ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིས་ཨ་སྒོར་བྱེ་བ ༢ ཀྱི་རྔན་པས IS ཡི་གཏེ་བོ་བཞི་འཛིན་འཆར།

2015-05-07 ཚེ་རིང་རྣམ་རྒྱལ།
   ཚེས ༥ ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“དབྱི་སི་ལན་རྒྱལ་ཁབ”ཀྱི་གཏེ་བོ་བཞིའི་ཁུངས་སྣེ་སྤྲོད་མཁན་ལ་བྱ་དགའ་ཨ་སྒོར་བྱེ་བ་གཉིས(དམངས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བཞི་ལྷག)ཀྱི་རྔན་པ་སྟེར་རྒྱུ་ཡིན་ཞེས་བསྒྲགས་འདུག
   ཐིན་ཞོན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།  ཟླ་འདིའི་ཕྱི་ཚེས ༥ ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“དབྱི་སི་ལན་རྒྱལ་ཁབ”ཀྱི་གཏེ་བོ་བཞིའི་ཁུངས་སྣེ་སྤྲོད་མཁན་ལ་ཨ་སྒོར་བྱེ་བ་གཉིས་སྟེར་རྒྱུ་ཡིན་ཞེས་བསྒྲགས་འདུག།  ཁོ་ཚོའི་དམིགས་ཡུལ་ནི་གཏེ་བོ་འདི་དག་གི་ཁུངས་སྣེ་མང་པོ་གཞི་གཅིག་ཏུ་བསྡུས་ཏེ་འཛིན་བཟུང་བྱ་རྒྱུ་དེ་རེད།  ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་བསྒྲགས་སུ་བྱ་དགའ་ཨ་སྒོར་བྱེ་བ་བདུན་བཀོལ་ནས་ཁཱ་དྷོ་ལི(Qaduli)དང་ཨ་སྒོར་བྱེ་བ་ལྔ་རེ་བཀོལ་ནས་ཨེ་ཏིན་ཉ་ནིས(Adnani)དང་པ་ཏིས་ར་ཧྲིན་ཝེར་ལི(Batirashivili)ཨ་སྒོར་བྱེ་བ་གསུམ་བཀོལ་ནས་ཧར་ཙེ(harzi)ཡི་ཁུངས་སྣེ་འཚོལ་རྒྱུ་ཡིན་ཞེས་ཡོད་པའི་ཚུལ་བཀོད་འདུག
   ༡༩༤༢ ལོའི་ཟླ ༧ པའི་ཚེས ༡ ཉིན་ཨི་རག་གི་བྱང་ཁུལ་གྲོང་ཁྱེར་ཁི་ལི་ཐིའི་ཉེ་འཁོར་གྱི་ཏོར་གྲོང་ནས་སྐྱེས་པའི་ཨེ་ཙ་ཐྲི•ཨེ་པོའུ་ར་ཧམ•ཁཱ་དྷོ་ལི་ནི།   ཨི་རག་གི་སྲིད་རབས་སྔོན་མའི་གལ་ཆེའི་མི་སྣ་དང་སར་དམ(Saddam Hussein)གྱི་བློས་ཐུབ་མི།  ཙ་ཆ་ཝེ(Abu Musab al-Zarqawi)ཡིས་ལག་རོགས་ཡིན་ལ།   ༡༩༦༣ ལོར་བསྐྱར་དར་ཏང་གིས་སྡེ་གཟར་ཕམ་ཉེས་བྱུང་རྗེས།  སར་དམ་དང་མཉམ་དུ་བཙོན་དུ་ལྷུང་།   ༢༠༡༢ ལོའི་འགོར་བཙོན་གྲོལ་ཐོབ་རྗེས“དབྱི་སི་ལན་རྒྱལ་ཁབ”ཀྱི་གྲས་སུ་ཞུགས་ཏེ་སི་རི་ཡར་བསྐྱོད།  ཨ་དམག་གིས་བསྒྲགས་པའི“རྩེད་ཤོག་འཇུ་བཟུང་བཀའ་རྒྱ”ཡི་ཁྲོད་ཀྱི་མི་དྲུག་པར་གྱུར་ལ།  “མེ་ཏོགKནག”གིས་མཚོན།
   ཨ་པོ•མོ་ཧན་མོ་ཏི•ཨེ་ཏིན་ཉ་ནིས་ནི“དབྱི་སི་ལན་རྒྱལ་ཁབ”ISISཡིས་མགྲིན་ཚབ་པ་གཙོ་བོ་དང་མཐོ་རིམ་དམག་དཔོན་རེད།  ༡༩༧༧ ལོའམ ༡༩༧༨ ལོར་སི་རི་ཡའི་ནུབ་ཁུལ་གྱི་གྲོང་སྡེ་ཆུང་ཆུང་ཞིག་ནས་སྐྱེས།  སྔོན་ལ་མིང་དུTaha subhi Falahaཞེས་འབོད།  གསར་ལམ་དུ་ཐོ་འགོད་བྱས་པ་ལྟར་ན་ཁོ་ནི་ཨི་རག་ལ་རྒོལ་བའི་མཉམ་འབྲེལ་དམག་དུ་ཞུགས་པའི་ཕྱི་རྒྱལ་བ་ཐོག་མ་རེད།   ༢༠༠༥ ལོར Yasser Khalaf Hussein Nazal al-Rawiཡིས་མིང་འོག་ནས་འཛིན་བཟུང་ཐེབས།   ༢༠༡༤ ལོའི་ཟླ ༩ པའི་ཚེས ༢༢ ཉིན།  ཁོས“དབྱི་སི་ལན་རྒྱལ་ཁབ”ཀྱི་མགྲིན་ཚབ་བྱས་ཏེ ISIS ཡིས་ནུབ་ཕྱོགས་ཀྱི་ལྷ་མེད་སྨྲ་བ་ཀུན་བསྒྲལ་བར་རྒྱབ་སྐྱོར་ཡོད་ཚུལ་གྱི་བསྒྲགས་གཏམ་ཐོག་མ་སྤེལ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར།
   པ་ཏིས་ར་ཧྲིན་ཝེར་ལིའམ་མིང་གཞན་དུ་ཨ་པོ•ཨོ་མ•ཨ་ཞི་ཧྲན་ནིས་ནི།  “དབྱི་སི་ལན་རྒྱལ་ཁབ”ISISཡི་མཐོ་རིམ་བཀོད་འདོམས་དཔོན་དངISISཁྲོད་སྙན་གྲགས་ཆེ་བ་ཡོད་རེད་ལ་མཚང་མིང་དུ“ཨ་ར་དམར་པོ”རུ་འབོད།   ༡༩༨༦ ལོར་སུའུ་ལེན་སྔོན་མ(ད་ལྟའི་ཀི་ལོ་ཅི་ཡ)ནས་འཁྲུངས།  མཐོ་འབྲིང་མཐར་ཕྱིན་རྗེས་ཀི་ལོ་ཅི་ཡ་དམིགས་བསལ་མྱུལ་ཞིབ་ཚོགས་ཆུང་དུ་ཞུགས་ནས་དམག་དོན་གྱི་རིག་པ་སྐྱེན་པོ་ལྡན་པ་མངོན།  ཁོསISISདམག་དཔུང་བཀོད་འདོམས་ཀྱིས་ཨི་རག་གི་སོ་མོར(Sumoer)དང་ཁོར་ཏི(Kurdish)དཔུང་ཆེན་ཕམ་མྱོང་།  གཡུལ་འཐབ་ལ་མཁས་པར་མ་ཟད་གདུག་རྩུབ་ཀྱིས་ཁེངས་ཡོད་ལ།  ཆོས་ལུགས་ཀྱི་བསམ་བློ་ཤིན་ཏུ་དྲགས་པས་སི་རི་ཡའི་འཇིགས་སྐུལ་འཐབ་མོ་བའི་ཁྲོད་ཆེས་ཐལ་སྐྱོད་པ་དེ་ཡིན།
   ༡༩༨༢ ལོའི་ཟླ ༥ པའི་ཚེས ༣ ཉིན་སྐྱེས་པའི་ཧར་ཙེ་ནི་སི་རི་ཡ་དང་ཏུར་ཁེའི་མཐའ་མཚམས“དབྱི་སི་ལན་རྒྱལ་ཁབ”ཀྱི་འགོ་ཁྲིད་དང་རང་ལྕེབས་ཕས་རྒོལ་བའི་གཏེ་བོ་དང་།  ཁོས་ད་རག་བར་དུ་རང་ལྕེབས་ཕས་རྒོལ་བརྒྱ་ལས་བརྒལ་བ་འགོ་འཛིན་བྱས་ལ།  འཛམ་གླིང་ས་གནས་སོ་སོའི་བླ་མེད་འཐབ་རྩོད་པ་རྩ་འཛུགས་བྱེད་མི་ཡིན།
   གསར་ལམ་འདིར་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་བདེ་འཇགས་ཅུ་ནས《རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པ་རྒོལ་བའི ༡༩༨༢ ལོའི་ཁྲིམས་གཞི》ལྟར“བདེན་དོན་གྱི་བྱ་དགའི་རྣམ་གྲངས”ཞེས་པ་བཙུགས་ཏེ།  བྱ་དགའ་སྟེར་བའི་ལམ་ནས་འཇིགས་སྐུལ་པ་གཙོ་ཤོས་འཛིན་བཟུང་བྱེད་བཞིན་པ་དང་།  ཁོ་ཚོས ༢༠༠༥ ལོའི་ཟླ ༡ པའི་ཚེས ༧ ཉིན《འཐབ་འཛིང་ཚགས》སུ་མི ༡༤ ཡི་མིང་བཀོད་པའི་ཁྲོད་དུ་པིན་ལ་ཏིན(Osama Bin Laden)དང་ཙ་ཝ་ཧེ་རུ(Zawahiri)སོགས་བྱུང་ཡོད་ཚུལ་དང་།   ༢༠༡༢ ལོའི་ཟླ ༤ པའི་ཚེས ༢ ཉིན་ཡང་།  ཨ་རིའི་སྐབས་དེའི་སྲིད་བློན་གཞོན་པ་ཧྲེར་མན(Wendy Sherman)གྱིས་རྒྱ་གར་ནས་ཕ་ཀི་སི་ཐན་ཁྲིམས་འགལ་དྲག་ཆས་རྩ་འཛུགས“རྣམ་དག་དཔུང”གི་དབུ་འབྱེད་པ་སེ་ཡི་ཏི(Hafiz Mohamed Said)དང་།  དཔུང་འདིའི་མི་སྣ་གལ་ཆེན་མ་ཀི(Hafiz Abdul Rahman Maki)འཛིན་པར་སོ་སོར་ཨ་སྒོར་བྱེ་བ་གཉིས་དང་འབུམ་ལྔ།  ཨ་སྒོར་བྱེ་བ་གཅིག་གི་བྱ་དགའ་ཡོད་ཚུལ་བསྒྲགས་པའི་སྐོར་བརྗོད་འདུག
   གཞན་ཡང་གསར་ལམ་འདིར་ཨུའི་སྨྱན་ལམ་དུ ༢༠༡༥ ལོའི་ཟླ ༡ པའི་ཚེས ༣༡ ཉིན་ཨ་རིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་དང་མཚོ་དམག་དཔོན་གཞོན་པ་ཁོ་པི(John Kobe)ཡིས“དབྱི་སི་ལན་རྒྱལ་ཁབ”འཇིགས་སྐུལ་རིང་ལུགས་པ་གཏོར་བར་ལོ ༣ ནས ༥ ཡས་མས་དགོས་ཚུལ་བརྗོད་པ་དང་།  ཁོས“དབྱི་སི་ལན་རྒྱལ་ཁབ”འཇིགས་སྐུལ་བ་རྒོལ་བའི་ཐབས་མཆོག་ནི་བསམ་བློ་འདུལ་བ་ཡིན་པ་ལས་དམག་དོན་ལས་འགུལ་ལས་བྱུང་མི་སྲིད་པའི་སྐོར་གླེང་ཡོད་ཚུལ་བཀོད་པ་བརྒྱུད་འགོད་བྱས་ཡོད་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག