ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པར་ཙིར་གྱི་ན་གཞོན་ཞིག་གིས། འཕྲིན་ཐུང་འབྲི་བའི་མགྱོགས་ཚད་ཐད་འཛམ་གླིང་གི་ཟིན་ཐོ་བཏོད།

2014-12-08
  ཤིན་ཧྭ་གསར་འགྱུར་ཁང་ཧྲེང་པའོ་ལུའོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་ཅི་ཉི་སི་འཛམ་གླིང་ཟིན་ཐོའི་ལས་དོན་ཁང་གིས་ལོ ༡༧ ལ་སླེབས་པའི་པར་ཙིར་གྱི་ན་གཞོན་མ་སེར་ཧྥེ་ལུའེ་ནི་འཛམ་གླིང་ཐོག་འཕྲིན་ཐུང་འབྲི་མཁན་མགྱོགས་ཤོས་དེ་ཡིན་པ་དང་། ཁོང་གིས་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་གྱི་ཐོག་ནས་སྐར་ཆ ༡༧ གྱི་ནང་ཡིག་འབྲུ ༡༦༠ འབྲི་ཐུབ་ཀྱི་ཡོད་པ་ཁྱབ་བསྒྲགས་བྱས་འདུག
  ཧྥེ་ལུའེ་ནི་ཨ་རིའི་སློབ་ཆེན་ག་གེ་མོ་ཞིག་གི་དངོས་ཁམས་ཚན་ཁག་གི་སློབ་མ་ཡིན་ཞིང་། འདི་ལོའི་ཟླ་ལྔ་པར་ཁོས་འཛམ་གླིང་གི་ཟིན་ཐོ་བཏོད་པ་དང་སྐབས་དེ་དུས་སན་ཤིན་ལག་ཐོགས་ཁ་པར་ཐོག་སྐར་ཆ ༡༨ དང ༡༩ ཐོག་ནས་འཕྲིན་ཐུང་རིང་པོ་ཞིག་བྲིས་ཡོད་ཅིང་། འདི་ལོའི་ཟླ་དགུ་པར་ཁོང་གིས་ཀུ་ཤུ་རྟགས་ཅན་གྱི་ལག་ཐོགས་ཁ་པར་གསར་པའི་ཐོག་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད། ཧྥེ་ལུའེ་ཡིས Fleksy ཀུང་སིས་གསར་སྤེལ་བྱས་པའི་ཕྱོགས་གསུམ་པའི་ཡི་གེ་བླུགས་སྟངས་ཐོག་ནས་ཟིན་ཐོ་ཐེངས་གཉིས་བཏོད་ལུགས་བཤད་ཡོད་པ་དང་། འདི་ལོའི་ཟླ་ལྔ་པར་ཡི་གེ་བླུགས་སྟངས IOSསྟེགས་བུའི་ཐོག་ཐོན་མེད། འོན་ཀྱང་ཁོང་གིས་སྐབས་དེ་དུས་ཟིན་ཐོ་བཏོད་པར་བརྟེན་ད་བར་དེ་ཉིད་སྤྱོད་མཁན་ཁྲི ༡༠༠ ནས་ཁྲི ༣༠༠ བར་འཕར་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག