ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་གཟེངས་བསྟོད་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

2015-05-21

རྒྱལ་ཡོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་གཟེངས་བསྟོད་ཚོགས་འདུ་ཚེས༡༩ཉིན་པེ་ཅིང་དུ་འཚོགས།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཧྲུའུ་ཅི།ཀྲུང་དབྱང་དམག་ཨུའི་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་མི་ཡོངས་དང་ཚོགས་འདུའི་འཐུས་ཚབ་པར་མཇལ་ཕྲད་གནང་ཞིང་གསུང་བཤད་གལ་ཆེན་གནང་།ཁོང་གིས་ནན་གྱིས་བསྟན་དོན།རྒྱལ་ཡོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དག་གིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་མིག་དཔེར་བཟུང་ནས།ནན་ཏན་སྒོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་པ།ཕྱོགས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དོན་འཁྱོལ་མཐར་ཕྱིན་བྱེད་པ།ཕུགས་འདུན་དང་ཡིད་ཆེས་ཀྱི་བསམ་པ་བརྟན་པོ་བྱེད་པ།ཏང་གི་བྱ་གཞག་ལ་བློ་དཀར་བ།དུས་དང་བསྟུན་ནས་རྒྱལ་ཁབ་བདེ་འཇགས་བྱ་བའི་རྣམ་པ་གསར་བ་གཏོད་པ།“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ་དང་།ཀྲུང་ཧྭ་མི་རིགས་རླབས་ཆེ་བའི་བསྐྱར་དར་བྱེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་དུ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས།

རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་རྟོག་མཁན་ནི་ཡིད་ཆེས་རུང་བའི་བློ་དཀར་སྲུང་དམག་ཡིན།

ཞིས་ཅིན་ཕིང་གིས་བསྟན་དོན།རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།འཕེལ་རྒྱས་ཀྱི་ཕན་ཁེ་ལ་སྲུང་སྐྱོང་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་ཁྱད་པར་ཅན་ཡིན་ཞིང་།སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོང་དང་།སྤྱི་ཚོགས་འཆམ་མཐུན་དང་གཏན་འཇགས་རྒྱུན་འཁྱོངས་བྱེད་པ།མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ནུས་པ་ཆེན་པོ་བཏོན་ཡོད།ལག་ལེན་དངོས་ཀྱིས་ར་སྤྲད་པར།རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་རྟོག་མཁན་ནི་ཏང་དང་མི་དམངས་ཀྱིས་ཡིད་ཆེས་རུང་བའི་བློ་དཀར་སྲུང་དམག་ཡིན་པ་དང་།བློས་གཏོང་ཕོད་པའི་མིང་མེད་དཔའ་པོ་ཡིན་པས་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།

རྒྱལ་ཁབ་བདེ་འཇགས་ཀྱི་བྱ་བར་ཤུགས་སྣོན་པར་མཐོང་ཆེན་བྱེད་དགོས།

ཞིས་ཅིན་ཕིང་གིས་ནན་གྱིས་གསུང་རྒྱུར།མིག་སྔར།རང་རྒྱལ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་།ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པ།ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།ཁྱོན་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་དུས་རིམ་ཞིག་ཏུ་གནས་ཡོད་ཅིང་།འགྱུར་སླ་ཞིང་རྙོག་འཛིང་ཆེ་བའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་མདུན་དུ་ལྷགས་ཡོད།སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་མི་ཐུབ་པའི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བས།རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་སྲུང་སྐྱོང་བྱེད་བའི་འགན་ཁུར་ཧ་ཅང་ཆེ།རྒྱལ་ཁབ་བདེ་འཇགས་བྱ་བར་ཤུགས་སྣོན་པར་མཐོང་ཆེན་བྱེད་དགོས་ཤིང་།བསམ་པ་དང་སྦྱོར་བ་ཏང་གིས་རྒྱལ་ཁབ་བདེ་འཇགས་བྱ་བར་བཏོན་པའི་ཇུས་ཐག་དང་བཀོད་སྒྲིག་ལ་མཐུན་པར་བྱས་ཏེ།རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གནོན་པའི་ཁྲི་འགལ་གྱི་བྱ་འགུལ་ལ་སྔོན་འགོག་དང་།བཀག་འགོག རྡུང་རྡེག་གཏོང་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བྱ་བར་མཐོང་ཆེན་དང་།བསམ་གཞིགས།རྒྱབ་སྐྱོར་བྱས་ཏེ།སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་བདེ་འཇགས་བྱ་བའི་རྣམ་པ་གསར་བ་གཏོད་དགོས།

ཧུར་ཐག་གིས་ཏང་བློས་འཁེལ་བའི་ལས་བྱེད་རུ་དཔུང་འཛུགས་པ།

ཞིས་ཅིན་ཕིང་གིས་བསྟན་པར།ཕུགས་འདུན་དང་ཡིད་ཆེས་བརྟན་པ།ཏང་ལ་བློ་དཀར་བ་ནི་ཏང་དང་མི་དམངས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་བཏོན་པའི་རེ་བ་ཡིན་ཞིང་།ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏུ་སྔར་བཞིན་བློ་བརྟན་འགྱུར་མེད་དང་དེར་ཤུགས་སྣོན་དགོས།མཉམ་མྱོང་ཕྱོགས་བསྡོམས་དང་དོ་དམ་ནན་མོ་བྱས་ཏེ།ཧུར་ཐག་གིས་བློ་དཀར་འགྱུར་མེད་དང་།ཏང་བློས་འཁེལ་བ།བློས་གཏོང་ཕོད་པ།རྒྱལ་ཁ་ལེན་མཁས་པའི་ལས་བྱེད་རུ་ཁག་ཅིག་འཛུགས་དགོས།

འབྲེལ་མཐུད།

༢༠༡༣ལོའི་ཟླ༡༡པར།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཚོགས་གཟུག་པའི་གྲོས་གཞི་བཏོན་ཞིང་།༢༠༡༤ལོའི་ཟླ༡པོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་འཛུགས་རྒྱུ་ཞིབ་འཇུག་བྱས་ཏེ་ཐག་བཅད་གནང་།༢༠༡༤ལོའི་ཟླ༤བའི་ཚེས༡༥ཉིན།ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་།ཞིས་ཅིན་ཕིང་གིས་ནན་གྱིས་བཤད་རྒྱུར།རྒྱལ་ཁབ་བདེ་འཇགས་ཀྱི་གནས་བབ་འགྱུར་ལྡོག་གི་ཁྱད་ཆོས་གསར་བ་དང་ཁ་ཕྱོགས་གསར་བར་ཡང་དག་པའི་སྒོ་ནས་ཤེས་རྟོག་བྱེད་པ་དང་།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བགྲོད་ལམ་བཏོད་དགོས།

ཞིས་ཅིན་ཕིང་གིས་བསྟན་པར།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དོན་འཁྱོལ་མཐར་ཕྱིན་བྱེད་བ་ལ་ངེས་པར་དུ་ཕྱི་ཕྱོགས་ཀྱི་བདེ་འཇགས་དང་ནང་ཁུལ་གྱི་བདེ་འཇགས་གཉིས་ཀར་མཐོང་ཆེན་བྱེད་དགོས་ཏེ།ནང་ཁུལ་དུ།འཕེལ་རྒྱས་དང་བཅོས་བསྒྱུར།གཏན་འཇགས་བརྩོན་ལེན་བྱས་ནས་ཞོད་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཤིང་།ཕྱི་ཕྱོགས་སུ།ཞི་བདེ་དང་།མཉམ་ལས།མཉམ་རྒྱལ་བརྩོན་ལེན་བྱས་ནས་འཆམ་མཐུན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས།རྒྱལ་ཁབ་ཀྱི་ས་ཁོངས་བདེ་འཇགས་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད་རྒྱལ་དམངས་ཀྱི་བདེ་འཇགས་ལའང་མཐོང་ཆེན་བྱེད་དགོས།དམངས་གཞི་རྩ་ཡིན་པ་དང་མི་གཞི་རྩ་ཡིན་པ་རྒྱུན་འཁྱོངས་བྱེད་པ།རྒྱལ་ཁབ་བདེ་འཇགས་ནི་ཡོད་ཚད་མི་དམངས་ཀྱི་ཆེད་དང་།ཡོད་ཚད་མི་དམངས་བརྟེན་པ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་བདེ་འཇགས་ཀྱི་མང་ཚོགས་རྨང་གཞི་ཇེ་བརྟན་ལ་གཏོང་དགོས།སྲོལ་རྒྱུན་གྱི་བདེ་འཇགས་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལའང་མཐོང་ཆེན་བྱེད་དགོས།ཆབ་སྲིད་བདེ་འཇགས་དང་།རྒྱབ་ཀྱི་ས་ཁོངས་བདེ་འཇགས།དམག་དོན་བདེ་འཇགས།དཔལ་འབྱོར་བདེ་འཇགས།རིག་གནས་བདེ་འཇགས།སྤྱི་ཚོགས་བདེ་འཇགས།ཚན་རྩལ་བདེ་འཇགས།བརྡ་འཕྲིན་བདེ་འཇགས།སྐྱེ་ཁམས་བདེ་འཇགས།ཐོན་ཁུངས་བདེ་འཇགས།ཉིང་རྡུལ་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་ཡིན།འཕེལ་རྒྱས་ཀྱི་གནད་དོན་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད་བདེ་འཇགས་ཀྱི་གནད་དོན་ལའང་མཐོང་ཆེན་བྱེད་དགོས་ཏེ།འཕེལ་རྒྱས་ནི་བདེ་འཇགས་ཀྱི་རྨང་གཞི་ཡིན་པ་དང་བདེ་འཇགས་ནི་འཕེལ་རྒྱས་ཀྱི་ཆ་རྐྱེན་ཡིན།རང་གི་བདེ་འཇགས་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད་ཐུན་མོང་གི་བདེ་འཇགས་ལའང་མཐོང་ཆེན་བྱེད་དགོས་ཤིང་།ཕྱོགས་སོ་སོ་ཕན་ཚུན་ལ་ཕན་པ་དང་ཕན་ཚུན་ལ་གཟིགས་སྐྱོང་བྱེད་པའི་ལམ་དུ་སྐྱོད་པར་སྐུལ་མ་བྱས་ཏེ་ཐུན་མོང་བདེ་འཇགས་ཀྱི་དམིགས་འབེན་མངོན་དུ་འགྱུར་བའི་ཆེད་དུ་མཉམ་སྐྱོད་བྱེད་དགོས།

འབྲེལ་ཡོད་རྩོམ་ཡིག