ཡུལ་དངོས་ཀྱི་པར།
ཡུལ་དངོས་ཀྱི་པར།
ཡུལ་དངོས་ཀྱི་པར།
ཀྲུང་གོའི་གསར་ཁང་གིས ༡/༧ ཉིན་བཏང་བའི་གློག་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེས ༧ གྱི་ཆུ་ཚོད ༡༣ ཙམ་དུ། ཟི་ལིང་ནས་རེབ་གོང་ལ་འགྲོ་བའི་འགྲུལ་འཁོར་མོ་ཊ་ཞིག་རེབ་གོང་རོང་པོ་ཁོག་ཏུ་སླེབས་དུས་ལམ་དུ་དར་ཆགས་ནས་གཞུང་ལམ་འགྲམ་དུ་བཞག་ཡོད་པའི་ཟོང་སྐྱེལ་མོ་ཊ་ཞིག་དང་རྡུང་ག་བརྒྱབ་སྟེ་ཟབ་ཚད་སྨིད ༡༠ ཡོད་པའི་གཡང་གཟར་དུ་ལྷུང་ཡོད་འདུག ད་སྔའི་སྡོམ་རྩིས་ལྟར་ན། མོ་ཊ་རུ་འགྲུལ་བ ༣༡ ཡོད་པ་ལས་མི ༢ སྨན་ཁང་གིས་མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་འདས་གྲོངས་སུ་སོང་ཡོད་པ་དང་། མི ༢༨ ལ་ཚད་མི་འདྲ་བའི་རྨས་ཕོག་ཡོད་འདུག
མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གི་འགན་ཁུར་མི་སྣས་གསར་འགོད་པར་བརྗོད་དོན། རྨས་མ ༢༨ ལས ༥ ཡི་རྨས་ཚབས་ཆེ་བ་ཕུད་གཞན ༢༣ གྱི་རྨས་ཡང་མོ་རེད་ཟེར།
རྨས་མ་དག་ད་ལྟ་རྨ་ལྷོ་ཁུལ་སྨན་ཁང་དང་གཅན་ཚ་རྫོང་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཅིང་། གསར་འགོད་པས་རྩོམ་འདི་མ་སྤེལ་སྔོན་དུ་དོན་རྐྱེན་བྱུང་སའི་གཞུང་ལམ་སྔར་ལྟར་སྤྱོད་ཆོག་གི་འདུག
དོན་རྐྱེན་གྱི་རྒྱུ་རྐྱེན་ད་ལྟ་རྩད་གཅོད་བྱེད་ཀྱིན་པའི་སྒང་རེད་འདུག(རྩོམ་འགན་པ། རྟ་མགྲིན)