱི་གླ་ཕོག་འཕར་སྲིད་ཟེར། དེའི་ཁྲོད་དུ་ཀྲུང་གོའི་འཕར་ཚད་ནི་འཛམ་གླིང་གི་མཐོ་ཤོས་སུ་འགྱུར་སྲིད་ཅེས་སྤེལ་འདུག ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔལ་འབྱོར་སྡེ་ཁག་གི་《དུས་ཐོག་མ》ཞེས་པའི་ལེ་ཚན་ཁྲོད་དུ་དགའ་འོས་པའི་གསར་འགྱུར་འདི་བསྒྲགས་ཡོད། འོན་ཀྱང་། དེར་ཡིད་ཆེས་བྱེད་མཁན་གྱི་མང་ཚོགས་ཤིན་ཏུ་ཉུང་། ལས་ཁུངས་མཚན་གྲགས་ཅན་གྱི་དཔལ་འབྱོར་རིག་པ་བ་ཞིག་གིས་ཚེས ༡༡ ཉིན་འཛམ་གླིང་དུས་ཚགས་ཀྱི་གསར་འགོད་པར་གནས་ཚུལ་བཤད་དོན། འཛམ་གླིང་ཡོངས་ཀྱི་གླ་ཕོག་འཕར་སྲིད་ཟེར་བ་ནི་དགོད་བྲོ་བ་ཞིག་རེད་འདུག་ཟེར།

ཀྲུང་དབྱང་བརྙན་འཕྲིན་ཁང་གིས་སྤེལ་དོན། ཞིབ་འཇུག་སྙན་ཞུར་ལྟར་ན་༢༠༡༦ ལོའི་འཛམ་གླིང་གི་གླ་ཕོག་ཁྱོན་ཡོངས་ནས་འཕརག་སྲིད་པ་མཐོང་ཐུབ་ལ། འཕར་ཚད་འདས་པའི་ལོ ༣ རིང་ཁྲོད་ཀྱི་མཐོ་ཤོས་དེ་ཡིན་པ་རེད། དེའི་ཁྲོད་དུ་ཀྲུང་གོའི་ལས་བྱེད་པའི་གླ་ཕོག ༨༠% ཡིས་ཡར་འཕར་སྲིད་པ་དང་། འཕར་ཚད་འཛམ་གླིང་ཨང་དང་པོར་ཟིན་ཡོད།

གོང་གི་དཔལ་འབྱོར་རིག་པ་བ་དེས་ཚེས ༡༡ ཉིན་གསུང་དོན། ཉེ་བའི་ལོ་གཉིས་རིང་གྲོང་སྡེའི་ཡོང་འབབ་དེ་GDPཡི་འཕར་ཚད་ལས་མགྱོགས་པའི་སྣང་ཚུལ་ཞིག་བྱུང་འདུག འདི་ནི་རྒྱལ་དམངས་ཀྱི་ཡོང་འབབ་བགོ་བཤའི་སྲིད་ཇུས་ཇེ་ལེགས་སུ་སོང་བའི་གཡང་རྟགས་ཞིག་རེད། འོན་ཀྱང་༢༠༡༦ལོར་གླ་ཕོག་འཕར་སྲིད་ཟེར་བའི་གནད་དོན་འདི་ནི་རྙོག་འཛིང་ཤིན་ཏུ་ཆེ། ཁོས་ངས་གནས་ཚུལ་འདི་ལྟ་བུ་གོ་མ་བྱུང་། རྒྱལ་གཉེར་གྱི་ཁེ་ལས་དང་གཞུང་ཞབས་ཀྱི་ལས་རིགས་ཡོད་རུང་། གླ་ཕོག་འཕར་བའི་སྐོར་གྱི་གནས་ཚུལ་ཐོས་མ་བྱུང་ཟེར།

འབྲེལ་ཡོད་རྩོམ་ཡིག