ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཚན་རིག་པས་ཨེ་ཛི་ནད་ཀྱི་དུག་དཔེ་ཚང་མ་སྤྲ་ལས་ཐོན་པར་ཁོ་ཐག་བཅད།

2015-03-05 ཟླ་བ།
  ཕྱི་ཟླ ༣ པའི་ཚེས ༤ ཉིན་རྒྱལ་ཕྱིའི་གསར་ལམ་དུ་བསྒྲགས་དོན་ལ། རྒྱལ་ཁབ་མང་པོའི་ཚན་རིག་པས་ཉམས་ཞིབ་གནང་བ་ལས། ཨེ་ཛི་ནད་དུག་གི་ཤེས་ཟིན་པའི་ནད་ཁུངས་རིགས ༤ པོ་ཁཱ་མེ་རོན་རྒྱལ་ཁབ་ཀྱི་སྤྲ་ནག་དང་སྤྲ་ལས་བྱུང་བ་ཤེས་པ་དང་། འདི་ནི་མིའི་རིགས་ཀྱིས་ཨེ་ཛི་ནད་དུག་གི་དུག་དཔེའི་ཁུངས་ཆ་ཚང་ཁོ་ཐག་རྦད་ཀྱིས་ཆོད་པ་ཐོག་མ་ཡིན་འདུག
  ད་ལྟ་ཤེས་ཟིན་པའི་ཨེ་ཛི་ནད་དུག་གི་དུག་དཔེ་བཞི་ཡོད་པ་སོ་སོ M དང་། N O P བཅས་ཡིན་ལ་རིགས་དེ་ཚོའི་འབྱུང་ཁུངས་ཀྱང་འདྲ་གི་མེད། དེ་ལས་ཁྱབ་རྒྱ་ཆེ་ཤོས་ཡིན་པའི M དང N གཉིས་སྤྲ་ནག་ལས་བྱུང་བ་སྔ་ས་ནས་ར་སྤྲད་ཚར་ཡོད་མོད། ཅུང་མཐོང་དཀོན་པའི O དང P གཉིས་ཀྱི་རྩ་བ་ད་ལྟའི་བར་ར་སྤྲོད་མ་ཐུབ་པར་ལུས་པ་རེད། ཉམས་ཞིབ་པས་ཁཱ་མེ་རོན་དང་དེའི་ཉེ་སྐོར་གྱི་སྤྲ་ནག་དང་སྤྲ་ཡི་གཞི་རྒྱུའི་རྒྱུ་ཆར་དབྱེ་ཞིབ་བྱས་མཐར། O དང P གཉིས་ཀ་ཁཱ་མེ་རོན་ལྷོ་ནུབ་ཕྱོགས་ཀྱི་སྤྲ་ལས་བྱུང་བ་ར་སྤྲོད་བྱས། P རིགས་ཡིན་པའི་ནད་དཔེ་ད་སྔ་བར་འཛམ་གླིང་དུ་གཉིས་ལས་བྱུང་མེད་ཅིང་། Oརིགས་ཡིན་པ་འབུམ ༡ ཡོད་ལ་གཙོ་བོ་ཧྥེ་གླིང་དབུས་ནུབ་ཁུལ་དུ་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག