ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རང་རྒྱལ་གྱིས་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་བཟོ་བཞིན་འདུག

2014-12-24
  འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ 12 ཚེས 22 ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོར་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་བྱེད་སྒོ་སྤེལ་རྒྱུ་ཚད་ལྡན་དུ་བཏང་ནས་དེའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་པ་དང་སྤེལ་རེས་མཉམ་ལས་ལ་སྐུལ་མ་གཏོང་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ཐད་གྲོས་ཞིབ་བྱ་རྒྱུའི་རེ་འདུན་ཞུས་པ་རེད།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཧོན་ཉིང་གིས་ཚེས་22ཉིན་སྐོང་ཚོགས་བྱས་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་འཆར་ཟིན་སྐོར་གྱི་གསལ་བཤད་བྱས་པ་རེད།
  དབྱང་ཧོན་ཉིང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོ་དང་ཕྱི་ཕྱོགས་དབར་འབྲེལ་འདྲིས་དང་མཉམ་ལས་བྱེད་ཚད་མང་དུ་འགྲོ་བ་དང་བསྟུན་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་རང་རྒྱལ་མངའ་ཁོངས་སུ་ཡོང་ནས་སྤྱི་ཕན་བྱེད་སྒོ་སྤེལ་ཚད་ཉིན་རེ་ལས་ཉིན་རེ་མང་དུ་ཕྱིན་ཏེ་རང་རྒྱལ་གྱི་སྤྱི་ཕན་བྱ་གཞག་གོང་འཕེལ་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོར་སྡོད་པའི་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དེས་ཁྲིམས་ལྟར་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས་པ་དང་།  མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་བཟོ་རྒྱུའི་དགོས་པ་ཧ་ཅང་ཆེན་པོ་ཡོད་ལུགས་བསྟན་ཡོད།
  དབྱང་ཧོན་ཉིང་གིས་འཆར་ཟིན་ནང་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་ཀྲུང་གོའི་མངའ་ཁོངས་ནང་འཐུས་མིའི་སྒྲིག་གཞི་འཛུགས་པ་དང་ཐེངས་གཅིག་རང་བཞིན་གྱི་གནས་སྐབས་བྱེད་སྒོ་སྤེལ་བའི་རེ་ཞུ་ཐོ་འགོད་ཀྱི་ཆོག་འཐུས་གོ་རིམ་གཏན་འབེབས་བྱས་པ་དང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེས་དབང་སྤྲོད་བྱས་པའི་རྩ་འཛུགས་ཀྱིས་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ལ་ཁྲིམས་ལྟར་བྱེད་སྒོ་སྤེལ་རྒྱུའི་ཐད་སྲིད་ཇུས་ཀྱི་བློ་འདྲི་དང་། ལས་སྒོའི་མཛུབ་ཁྲིད།  བྱེད་སྒོར་སྟབས་བདེ་སྤྲོད་པ་བཅས་ཀྱི་བཅའ་ཁྲིམས་ཀྱི་འོས་འགན་གཏན་འཁེལ་བྱས་ཏེ་ཀྲུང་གོའི་མངའ་ཁོངས་སུ་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་ཁྲིམས་མཐུན་ངང་བྱེད་སྒོ་སྤེལ་རྒྱུར་འགན་ལེན་དང་ཚད་ལྡན་དུ་གཏོང་བ་དང་སྤེལ་རེས་མཉམ་ལས་ལ་སྐུལ་མ་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན་བྱས་ཤིང་།  འཆར་ཟིན་གྱི་ནང་ད་དུང་མངའ་ཁོངས་ཕྱིའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་བྱ་སྤྱོད་སྤེལ་རིགས་ལ་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་བཟོ་བྱས་ཡོད་ཅེས་བཤད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག