ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཞིབ་བཟོའི་ལག་རྩལ་ལ་རྒྱལ་སྤྱིའི་གསར་གཏོད་ཀྱི་གསེར་གྱི་བྱ་དགའ་ཐོབ།

2015-04-03
   ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་ཆར་བོད་ལྗོངས་ཉི་འོད་གྲོང་ཁྱེར་ཚེ་སྲོག་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་དབྱར་རྩྭ་དགུན་འབུའི་ཞིབ་བཟོའི་ལག་རྩལ་ཞིག་ལ་འཇར་མན་ཉིའུ་ལུན་པའོ་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་ཐོག་གསེར་གྱི་བྱ་དགའ་ཐོབ་ཅིང་། དེ་ནི་བོད་ལྗོངས(ཁྲེང་ཏུའུ)ཚན་རྩལ་སྙོལ་ཆས་ཁེ་ལས་ལ་རྒྱལ་སྤྱིའི་གསར་གཏོད་འགྲེམས་སྟོན་ཐོག་གསེར་གྱི་བྱ་དགའ་ཐོབ་ཐེངས་དང་པོ་དེ་ཡིན་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ལག་རྩལ་དེས་དབྱར་རྩྭ་དགུན་འབུ་དང་དེ་བཞིན་བོད་ཀྱི་རྩ་ཆེའི་ཐོན་ཁུངས་སྔོག་འདོན་དང་། ཉར་ཚགས། གཏོང་སྟངས་སོགས་ཐད་ལྷག་པའི་ནུས་པ་ཡལ་འགྲོ་བ་དང་ཧམ་བུ་རྒྱག་པའི་གནད་དོན་ཐག་གཅོད་ཐུབ་ཅིང་། ལག་རྩལ་དེས་དབྱར་རྩྭ་དགུན་འབུ་སོགས་ཀྱི་སྨན་རྒྱུ་དུས་ཡུན་རིང་པོ་ཉར་ཚགས་ཐུབ་པ་མ་ཟད། དེའི་ནུས་པ་ཡང་ཤོར་རྒྱུ་འགོག་ཐུབ་པས་ཚན་རྩལ་གྱི་རིན་ཐང་། ཚོང་ལས་ཀྱི་རིན་ཐང་། ཁོར་ཡུག་སྲུང་སྐྱོང་གི་རིན་ཐང་བཅས་ལྡན་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག