ཕྱི་ཟླ ༡༢ པའི་ཚེས ༢༤ ཉིན་ཕྱིའི་སྨྱན་སྦྱོར་ཁག་གིས་སྤེལ་བ་ལྟར་ན། ཚེས ༢༤ ཉིན། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་རྒྱ་གར་བྱང་ཤར་ཕྱོགས་ཀྱི་ཨ་སམ་པང་ལ་དྲག་སྤྱོད་པས་འཇབ་རྒོལ་ཐེངས་དུ་མར་བྱས་པ་ལས། མི ༥༦ རྐྱེན་ལམ་དུ་ཕྱིན་ཟེར།
ཨ་སམ་པང་གི་ཉེན་རྟོག་སྤྱི་ཁྱབ་པ་སེང་གེས་བརྗོད་རྒྱུར། ད་སྔའི་བར་དུ་འཇབ་རྒོལ་ཁྲོད་མི ༥༦ འདས་ཤིང་། ༨༠ ལ་རྨས་ཕོག ད་དུང་མི་མི་ཉུང་བ་ཞིག་འཇབ་རྒོལ་སྐབས་བྲོས་འཁྱར་དུ་ཕྱིན་པས་མི་མིང་པོ་ཞིག་བོར་སྟོར་ཐེབས་འདུག་ཟེར།
ཤེས་གསལ་ལྟར་ན་རྐྱེན་ལམ་དུ་ཕྱིན་པ་ཕལ་ཆེ་བ་ཡུལ་དེའི་ཇ་ཤིང་ར་བའི་ལས་ཀ་བ་ཡིན་འདུག
དེ་སྔོན་རྒྱ་གར་ནང་སྲིད་བློན་ཆེན་གྱིས་སྤྱི་འབྲེལ་དྲ་བ་བརྒྱུད་ནས། རྒྱ་གར་སྲིད་གཞུང་གིས་དམག་དཔུང་ཡུལ་དེར་བཏང་ཟིན་སྐོར་བརྗོད་པ་དང་། རྒྱ་གར་གྱི་སྲིད་འཛིན་མོ་ཏི་ཡིས་ཀྱང་གཏུམ་སྤྱོད་དོན་རྐྱེན་དེར་ཁ་རྡུང་བཏང་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)